འཇམ་མོ་གྲྭ་ཚང་བདེ་ལེགས་ཆོས་གླིང་།
༄༅། ། འཇམ་མོ་གྲྭ་ཚང་བདེ་ལེགས་ཆོས་གླིང་ནི་ཧོ་ཞིས་ཡུལ་ཚོར་ཡོད། རབ་ཉིའི་ནང་འཇམ་མོ་ངག་དབང་གྲགས་པས་བཏབ། འདི་བ་རབ་དྲག་ས་རྟ་ལོར་འཇམ་མོར་འཁྲུངས། དེའི་སྟབས་ཀྱིས་དགོན་པའི་མཚན་ལའང་ཡོངས་གྲགས་སུ་འཇམ་མོ་གྲྭ་ཚང་ཞེས་འབོད། དེའི་སྤྲུལ་སྐུ་འཇམ་མོ་བཙན་པོ་མར་གྲགས་པ་དཀོན་མཆོག་བསྟན་འཛིན་ཉི་མ་རབ་འདོད་ལྕགས་ཕག་ལ་སྒོ་མེ་རྡོ་རར་འཁྲུངས། རེ་བཞི་པ་ཤིང་སྟག་ལ་གཤེགས། འདི་བའི་རིང་ལ་གདུགས་དཀར་རིའི་འདབས་ནས་དེང་སྐབས་གྲྭ་ཚང་རྙིང་བ་ཟེར་བའི་སར་སྤོས། འདིའི་སྤྲུལ་སྐུ་མཁས་བཙུན་བསྟན་འཛིན་རྒྱ་མཚོ་མེ་འབྲུག་ལོར་རི་ངན་དཔོན་ཚང་དུ་འཁྲུངས། འདི་བའི་རིང་ལ་རྐུན་ཇག་སོགས་ཀྱི་རྐྱེན་ལས་ད་ལྟའི་གནས་འདིར་སྤོས། དགོན་པའི་རྟེན་དང་བརྟེན་པ་གསར་བཞེངས་གྲུབ་ནས་རིང་བོ་མ་ལོན་པ་རབ་ཚེས་མེ་ཡོས་ལོར་ཁ་ཆེའི་ཟིང་འཁྲུགས་ཀྱིས་གཏོར་བཅོམ་ཐེབས། དེ་དུས་འདི་བ་སྐུ་ན་ཕྲ། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་དགོན་པ་ཉམས་གསོའི་ཐད་མཐུན་རྐྱེན་སྦྱར་བའི་ལོ་རྒྱུས་ཡོད། དེ་ནས་ང་བརྒྱད་བར་དུ་ཉམས་ཆག་མ་བྱུང་ངོ་། །
དེའི་སྤྲུལ་སྐུ་བྱ་སྟོད་སྨྲ་ཁམས་ནས་འཁྲུངས། འདི་བ་རྒྱུ་རྐྱེན་འགའ་ཞིག་གིས་འཛིན་བཟུང་ཐེབས་དུས་ཁྲི་ཀའི་ཡུལ་ལྷས་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་ལོ་རྒྱུས་ཡོད། དེའི་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ་སྒོ་མེར་འཁྲུངས་པ་ད་ལྟ་བཞུགས་པ་འདི་ཡིན། སྔོན་གྱི་འདུ་ཁང་གྱན་བདུན་ཅན་ཆོས་ར་རྔ་ཁང་དང་བཅས་པ། ནང་དུ་རྟེན་སྣ་ཕུན་སུམ་ཚོགས་པ། གཞན་ཡང་གནས་ཆུང་ཁང་དང་ཡུལ་ལྷ་ཁང་སོགས་དང་། འཇམ་མོ་སྒར་བ། ཁྲི་རྒན་བླ་བྲང་། དགའ་ལྡན་བླ་བྲང་བཅས་བླ་བྲང་གསུམ། གྲྭ་ཤག་བརྒྱ་དང་བཅུ་ལྷག གྲྭ་པ་བརྒྱ་དང་ཉི་ཤུ་ཙམ་ཡོད། ཆོས་ཐོག་གི་སྐོར་ལ་ཟླ་དང་པོར་སྨོན་ལམ་ཆེན་མོར་ཉིན་བདུན། ཚེས་བཅུ་གསུམ་ཉིན་ཆོས་སྐྱོང་གི་འཆམ། བཅུ་བཞི་ཉིན་གོས་སྐུ་བཤམས་པ། བཅོ་ལྔ་ཉིན་མགོན་པོ་རྡོ་རྗེའི་འཆམ་བཅས་ཡོད། ཟླ་བཞི་བར་འཇིགས་བྱེད་བདག་འཇུག་ཉིན་ལྔ། དྲུག་པའི་བཅོ་ལྔ་ནས་དབྱར་གནས། དགུ་བར་གནས་བཅུ་ཕྱག་མཆོད་ཉིན་ལྔ། བཅུ་བར་ལྔ་མཆོད་ཉིན་ལྔ། ཚེས་ཉེར་དགུ་ཉིན་ཆོས་སྐྱོང་གི་འཆམ་གཏོར་རྒྱག་དང་བཅས་པ། བཅུ་གཉིས་པར་གཏོར་སྒྲུབ་ཉིན་བདུན་བཅས་ཆོ་གའི་ཕྱག་ལེན་ར་རྒྱ་དགོན་དང་མཐུན་པ་ཡོད། དགོན་པར་སྡོང་ར་གསུམ་དང་སིལ་སྡོང་བཅོ་ལྔ་ཙམ། སྡོང་རའི་ནང་དུ་སྡོང་བོ་ཆིག་སྟོང་བཞི་བརྒྱ་ལྷག འཇམ་མོ་སྒར་བར་སྡོང་བོ་བརྒྱད་བརྒྱ་ལྷག་ས་ཞིང་བསྡོམས་པས་མུའུ་བརྒྱ་དང་བདུན་ཅུ་ལྷག་ཡོད་པ་ཚང་མ་ང་བརྒྱད་དང་རིག་གསར་གྱིས་མིང་ཙམ་དུ་བྱསཤིང་། ད་ལྟ་གྲྭ་ཤག་འགའ་དང་གྲྭ་པ་བཅུ་ཕྲག་གཅིག་ལྷག་ལས་མེད། སྔོན་གྱི་སིལ་ར་དང་སྡོང་པོ་འགའ་ཞིག་ཕྱིར་སྤྲད་ཟིན། །
ཧོ་ཞི་ཡུལ་ཚོར་ཡོད་ཅིང་རབ་བྱུང་བཅུ་གཉིས་པའི་ནང་ངག་དབང་གྲགས་པས་བཏབ། འདི་བ་རབ་དྲག་ས་རྟ་ལོར་འཇམ་མོར་འཁྲུངས། དེའི་སྟབས་ཀྱིས་དགོན་པའི་མིང་ལའང་ཡོངས་གྲགས་སུ་འཇམ་མོ་གྲྭ་ཚང་ཞེས་འབོད། དེའི་སྤྲུལ་སྐུ་འཇམ་མོ་བཙན་པོ་མར་གྲགས་པ་དཀོན་མཆོག་བསྟན་འཛིན་ཉི་མ་རབ་འདོད་ལྕགས་ཕག་ལ་དགོ་མེ་རྡོ་རར་སྐུ་འཁྲུངས། རེ་བཞི་པ་ཤིང་སྟག་ལ་སྐུ་གཤེགས། འདི་བའི་རིང་ལ་གདུགས་དཀར་རིའི་འདབས་ནས་དེང་སྐབས་གྲྭ་ཚང་རྙིང་བ་ཟེར་བའི་སར་སྤོས། འདིའི་སྤྲུལ་སྐུ་མཁས་བཙུན་བསྟན་འཛིན་རྒྱ་མཚོ་མེ་འབྲུག་ལོར་རེ་ངན་དཔོན་ཚང་དུ་འཁྲུངས། འདི་བའི་རིང་ལ་རྐུན་ཇག་སོགས་ཀྱི་རྐྱེན་པས་ད་ལྟའི་གནས་འདིར་སྤོས། དགོན་པའི་རྟེན་དང་བརྟེན་པ་གསར་བཞེངས་གྲུབ་ནས་རིང་བོ་མ་ལོན་པ་རབ་ཚེས་མེ་ཡོས་ལོར་ཁ་ཆེའི་ཟིང་འཁྲུགས་ཀྱིས་གཏོར་བཅོམ་ཐེབས། དེ་དུས་འདི་བ་སྐུ་ན་ཕྲ་བས་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་དགོན་པ་ཉམས་གསོའི་ཐད་མཐུན་རྐྱེན་སྦྱར་བའི་ལོ་རྒྱུས་ཡོད། དེའི་རྗེས་ང་བརྒྱད་བར་དུ་གོད་ཆག་མ་བྱུང་། དེའི་སྤྲུལ་སྐུ་བྱ་སྟོད་རྨ་ཁམས་ནས་འཁྲུངས། འདི་བ་རྒྱུ་རྐྱེན་འགའ་ཞིག་གིས་རྒྱ་དམག་གིས་འཛིན་བཟུང་ཐེབས་དུས་ཁྲི་ཀའི་ཡུལ་ལྷས་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་ལོ་རྒྱུས་ཡོད། དེའི་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ་སྒོ་མེར་འཁྲུངས་པ་ད་ལྟ་བཞུགས་པ་འདི་ཡིན། སྔོན་གྱི་འདུ་ཁང་གྱན་བདུན་ཅན་ཆོས་ར་རྔ་ཁང་དང་བཅས་པ། ནང་དུ་རྒྱལ་བ་བྱམས་པའི་གོས་སྐུ་ཆེན་པོ་དང་བཅས་པ། རྟེན་སྣ་ཕུན་སུམ་ཚོགས་པ། གཞན་ཡང་གནས་ཆུང་ཁང་དང་ཡུལ་ལྷ་ཁང་སོགས་དང་། འཇམ་མོ་སྒར་བ། ཁྲི་རྒན་བླ་བྲང་། དགའ་ལྡན་བླ་བྲང་བཅས་བླ་བྲང་གསུམ། གྲྭ་ཤག་བརྒྱ་དང་བཅུ་ལྷག་དང་གྲྭ་པ་བརྒྱ་དང་ཉི་ཤུ་ཙམ་ཡོད། །
དགོན་སྡེ་འདི་ཐོག་མར་ལ་མོ་བདེ་ཆེན་གྱི་དགོན་ལག་ཡིན་མོད། འཇམ་མོ་སྐུ་ཕྲེང་གསུམ་པའི་སྐབས་ནས་ར་རྒྱའི་དགོན་ལག་ཏུ་གཏོགས་པས། དགོན་པའི་ཕྱག་ལེན་གྱི་ཁོངས་གཏུགས་སའང་ར་རྒྱ་དགོན་པ་ཡིན། ཆོས་ཐོག་གི་སྐོར་ལ་ཟླ་དང་པོར་སྨོན་ལམ་ཆེན་མོ་ཉིན་བདུན། ཚེས་བཅུ་གསུམ་ཉིན་ཆོས་སྐྱོང་གི་འཆམ། བཅུ་བཞི་ཉིན་གོས་སྐུ་བཤམས་པ། བཅོ་ལྔར་ལྔ་མཆོད་ཉིན་ལྔ། ཚེས་ཉེར་དགུ་ཉིན་ཆོས་སྐྱོང་གི་འཆམ་གཏོར་རྒྱག་དང་བཅས་པ། བཅུ་གཉིས་པར་གཏོར་སྒྲུབ་ཉིན་བདུན་བཅས་སོ། །
དགོན་པའི་མཆོད་གཞིའི་སྡེ་བ། འཇམ་མོ། ཚེ་ཐང་། ཙང་ཚང་མ། རྒྱ་ཚང་། སྲིང་བཞུགས། ཀེ་རྒྱ། སྐྱང་ཚང་མ། ཚོ་བཞི་སྡེ་བ་བཅས་ཡིན་ལ། དགོན་པར་སྡོང་ར་གསུམ་དང་སིལ་སྡོང་བཅོ་ལྔ་ཙམ། སྡོང་རའི་ནང་དུ་སྡོང་བོ་སྟོང་གཅིག་བཞི་བརྒྱ་ལྷག འཇམ་མོ་སྒར་བར་སྡོང་བོ་བརྒྱད་བརྒྱ་ལྷག ས་ཞིང་བསྡོམས་པས་མུའུ་བརྒྱ་དང་བདུན་ཅུ་ལྷག་ཡོད་པ་ཚང་མ་ང་བརྒྱད་དང་རིག་གསར་གྱི་ནང་རྩ་བརླག་ཐེབས། །
དྲ་བའི་སྦྲེལ་ཐགhttp://www.tb1025.cn