༧ བྱ་ཁྱུང་དགེ་བཤེས་ཚང་གི་སྐུ་ཕྲེང་རིམ་བྱོན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-12-10 10:00:26     རྩོམ་པ་པོ།   བྱ་ཁྱུང་བསྟན་འཛིན་རྒྱ་མཚོ།    ཀློག་ཐེངས།  

སྐུ་ཕྲེང་དང་བོ།  བྱ་བྲལ་ལྷ་རམས་པ་གསེར་ཁང་དགེ་བཤེས་སྨོན་ལམ་བཟང་བོ།   ཨ་རིག

སྐུ་ཕྲེང་གཉིས་པ།  གསེར་ཁང་དགེ་བཤེས་དགེ་འདུན་བསྟན་པ་དར་རྒྱས། 1888-1921 དོར་ཤུལ།

སྐུ་ཕྲེང་གསུམ་པ།  བློ་བཟང་བྱང་ཆུབ་བསྟན་པའི་འབྱུང་གནས། 1923-1951བྱ་ཁྱུང་གི་ལྷ་སྡེ་གཅན་ཚ་སེང་གེ་ར།

སྐུ་ཕྲེང་བཞི་བ།  བློ་བཟང་ལུང་རྟོགས་དམ་ཆོས་རྒྱ་མཚོ།  1952-2023.2.1 བྱ་ཁྱུང་གི་ཉེ་འགྲམ་མཚམས་རིང་ལ་ཁ། 

རྗེ་འདི་བའི་སྐུ་ཕྲེང་རིམ་བྱོན་ལས་ཞྭ་དམར་པཎྚི་ཏ་དང་སྐུ་འབུམ་ཆེ་ཤོས་ཚང་།  བྱ་ཁྱུང་པེ་སི་ཚང་།  བདེ་ཡངས་མཆོག་སྤྲུལ་སོགས་དམ་པ་མང་བོའི་རིགས་ཀྱི་ཅོད་པན་དུ་བཞུགས་པ་དང་།  བྱ་ཁྱུང་དང་སྐུ་འབུམ།  རྭ་རྒྱ་དགོན་པ་སོགས་སུ་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས།  ཁྱད་པར་དུ་སྐུ་རབས་ཕྱི་མ་ནི་ལུང་ཆོས་མན་ངག་གི་གཏེར་མཛོད་དུ་གྱུར་ཅིང་སྡེ་བརྒྱད་བྲན་དུ་འཁོལ་བའི་གྲུབ་པའི་རྟགས་མཚན་ཆེས་ཆེར་མང་།  མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་བར་གྲགས་པ་ཆེ་ཞིང་མདོ་སྨད་ཕྱོགས་སུ་མཛད་འཕྲིན་བསྐྱངས་སོ། །

བྱ་ཁྱུང་བསྟན་འཛིན་རྒྱ་མཚོས་བསྒྲིགས།


འདིར་དགེ་ལུགས་པའི་སྤྲུལ་སྐུ་དག་གི་སྐུ་ཕྲེང་རིམ་བྱོན་གྱི་མཚོན་ཐོ་འགོད་བཞིན་ཡོད་པས་མཚན་ཐོ་སྐུར་མཁན་དག་གིསསྤྲུལ་སྐུའི་སྐུ་ཕྲེང་ཆོག་མཆན་ཡི་གེ་དང་བསྟུན་དགོས་ཤིང་།  ད་ལྟའི་སྤྲུལ་སྐུ་ཆོག་མཆན་ཡོད་པ་དག་གི་མཚན་ལས་མི་འགོད་པ་ཐུགས་ལ་བསྣན་པར་ཞུ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།