ཁྲི་ཆེན་བྱ་ཁྱུང་ངག་དབང་སྙན་གྲགས་ཀྱི་སྐུ་ཕྲེང་རིམ་བྱོན།
1.ཁྲི་ཆེན་ངག་དབང་སྙན་གྲགས།1746-1824 བྱ་ཁྱུང་གི་ལྷ་སྡེ་མཚམས་རིང་བར་ཤར།
2.ངག་དབང་བསྟན་འཛིན་མཆོག་གྲུབ།1826-1886 མཚམས་རིང་བར་ཤར།
3.དགེ་འདུན་ངག་དབང་རྒྱ་མཚོ། 1887-1974མཚམས་རིང་བར་ཤར།
4.བློ་བཟང་སྙན་གྲགས་རྒྱ་མཚོ། 1975- ཚེ་རུག་ཀྱོའུ་རྒྱ་ཡར་ནང་།
རྗེ་འདི་བ་ནི་དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་བླ་མ་ཡིན་ཞིང་གཟིམས་ཁང་ཚང་ཞེས་ཀྱང་ཞུ། སྐུ་ཕྲེང་དང་བོ་དགའ་ལྡན་གསེར་ཁྲི་དང་། རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀའི་ཡོངས་འཛིན་མཛད། པཎ་ཆེན་བསྟན་པའི་ཉི་མ་དང་ཧལ་ཧ་རྗེ་བཙུན་དམ་པ། ཀུན་མཁྱེན་འཇིགས་མེད་རྒྱ་མཚོ་སོགས་སློབ་མ་མང་། སྐུ་ཕྲེང་གཉིས་པ་མངའ་རིས་མཐོ་ལྡིང་གི་མཁན་པོ་དང་། གཞན་དག་གིས་མདོ་སྨད་དུ་བསྟན་དོན་རྒྱ་ཆེར་བསྐྱངས་སོ། །
བྱ་ཁྱུང་བསྟན་འཛིན་རྒྱ་མཚོས་བསྒྲིགས།
འདིར་དགེ་ལུགས་པའི་སྤྲུལ་སྐུ་དག་གི་སྐུ་ཕྲེང་རིམ་བྱོན་གྱི་མཚོན་ཐོ་འགོད་བཞིན་ཡོད་པས་མཚན་ཐོ་སྐུར་མཁན་དག་གིསསྤྲུལ་སྐུའི་སྐུ་ཕྲེང་ཆོག་མཆན་ཡི་གེ་དང་བསྟུན་དགོས་ཤིང་། ཉོག་དྲ་ཡོད་པའི་རིགས་མི་བསྐུར་བར་ཞུ། ད་ལྟའི་སྤྲུལ་སྐུ་ཆོག་མཆན་ཡོད་པ་དག་གི་མཚན་ལས་མི་འགོད་པ་ཐུགས་ལ་བསྣན་པར་ཞུ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn