བྱ་ཁྱུང་དོར་ཤུལ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-12-10 09:58:38     རྩོམ་པ་པོ།   བྱ་ཁྱུང་བསྟན་འཛིན་རྒྱ་མཚོ།    ཀློག་ཐེངས།  

སྐུ་ཕྲེང་དང་བོ།  བྱ་ཁྱུང་དོར་ཤུལ་མཁན་ཆེན་ངག་དབང་སྦྱིན་པ།  དགུང་ལོ་བརྒྱད་ཅུ་ལྷག།  དོར་ཤུལ་མ་རྒྱ། 

སྐུ་ཕྲེང་གཉིས་པ།  རྗེ་ངག་དབང་དམ་ཆོས་རྒྱ་མཚོ།  1891-1963  དོར་ཤུལ་མ་རྒྱ།

སྐུ་ཕྲེང་གསུམ་པ།  དོར་ཤུལ་བློ་བཟང་བསྟན་པའི་ཉི་མ།  1968- དོར་ཤུལ་མ་རྒྱ།

རྗེ་འདི་བའི་སྐུ་ཕྲེང་རིམ་བྱོན་ལས་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་མཁན་ཁྲིར་བཞུགས་པ་དང་།  སློབ་མ་མཁས་ཆེན་མང་དུ་བསྐྱངས་པ་སོགས་བསྟན་པ་ལ་མཛད་རྗེས་ཆེ།  ད་ལྟའི་མཆོག་སྤྲུལ་འདི་བས་ཀྱང་བྱ་ཁྱུང་དང་འཕགས་ཡུལ་དགའ་ལྡན་བྱང་རྩེ་གཉིས་སུ་གསན་བསམ་མཛད་དེ་རང་དགོན་གྱི་བསྟན་འགྲོའི་མགོན་དཔུང་ཉག་གཅིག་ཏུ་བཞུགས་བཞིན་པ་ལགས་སོ། །

བྱ་ཁྱུང་བསྟན་འཛིན་རྒྱ་མཚོས་བསྒྲིགས།

འདིར་དགེ་ལུགས་པའི་སྤྲུལ་སྐུ་དག་གི་སྐུ་ཕྲེང་རིམ་བྱོན་གྱི་མཚོན་ཐོ་འགོད་བཞིན་ཡོད་པས་མཚན་ཐོ་སྐུར་མཁན་དག་གིསསྤྲུལ་སྐུའི་སྐུ་ཕྲེང་ཆོག་མཆན་ཡི་གེ་དང་བསྟུན་དགོས་ཤིང་།  ཉོག་དྲ་ཡོད་པའི་རིགས་མི་བསྐུར་བར་ཞུ།  ད་ལྟའི་སྤྲུལ་སྐུ་ཆོག་མཆན་ཡོད་པ་དག་གི་མཚན་ལས་མི་འགོད་པ་ཐུགས་ལ་བསྣན་པར་ཞུ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།