སྐུ་འབུམ་མགོན་ཀྱཱ་ཚང་གི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།
སྐུ་འབུམ་མགོན་ཀྱཱ་ཚང་གི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།
1. སྒོ་མེ་གྲགས་པ་རྒྱ་མཚོ། འཁྲུངས་འདས་མི་གསལ། རྨ་ཆུའི་འགྲམ་གྱི་ཧོར་ཀྱཱ་སྡེ་བ།
2. གྲགས་པ་རྒྱལ་མཚན། 1730-1777 ཧོར་ཀྱཱ་སྡེ་བ།
3. ཆོས་བསྟན་འཛིན་རྒྱ་མཚོ། 1778-1837 ཆུ་བཟང་གི་ཉེ་འདབས་ལུང་ཡོན།
4. བློ་བཟང་ཚུལ་ཁྲིམས་བསམ་གཏན། 1839-1876.11.25 སྒོ་མེ་དཀར་རྫིང་ངམ་སྒར་དམར་སྡེ་བ།
5. བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 1878-?སྒོ་མེ་ཚོ་བཞིའི་ནང་ཚན་ཨར་སྐོང་སྡེ་བ།
6. བློ་བཟང་བཤད་སྒྲུབ་ཕུན་ཚོགས་རྒྱ་མཚོ། 1942-2013.3.20 སྒོ་མེ་གཡི་རྩ།
མགོན་ཀྱཱ་ཚང་ནི་སྒོ་མེ་མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་དགོན་བདག་ཡིན། སྐུ་ཕྲེང་རིམ་བྱོན་གྱིས་མཆོད་རྟེན་སྐེའི་མཁན་ཁྲི། སྐུ་འབུམ་ཁྲི་ཆེན་དང་རྒྱུད་པའི་ཁྲི་བསྐྱངས་པའི་ལོ་རྒྱུས་ནི་གདན་རབས་དང་རྣམ་ཐར་ཁག་ཏུ་གསལ་བས་དེར་གཟིགས་པར་ཞུའོ། །
ལྡེ་ཚ་རྣམ་རྒྱལ་ཚེ་རིང་།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn