ཨ་གསལ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-14 13:35:18         ཀློག་ཐེངས།  

སྐུ་ཕྲེང་དང་བོ་སྲད་རྒྱུད་མཁན་པོ་ཨ་གསལ་བཟང་བོ་བཀྲ་ཤིས། འཁྲུངས་འདས་མི་གསལ། ཀླུ་ཆུའི་མ་ངེ་ཨ་གསལ།

སྐུ་ཕྲེང་གཉིས་པ་ཨ་གསལ་དཔོན་སློབ་བློ་བཟང་རྒྱལ་མཚན། འཁྲུངས་འདས་མི་གསལ། ཤིས་ཚང་མ་ངེ་།

སྐུ་ཕྲེང་གསུམ་པ་ཨ་གསལ་བློ་བཟང་། འཁྲུངས་འདས་མི་གསལ། ཀླུ་ཆུའི་ཤིས་ཚང་།

སྐུ་ཕྲེང་བཞི་བ་ཨ་གསལ་སྒ་བུ་ཞབས་དྲུང་བྱམས་པ་རྒྱ་མཚོ། འཁྲུངས་འདས་མི་གསལ། རྒན་གྱ།

སྐུ་ཕྲེང་ལྔ་་བ་བློ་བཟང་ལུང་རྟོགས་རྒྱ་མཚོ། འཁྲུངས་འདས་མི་གསལ། རྨ་ལྷོ་སོག་རྫོང་ཨུ་ངྷི་སུ། ཤིས་ཚང་དགོན་ པའི་གདན་རབས་ཉེར་གཉིས་པ།

སྐུ་ཕྲེང་དྲུག་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། 1932-1954མདའ་ཚན་ཨ་བན་སི།

སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་རྒྱ་མཚོ། 1983-ད་ལྟ་བཞུགས་ཡོད། ཁོ་ཚེ་ལྷ་སྡེ་གཙང་བ་རི་སྐོར།

གཙང་གི་སྲད་རྒྱུད་དགོན་པའི་སྲད་རྒྱུད་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་སྐུ་གཤེགས་རྗེས།  སྐུ་ཕྲེང་དང་བོ་འདི་ཉིད་ཀྱིས་སྲད་རྒྱུད་ཀྱི་ཁྲི་བསྐྱངས་ཏེ་སྲད་རྒྱུད་མཁན་པོའི་མཚན་ཐོབ་བླངས།  ད་རུང་ཀུན་མཁྱེན་མཆོག་གི་བཀའ་བཞིན་དུ་ཡུལ་ཕྱོགས་སུ་རྒྱུད་ཁང་ཞིག་བཞེངས།     (བློ་བཟང་ཚུལ་ཁྲིམས། )

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།