ཞབས་དཀར་སྒྲུབ་ཕུག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:40:42         ཀློག་ཐེངས།  

 

ཞབས་དཀར་སྒྲུབ་ཕུག་ནི་ཐར་ཤུལ་ཡུལ་ཚོའི་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ15ཙམ་གྱི་ཆུ་བཟང་ལུང་བར་ཡོད་ཅིང་། སྔོན་ཆད་གནས་དེ་རུ་ཞབས་དཀར་ཚོགས་དྲུག་རང་གྲོལ་བཞུགས་ཏེ་སྒྲུབ་པ་མཛད་མྱོང་།

རྗེས་སུ་རྣལ་འབྱོར་བ་མང་བོ་གནས་འདིར་ཕེབས་ཏེ་སྒྲུབ་པ་མཛད་ཅིང་ད་ལྟ་སྔོན་གྱི་མཚམས་ཁང་གི་ཤུལ་དུ་མཚམས་ཁང་ཞིག་བསྐྱར་བཞེངས་བྱས་ཡོད།

ཞབས་དཀར་བའི་རྣམ་ཐར་ལས། ང་ཆུ་བཟང་དགོན་པའི་བྲག་ཕུག་ཅིག་ནས་མཚམས་བྱས་ནས་བསྡད། དེའི་དགུན་ཟླ་གཉིས་པའི་ནང་ལ་གྲུབ་པའི་དབང་ཕྱུག་པད་མ་རང་གྲོལ་རིན་པོ་ཆེ་ཞིང་གཤེགས་སོང་བས། ཐོ་ནོ་ཅི་ལ་སོང་ནས་གདུང་མཆོད་བཏང་། ཕྱིར་ཆུ་བཟང་དུ་འོངས་ནས་མཚམས་བྱས་ནས་བསྡད། [1]ཞེས་གསུངས་པ་དེ་ཡིན་པར་ངེས། ཚོགས་དྲུག་ཞབས་དཀར་རང་གྲོལ་གྱིས་འདིར་ཆོས་གསུངས་ཏེ་སྦྲ་ནག་ཁག་གསུམ་གྱི་ཇག་ཁྲིམས་བསྡམས་པར་ཁོང་གི་རྣམ་ཐར་ལས་བཤད།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn          



[1] ཞབས་དཀར་ཚོགས་དྲུག་རང་གྲོལ། ཞབས་དཀར་བའི་རྣམ་ཐར། སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤ179

བརྒྱུད་འགོད།