ཆུ་བཟང་མཚམས་ཁང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:39:30     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

ཆུ་བཟང་ཞང་ནི་ལྷོ་ཕྱོགས་ཀྱི་ཆུ་བཟང་ལུང་བའི་ནང་དུ་ཡོད་ཅིང་། སྔོན་ཆད་གནས་དེ་རུ་ཞབས་དཀར་ཚོགས་དྲུག་རང་གྲོལ་བཞུགས་མྱོང་། ཞབས་དཀར་བ་གནས་འདིར་འགྲོ་དོན་མང་བོ་བསྐྱངས་མྱོང་སྟེ། ཁོང་ལ་རྐང་ཚའི་བོ་ཙུག་ཨ་ལགས་དགེ་འདུན་ཤེས་རབ་ཀྱིས་སྦྲ་ནག་ཁག་གསུམ་གྱི་དམུ་རྒོད་མཐའ་དག་གདུལ་ཨེ་ཐུབ་དགོངས་ནས་ཆོས་གསུངས་སུ་བཅུག ཁོང་གིས་ཐང་ཞིག་ནས་ཁྲི་ཆེན་པོ་ཞིག་བརྩིགས་ནས་བཞག ཕྱོགས་ཕྱོགས་ལ་བརྡ་བརྒྱབ་སྟེ། ཁོང་ཟླ་བ་གཅིག་ལས་མི་བཞུགས་པར་དབུས་སུ་ཕེབས་རྒྱུ་རེད། དེ་ཚུན་ལ་མཇལ་མཁན་ཐམས་ཅད་སླེབས་པར་གྱིས་དང་། ཁོང་གིས་སྙིང་རྗེ་ཆེན་པོའི་སྒོ་ནས་ཆོས་འཁོར་བསྐོར་རྒྱུ་ཡིན་ཞེས་ཡང་ཡང་བསྒྲགས་པས། དེ་དུས་སྦྲ་ནག་ཁག་གསུམ་དང་ཞབས་དྲུང་གི་རུ་སྡེ་རྣམས་དར་ཡོད་པའི་དུས་ཡིན་པས། .....ཉིན་རེ་བཞིན་མཇལ་མཁན་བརྒྱ་སྟོང་མང་བོ་འོངས་ནས། ཆུ་བཟང་གི་ལུང་བ་ཐམས་ཅད་སྦིས་དཀར་དང་ཐབ་རྡོས་གང་བ་བྱུང་། [1]”“དེ་ནས་སྦྲ་ནག་ཁག་གསུམ་དང་ཞབས་དྲུང་ཚང་གི་སོག་པོ། ཡུལ་ཕྱོགས་གཞན་ཁྲི་ཀ་དང་། རེབ་ཀོང་མང་ནང་ཚོ་བ་ལྔ་སོགས་ཕྱོགས་ཕྱོགས་ནས་མཇལ་མཁན་མང་བོ་ཕེབས་ཏེ་ཁྲོམ་ཆེན་པོ་འཚོགས་པའི་དུས། ཐང་ནས་ཁྲི་བརྒྱབ་ཡོད་པའི་ཁར་སོང་ནས.....རྒྱུ་འབྲས་ཀྱི་ཆོས་ཞིབ་ལ་རྒྱས་པ་སྐད་ཆ་བྱས་ནས་བཤད།[2] སྦྲ་ནག་ཁག་གསུམ་སོགས་ཀྱི་བློ་ཁ་ཆོས་ལ་གྱུར་ནས་སྡིག་རྒྱུན་དང་ཇག་རྐུས་བཅད། དགེ་བ་སྒྲུབ་མཁན་མང་བོ་བྱུང་ཞིང་། རྗེས་སུ་ཁོང་དེ་ནས་སྐུ་མཚམས་ལ་བཞུགས།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn          



[1] ཞབས་དཀར་ཚོགས་དྲུག་རང་གྲོལ། ཞབས་དཀར་བའི་རྣམ་ཐར། སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤ415

[2] ཞབས་དཀར་ཚོགས་དྲུག་རང་གྲོལ། ཞབས་དཀར་བའི་རྣམ་ཐར། སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤ416

བརྒྱུད་འགོད།