སོག་པོ་སྟག་ཁྲིད།
སྤེལ་དུས། 2015-12-07 00:12:49
ཀློག་ཐེངས།
སོག་པོ་སྟག་ཁྲིད་ནི་རིགས་གསུམ་མགོན་པོའི་མཚོན་བྱེད་དེ། སོག་པོས་སྤྱན་རས་གཟིགས་དང༌། སྟག་གིས་འཇམ་དབྱངས། ལྕགས་ཐག་གིས་ཕྱག་རྡོར་མཚོན་ལ། རི་མི་འདི་སྒོ་ཁའི་རྩིག་ལྡེབས་སུ་བྲིས་ནས་ཁ་ཡི་ཕྱོགས་སུ་གཏད་ན། གདོན་བགེགས་བར་ཆད་དང་བཀྲ་མི་ཤེས་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཅིང་ནང་དུ་བཀྲ་ཤིས་བདེ་ལེགས་འབྱུང་བ་ཡིན་ནོ། །
བརྒྱུད་འགོད།