རྡོ་རྗེ་རྒྱ་གྲམ་གྱི་མཚོན་དོན།

    སྤེལ་དུས།  2015-12-07 00:02:01         ཀློག་ཐེངས།  

རི་མོ། 7.jpg

        རྡོ་རྗེ་རྒྱ་གྲམ་ནི་འཕྲིན་ལས་བཞི་ལྷུན་གྱིས་འགྲུབ་པའི་མཚོན་རྟགས་ཏེ། དེ་ཡང་སྟེང་མ་དམར་པོ་དང་འོག་མ་དཀར་པོ། གཡས་སེར་པོ།གཡོན་ལྗང་ཁུ་བཅས་ཁ་དོག་སོ་སོའི་མཚོན་དོན་ནི། ཁ་དོག་དཀར་པོས་ཞི་བའི་ལས་མཚོན་ཏེ། ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པའི་གདོན་རྣམས་ལས་ཐར་བ་དང་དུས་མིན་འཆི་བ་དང་ནད་དང་སྡུག་བསྔལ།ཤེས་སྒྲིབ་དང་ཉོན་གྱི་སྒྲིབ་པ་ཐམས་ཅད་ཞི་བར་བྱེད་དོ། །ཁ་དོག་སེར་པོ་ཡིས་རྒྱས་པའི་ལས་མཚོན་པ་སྟེ། ཆོས་སྲིད་ཀྱི་ལས་ཐམས་ཅད་དང་མཁྱེན་བརྩེ་ནུས་གསུམ་ལ་སོགས་པའི་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་ཞིང་རྒྱས་པར་བྱེད་དོ། །ཁ་དོག་དམར་པོ་ནི་དབང་གི་ལས་མཚོན་བྱེད་དེ། ཟས་ནོར་ལོངས་སྤྱོད་དང་དྲེགས་ལྡན་གྱི་མི་དང་མི་མ་ཡིན་པ། མཐའ་བཞིའི་དྲེགས་ལྡན་གྱི་རྒྱལ་ཁབ་ཐམས་ཅད་རང་དབང་མེད་པར་མོས་པ་རྣམ་བཞིས་དབང་དུ་འདུ་བར་བྱེད་པ་མཚོན་ནོ། །ཁ་དོག་ལྗང་ཁུ་ཡིས་དྲག་པོའི་ལས་མཚོན་པ་སྟེ། གཟུགས་དང་གཟུགས་མེད་ཀྱི་དགྲ་བགེགས་དང་དམ་སྲི། ལྷ་སྲུང་ལ་སོགས་པའི་གནོད་འཚེ་ལས་གྲོལ་ཞིང། རྒྱལ་བསྟན་དང་འགྲོ་བའི་བདེ་སྐྱིད་ལ་གནོད་ཅིང་འཚེ་བ། ཆོས་སྒྲུབ་པར་བར་དུ་གཅོད་པའི་མ་རུངས་གདུག་ཅན་གྱི་བསམ་སྦྱོར་ངན་པ་དྲག་པོའི་ལས་ཀྱིས་ཚར་གཅོད་པ་མཚོན། ལྟེ་བ་སྔོན་པོ་ནི་ལསཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་པའི་མཚོན་བྱེད་བཅས་སོ།།

 

བརྒྱུད་འགོད།