ཏུང་ཧོང་ནས་ཐོན་པའི་འཕགས་པ་ཐོགས་མེད་ཀྱི་རྣམ་ཐར།

    སྤེལ་དུས།  2025-10-10 07:26:02         ཀློག་ཐེངས།  
1.༇ ། །ཕུང་པོ་ལྔ་པའི་རབ་དུ་(ཏུ)བྱེད་པའིདི་(པ་འདི)མཛད་པའི་སློབས་(སློབ)དཔོན་ནི། རྒྱ་གར་སྐད་དུ། ཨ་རྱ་ཨ་སང་འགའ་(ཨརྱ་ཨ་སངྒ)དང་། བ་སུ་བན་དུ་ཤེས་བྱ། སློབ་དཔོན་དེ་ཡང་སྐུ་ཡན་ཏན་(ཡོན་ཏན)ནི། སྔོན་ཐེག་པ་ཆེན་པོ་མངོན་བའི་(པའི)མདོ་སྡེ་ནུབ། མུ་སྟགས་(སྟེགས)ཀྱི་བསྟན་པ་དར་ནས་མངོན་བའི་(པའི)མདོ་མྱེས་(མེས)བཏང་། ཆུ་བསྐུར། །

2.སློབ་དཔོན་སྐུ་བགྲོངས་པ་དང་། བོ་མོ་(བུ་མོ)ཞིག་གིས་སྨོཔ་ལམ་བཏབ་པ། ནམ་ཞིག་བདག་ལ་བུ་ཞིག་ཡོད་ན། མངོན་བའི་(པའི)མདོ་འབྱིན་ནུས་ནར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། དེ་ལ་བུ་གཉིས་ཡོད་པར་གྱུར་རོ་(ཏོ)། བུ་དེ་གཉིས་བློ་རྣོ་བར་བྱ་བའི་ཆེད་དུ། ཟས་དཀར་གསུམ་ནི་བྱིན། ཉིན་སྲིབས་
3.ཀྱི་མཚམས་ནི་བཞག་པ་དང་། བུ་དེ་གཉིས་ཆེར་སྐྱེས་སོ།། །།གཅེན་ཐོག་མྱེད་(ཐོགས་མེད)ནི། འཕགས་པ་བྱམས་པའི་དངོས་གྲུབ་འཚོལ་དུ་གཤེགས་སོ། གཅུང་དབྱིགས་རྙེན་(དབྱིག་གཉེན)ནི། རྒྱ་གར་གི་(གྱི)ཡུལ་བྱ་རྐང་རི་ལ་རྒོད་སྨྲ་བ་ཅན་དུ་ཉན་ཐོས་བྱ་བྲག་པའི་གཞུང་སློབ་དུ་(ཏུ)གཤགས་(གཤེགས)སོ། གཅེན་ཐོགས་མྱེད་(མེད)
4.ཀྱིས་ལོ་གསུམ་གྱི་བར་དུ་དགོན་པར་དངོས་གྲུབ་བཙལ་བ་ལས་མ་ཉེད་(རྙེད)ནས་སླར་གཤགས་(གཤེགས)པ་དང་། ལམ་ཀ་ན་མྱི་(མི)ཞིག་བྱེ་རི་ཞིག་གི་རྩ་ལ་ལྕགས་ཀྱི་ཕ་བོང་ཞིག་འདྲིལ་བ་གཟིགས་པ་དང་། མྱེ་(མི)དེ་ལ་ཁྱོད་འདི་ལ་ཅི་བྱེད་ཅེས་དྲིས་པ་དང་། བདག་ཁབ་ཅིག་བྱེད་དོ་ཞེས་སྨྲས་སོ། །
5.སློབས་(སློབ)དཔོན་གྱིས་དགོས་པ་(དགོངས་པ)མྱི་(མི)འདི་ཁབ་བྱེད་པ་པ་ལ་ཡང་ལྕགས་ཀྱི་ཕ་བོང་འདྲིལ་ན། བག་ཅག(་)འཕགས་པ་བྱམས་པའི་དངོས་གྲུབ་ཚོལ་བ་ཡུན་ཐུངས་སོ། སྙམ་དགོངས་ནས་སླར་གཤགས་(གཤེགས)པ་དང་། ལམ་ག་(ཀ)ན་འཁྱི་འབུ་ཅན་ཞིག་གཟིགས་པ་དང་། དེ་ལ་ཐུགས་རྗེ་སྐྱེས་ཏེ།
6.བདག་གི་ཤ་བཅད་ལ་འབུ་ཟར་བཞུག་(གཞུག)། ཁྱི་དང་འབུ་དབེའ་(དབྱེ)བར་དགོས་(དགོངས)པ་དང་། ཤ་བཅད་པའི་གྲི་མ་རྙེད་ནས། རྒྱང་གྲགས་གཅིག་ཙམ་ནས། མགར་བ་ཞིག་ལས་སག་པར་། གཏམ་མར་(གཏའ་མར)བཞག་ནས། གྲི་གཡར་ནས། རང་གི་ཤ་བཅད་དེ། ཁྱིའི་འབུ་བསལ་བ་དང་། འཕགས་པ་
7.བྱམས་པ་ཡང་དེར་གཤེགས་པར་གྱུར་རོ་(ཏོ)། དེ་ནས་འཕགས་པ་བྱམས་ལ་སློབས་(སློབ)དཔོན་གྱིས་ཐེག་པ་ཆེན་པོ་མངོན་བའི་(པའི)མདོ་སྡེ་མ་ལུས་པར་གསན་ནས། དགོངས་པ་ལ་ཀུན་གསལ་བར་འགྱུར་རོ་(གྱུར་ཏོ)། དེ་ནས་འཕགས་པ་བྱམས་པ་དགའ་ལྡན་
8.གི་(གྱི)གནས་སོ་(སུ)གཤགས་(གཤེགས)། སློབས་(སློབ)དཔོན་ཡང་སླར་གནས་སོ་(སུ)གཤེགས་ནས། སླབ་(སློབ)མ་གཉིས་ཤིག་གཅུང་དབྱིག་ཉེན་(གཉེན)གི་(གྱི)གན་དུ་བཏང་ནས། གཅིག་ལ་ནི་རྒྱུའི་ཆོས་བློ་གྲོས་མྱི་(མི)ཟད་པ་བསྐུར་ནས། སྲོད་ལ་ཐོན་ཅིང་། གཅིག་ལ་ནི་ཆོས་འབུས་བུ་(འབྲས་བུ)ཆོས་ས་བཅུ་
9.འྀ་(པའི)མདོ་བསྐུར་ནས། ཐོ་རས་འ་(ཐོ་རངས་ལ)ཐོན་དུ་སྩལ་པ་དང་། གཅུང་གབྱིག་ཉེན་(གཉེན)ཡང་ཉན་ཐོས་བྱེ་བྲག་པའི་གཞུང་ལས་ལོག་ནས། ཐེག་པ་ཆེན་པོ་མངོན་བ་(པ)ལ་ཡིད་ཆེས་པར་གྱུར་ཏོ། ཉན་ཐོས་ཀྱི་གཞུང་སློབ་ཙམ་ན་ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་པའི་
10.ལྗགས་ཀྱི་སྒྲིབ་པ་བྱང་བའི་དོན་དུ་པྲ་ཀ་ར་སྡེ་བརྒྱད་བརྩམས་སོ།། །།རྣམ་རི་ག་པ་པ་ཙམ་ལས་མ་གཏོགས་པ་ཡུལ་ལོག་ཤིག་ན་མྱེད་(མེད)པར་སྟོན། གཞུང་ངམ་བཀའ་ལས་ཕུང་པོ་ལྔ་། མཁམས་⑧㉖(ཁམས)བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་ཤེས་འབྱུང་སྟེ། ཀུན་གཞི་
11.རྣམ་པར་ཤེས་པ་གཅིག་པོ་ཀུན་གཞི་ཕྱིའི་ཡུལ་དུ་སྣང་བས། ཡུལ་དྲུག་ཀྱང་དེར་འདུས། ནང་གི་སེམས་སུ་སྣང་བས་དབང་པོ་དྲུག་ཀྱང་དེར་འདུས། ཡུལ་ལ་རིག་ཅིང་རྟོགས་པས་རྣམ་པར་ཤེས་པ་དྲུག་ཀྱང་དེར་འདུས། ཁམས་བཅོ་བརྒྱད་དུ་བསྟན་པའི་ཕྱིར་སྟི་
12.ར་མ་ཏི་མཛད་དོ། གཞུང་ངམ་བཀའ་ལས་ཕྱི་ནང་གི་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་ཡིན་ན། བདག་མྱེད་(མེད)པ་རྣམ་པ་གཉིས། ཆོས་བདག་ལ་མྱེད་(མེད)པར་རྟོགས་པས། ནི་ཤེས་བྱའི་སྒྲིབ་པ་བྱང་། གང་ཟག་ལ་བདག་མྱེད་(མེད)པར་རྟོགས་པས་ནི་ཉོན་
13.མོངས་འྀ་(པའི)བསྒྲིབ་(སྒྲིབ)པ་བྱང་། དེ་དང་མྱི་(མི)འགལ་བར་སུམ་བཅུ་པར་མཛད་དོ། གཞུང་ངམ་བཀའ་ལས་ཕས་ཀྱི་རྒོལ་བ་བདུད་དང་། མུ་སྟགས་(སྟེགས)དགེ་སྦྱོང་དང་བྲམ་བཟེ་(བྲམ་ཟེ)རྣམས་གིས་(ཀྱིས)མྱི་(མི)ཚུགས་པར་བྱའི་ཕྱིར། ཉུ་ཤུ་(ཉི་ཤུ)པ་མཛད་དོ། གཞུང་ངམ་བཀའ་ལས་མཚན་ཉིད་གསུམ། ཀུན་བརྟགས་དང་། གཞན་
14.དབང་དང་། ཡོངས་སུ་གྲུབ་པ་རྣམ་པར་རིག་པ་ཙམ་དུ་མྱྀ་(མི)འགལ་བར་དབུས་མཐའ་རྣམ་པར་འབྱེད་པ་མཛད་དོ། གཞུང་ངམ་བཀའ་ལས། ལས་རྣམ་གསུམ་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་གི་(ཀྱི)ལས་དང་། དེ་དང་མྱི་མངལ་(མི་འགལ)བར་མདོ་སྡེ་ལས་གྲུབ་པ་བརྩམ་སོ་(བརྩམས་སོ)། གཞུང་ངམ་བཀའ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་འཁོར་བ་ལུགས་སུ་འབྱུང་བ་དང་།
15.ལུགས་ནས་ལྡོག་པའྀ་(པའི)རང་བཞྀན་(རང་བཞིན)དང་མྱི་(མི)འགལ་བར་རྟེན་འབྲེལ་ཆེན་པོ་མཛད་དོ། སོ་སོ་སྐྱེ་བོ་ལ་ས་དགུ། ཉན་ཐོས་ལ་ས་བརྒྱད། རང་སངས་རྒྱས་ལ་ས་གཉིས། བྱང་ཆུབ་སེམས་དཔའ་ལ་ས་བཅུ། སངས་རྒྱས་ལ་ས་གསུམ་དེ་དང་མྱི་(མི)འགལ་བར་བྱང་ཅུབ་(ཆུབ)སེམསདཔའྀ་(དཔའི)ས་མང་པོ་མཛད་དོ། གཞུང་ངམ་བཀའ་ལས་བྱང་ཅུབ་(ཆུབ)སེམས་དཔའྀ་(དཔའི)སྤྱོད་པ་
16.རླབས་པོ་ཆེ་དང་ཕ་རོལ་དུ་ཕྱྀན་(ཕྱིན)པ་སྟོབས་དང་མྱི་(མི)འཇིགས་པ་དང་། གཟུངས་དང་ཏྀང་(ཏིང)ངེ་འཛིན་མཚན་དང་དཔེ་བྱད་དེ་དང་མྱི་(མི)འགལ་བར་མདོ་སྡེ་རྒྱན་བརྩམས་སྷོ(སོ)།། །།

夏吾拉旦东 ▎交流与共生:敦煌藏文写本I.0.32《无著世亲传略》考释བཤུས།

བརྒྱུད་འགོད།