བཀའ་གདམས་གསུང་གི་དཀར་ཆག
བཀའ་གདམས་གསུང་གི་དཀར་ཆག
བཀའ་དང་མདོ་རྒྱུད་གསུང་རབ་མ་ལུས་པ། །
བཀའ་ལུང་ཅི་བཞིན་གྲུ་བཞི་ལམ་འཁྱེར་བའི། །
བཀའ་གདམས་བཤེས་གཉེན་རྣམས་ལ་གུས་བཏུད་ནས། །
བཀའ་གདམས་གསུང་གི་དཀར་ཆག་འབྲི་བར་བྱ། །
པོད། ༼༡༽
ལོ་ཆེན་རིན་བཟང་གི་བདེ་མཆོག་ལཱུ་ཨི་པའི་བསྟོད་པ། ༢ ལོ་ཆེན་རིན་བཟང་གི་རབ་གནས། ༢ ལོ་ཆེན་གྱི་མངོན་པར་རྟོགས་པའི་དཀའ་གནད། ༡༣ ལོ་ཆེན་གྱི་ཆོ་ག་བྱ་ཚུལ། ༡ ལོ་ཆེན་གྱི་བདེ་བ་ཅན་གྱི་སྨོན་ལམ། ༣ རྔོག་བློ་ལྡན་ཤེས་རབ་ཀྱི་དག་ཡིག་ཉེར་མཁོ་བསྡུས་པ། ༩ རྔོག་ལོའི་ཤེར་སྙིང་འགྲེལ་བ། ༤ རྔོག་ལོའི་མངོན་རྟོགས་རྒྱན་གྱི་འགྲེལ་བ་རིན་ཆེན་སྒྲོན་མེ། ༣༩ རྔོག་ལོའི་མདོ་སྡེ་རྒྱན་གྱི་བསྡུས་དོན། ༢༤ རྔོག་ལོའི་དབུས་མཐའི་བསྡུས་དོན། ༡༣ རྔོག་ལོའི་རྒྱུད་བླ་མའི་འགྲེལ་བ།༤༠ རྔོག་ལོའི་ཚད་མ་རྣམ་ངེས་ཀྱི་བསྡུས་དོན། ༢༡ རྔོག་ལོའི་ཚད་མ་རྣམ་ངེས་ཀྱི་འགྲེལ་བ། ༡༤༤ རྔོག་ལོའི་སྤྲིངས་ཡིག་བདུད་རྩིའི་ཐིག་པ། ༢ བསྡོམས།༣༥༤
པོད། ༼༢༽
འབྲེ་ཤེས་རབ་འབར་གྱི་བརྒྱད་སྟོང་དོན་བསྡུས།༢༢ ཨར་བྱང་ཆུབ་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་རྒྱ་ཆེར་འགྲེལ་བ། ༦ ཨར་བྱང་ཆུབ་ཡེ་ཤེས་ཀྱི་མངོན་རྟོགས་རྒྱན་གྱི་རྣམ་པར་འགྲེལ་བ།༡༧༦ བསྡོམས། ༢༢༠
པོད༼༣༽
ཨར་བྱང་ཆུབ་ཡེ་ཤེས་ཀྱི་མདོ་སྡུད་པའི་འགྲེལ་བ་ཆ་གཉིས། ༦༣ /71 གྲོ་ལུང་བ་བློ་གྲོས་འབྱུང་གནས་ཀྱི་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར།༢༥ གྲོ་ལུང་བའི་མདོ་སྡུད་པའི་འགྲེལ་བ། ༡༡༨ དབུ་ཅན། གྲོ་ལུང་བའི་བརྒྱད་སྟོང་འགྲེལ་ཆེན་གྱི་བཤད་པ།༨༦ དབུ་ཅན། བསྡོམས། ༣༧༨
པོད། ༼༤༽
གྲོ་ལུང་པའི་བསྟན་རིམ་ཆེན་མོ། སྟོད་ཆ། ༣༥༡ དབུ་ཅན།
བསྡོམས། ༣༦༧
པོད། ༼༥༽
གྲོ་ལུང་པའི་བསྟན་རིམ་ཆེན་མོ། སྨད་ཆ། ༡༢༠ དབུ་ཅན། གྲོ་ལུང་བའི་བསྟན་རིམ་ཆེན་མོའི་དོན་བསྡུ་འམ་ལམ་རིམ། ༤༠ དབུ་ཅན། གྲོ་ལུང་པའི་ཉི་ཁྲིའི་རྣམ་བཤད། ༡༣༤ བསྡོམས། ༢༩༩
པོད། ༼༦༽
རྒྱ་དམར་བ་བྱང་ཆུབ་གྲགས་ཀྱི་སྤྱོད་འཇུག་གི་འགྲེལ་བ་ཚིག་དོན་གསལ་བ། ༨༣ ཕྱྭ་བ་ཆོས་ཀྱི་སེང་གེའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བ། ༣༧ ཕྱྭ་བའི་དབུ་མ་སྣང་བའི་འགྲེལ་བ། ༨༢ ཕྱྭ་བའི་དབུ་མ་རྒྱན་གྱི་འགྲེལ་བ། ༤༧ བསྡོམས། ༢༦༣
པོད། ༼༧༽
ཕྱྭ་བའི་དབུ་མའི་དེ་ཁོ་ན་ཉིད་བསྡུས་པ། ༥༧ ཕྱྭ་བའི་སྤྱོད་འཇུག་བསྡུས་དོན། ༧ ཆ་མི་ཚང་། ཕྱྭ་བའི་རྒྱུད་བླ་མའི་བསྡུས་དོན། ༦ ཡང་ཆ་མི་ཚང་། ཕྱྭ་བའི་རྒྱུད་བླ་མའི་བསྟན་བཅོས་རྒྱ་ཆེར་བསྙད་པ་ཕྲ་བའི་དོན་གསལ་བ། ༩༣ ཕྱྭ་བའི་མདོ་སྡེ་རྒྱན་གྱི་ལེགས་བཤད་ཡང་རྒྱན་ཉི་འོད་གསལ་བ། ༡༢༡ ཕྱྭ་བའི་མདོ་སྡེ་རྒྱན་གྱི་ལུས་རྣམ་བཞག ༡༦ བསྡོམས། ༣༡༡
པོད། ༼༨༽
ཕྱྭ་བའི་ཚད་མ་རྣམ་ངེས་ཀྱི་བསྡུས་དོན། ༡༣ ཕྱྭ་བའི་ཚད་མ་རྣམ་ངེས་ཀྱི་འགྲེལ་བཤད། ༡༩༧ ཕྱྭ་བའི་ཚད་བསྡུས་ཡིད་ཀྱི་མུན་སེལ།༩༦ བསྡོམས།༣༡༢
པོད། ༼༩༽
ཕྱྭ་བའི་བདེ་བར་གཤེགས་པ་དང་ཕྱི་རོལ་བའི་གཞུང་རྣམ་པར་འབྱེད་པ། ༣༣ ཕྱྭ་བའི་སོ་སོར་ཐར་བའི་མདོའི་འགྲེལ་བ། ༧༩ ཕྱྭ་བའི་འདུལ་བ་འོད་ལྡན་གྱི་ཊཱིཀྐ་ཚིག་དོན་རབ་གསལ། ༡༤༠ ཕྱྭ་བའི་དགེ་ཚུལ་རྣམས་ཀྱི་བསླབ་པའི་རིམ་པ་སྟོན་པའི་རྣམ་བཤད། ༣༣ བསྡོམས། ༣༢༩
པོད། ༼༡༠༽
ཁུ་ཤེས་རབ་བརྩོན་འགྲུས་ཀྱི་མངོན་རྟོགས་རྒྱན་གྱི་འགྲེལ་བའི་དོན་གསལ་བར་བཤད་པ། ༡༦༡ འཇད་པ་གཞོན་ནུ་བྱང་ཆུབ་ཀྱི་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་བའི་རྒྱན་འགྲེལ། ༡༥༨ བསྡོམས། ༣༢༩
པོད། ༼༡༡༽
པ་ཚབ་ལོ་ཙཱ་བའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ། ༨༨ པ་ཚབ་ཀྱི་བཞི་བརྒྱ་བའི་བསྡུས་དོན། ༥ བྱ་འཆད་ཁ་བའི་གྲུབ་མཐའ་ཆེན་མོ། ༡༤ འཆད་ཁ་བའི་གསུང་སྒྲོས་ཐོར་བུ། ༩ འཆད་ཁ་བའི་བློ་སྦྱོང་དོན་བདུན་མའི་རྩ་བ། ༡ དབུ་ཅན། འཆད་ཁ་བའི་གླང་ཐང་བློ་སྦྱོང་ཚིག་རྐང་བརྒྱད་མའི་འགྲེལ་བ། ༡༣ འཆད་ཁ་བའི་རོམ་པོའི་བཤད་པའི་གདམས་ངག ༣ དགེ་སློང་སྤར་ཕུ་བ་བློ་གྲོས་སེང་གེའི་བློ་གྲོས་དྲི་མ་མེད་པའི་སྣང་བ། ༣༩ དགེ་སློང་བློ་གྲོས་སེང་གེའི་དོ་ཧ་མཛོད་ཀྱི་དཀའ་གནད་གསལ་བྱེད་ཟླ་བའི་འོད་ཟེར། ༣༨ དགེ་སློང་བློ་གྲོས་སེང་གེའི་རྒྱལ་བོའི་དོ་ཧའི་འགྲེལ་བཤད་ཟླ་བའི་འོད་ཟེར། ༡༧ དགེ་སློང་བློ་གྲོས་སེང་གེའི་བཙུན་མོའི་དོ་ཧ་ཚིགས་བཅད་བརྒྱད་ཅུ་བའི་བསྡུས་དོན། ༣ དགེ་སློང་བློ་གྲོས་སེང་གེའི་བཙུན་མོའི་དོ་ཧའི་འགྲེལ་བཤད་སྙིང་པོ་རྣམ་པར་ངེས་པ། ༢༥ དགེ་སློང་བློ་གྲོས་སེང་གེའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རབ་ཏུ་བྱེད་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བལྟ་བའི་མེ་ལོང་། ༢༦ བློ་གྲོས་སེང་གེའི་འབྲེལ་འཇུག་བཞུགས་པའི་དབུ་ཕྱོགས། ༤ བསྡོམས། ༣༠༢
པོད། ༼༡༢༽
གཉལ་ཞིག་པ་འཇམ་དཔལ་རྡོ་རྗེའི་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཐེག་པ་ཆེན་པོ་ལ་འཇུག་པ།༢༤༤ བསྡོམས།༢༥༠
པོད། ༼༡༣༽
གཙང་ནག་པ་བརྩོན་འགྲུས་སེང་གེའི་ཚད་མ་རྣམ་ངེས་ཀྱི་འགྲེལ་བ། ༢༡༠ གཙང་ནག་པ་བརྩོན་འགྲུས་སེང་གེའི་མདོ་སྡུད་པའི་བསྡུས་དོན། ༨ གཙང་ནག་པ་བརྩོན་འགྲུས་སེང་གེའི་བསྟན་པ་ལ་བྱི་དོར། ༥ གཙང་ནག་པའི་སྤྱོད་འཇུག་གི་འགྲེལ་བ་ལེགས་བཤད་བསྡུས་པ། ༤༧ གཙང་ནག་པའི་སྡོམ་པ་ཉི་ཤུ་བའི་འགྲེལ་བ། ༧ གཙང་ནག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྤྱི་དོན། ༡༣ གཙང་ནག་པའི་སྐྱབས་འགྲོའི་སྤྱི་དོན། ༡༡ གཙང་ནག་པའི་བྱང་སའི་དཀའ་འགྲེལ། ༤༨ རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱི་དབུ་མ་རིགས་ཚོགས་ཀྱི་རྒྱན་དེ་ཁོ་ན་ཉིད་སྣང་བའི་རྩ་བ། ༢ རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱི་དབུ་མ་རིགས་ཚོགས་ཀྱི་རྒྱན་གྱི་དེ་ཁོ་ན་ཉིད་སྣང་བ། ༣༤ བསྡོམས། ༤༠༧
པོད། ༼༡༤༽
འཇམ་གསར་བ་ཤེས་རབ་འོད་ཀྱི་སྤྲིང་ཡིག་བཻཌཱུརྱའི་ཕྲེང་བ། ༤དབུ་ཅན། འཇམ་གསར་བ་ཤེས་རབ་འོད་ཀྱི་མངོན་རྟོགས་རྒྱན་གྱི་འགྲེལ་བ་འཐད་པའི་འོད་འབར། ༡༨༥ བསོད་ནམས་སེང་གེའི་དབུ་མ་རྩ་བའི་རྣམ་བཤད་སྲོག་གི་འཁོར་ལོ། ༩༩ བསྡོམས། ༢༩༩
པོད། ༼༡༥༽
སྒྲོས་རྙིང་པ་འོད་ཟེར་མགོན་པོའི་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་འབྱེད་པའི་འགྲེལ་བ། ༡༤༨ གསང་ཕུ་བློ་གྲོས་མཚུངས་མེད་ཀྱི་སྤྱོད་འཇུག་གི་རྣམ་བཤད་རིན་ཆེན་སྣང་བ། ༡༥༥ དབུ་ཅན་བྲིས་མ། གསང་ཕུ་བ་མཚུངས་མེད་བློ་གྲོས་ཀྱི་བསྔོ་བ་ཡོན་བཤད་ཀྱི་སྟོང་ཐུན།༢ བསྡོམས། ༣༢༥
པོད། ༼༡༦༽
གསང་ཕུ་བློ་གྲོས་མཚུངས་མེད་ཀྱི་ཐེག་པ་རིན་པོ་ཆེའི་གསལ་བྱེད་རྒྱན་གྱི་སྣང་བ། ༣༠༣ བསྡོམས། ༣༠༩
པོད།༼༡༧༽
གསང་ཕུ་བློ་གྲོས་མཚུངས་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ།༣༤༡ བསྡོམས། ༣༤༣
པོད། ༼༡༨༽
གསང་ཕུ་བ་འཇམ་དབྱངས་རིན་ཆེན་གྲགས་པའི་མདོ་སྡེ་རྒྱན་གྱི་འགྲེལ་བ་ལེགས་བཤད་བསྟན་པའི་ཉི་མ།༡༦༠ གསང་ཕུ་བ་འཇམ་དབྱངས་རིན་ཆེན་གྲགས་པའི་ཐེག་བསྡུས་ཀྱི་རྣམ་བཤད། ༨༢ བསྡོམས། ༢༥༢
པོད། ༼༡༩༽
འཆུས་པ་དར་མ་བརྩོན་འགྲུས་ཀྱི་ཉི་ཁྲི་མངོན་རྟོགས་རྒྱན་དང་སྦྱར་བའི་ཊཱིཀྐ། ༡༠༨ མཛད་མཁན་མི་གསལ་བའི་དབུ་ལ་འཇུག་པའི་བསྡུས་དོན།༦ མཛད་མཁན་མི་གསལ་བའི་བདེན་གཉིས་ཀྱི་རྣམ་བཤད་ཊཱི་ཀྐ་དང་བཅས་པ། ༤༥ མཛད་མཁན་མི་གསལ་བའི་དབུ་མའི་མན་ངག ༩ པུ་ཏོ་བ་ཡབ་སྲས་ཀྱི་ལུགས། ཞེས་བྲིས་འདུག མཛད་མཁན་མི་གསལ་བའི་དབུ་མ་བདེན་གཉིས་ཀྱི་འབུམ ༡༨ མཛད་མཁན་མི་གསལ་བའི་དབུ་མའི་མན་ངག་གི་འབུམ། ༡༦ བདེན་ཆུང་གི་འབུམ་ཡང་ཟེར། དབུ་མ་བ་ཤེས་རབ་འབུམ་གྱི་དབུ་མ་རྩ་བའི་འགྲེལ་བ་འཐད་པ་རྣམ་ངེས། ༥༨ དབུ་ཅན་བྲིས་མ། དབུ་མ་བ་ཤེས་རབ་འབུམ་གྱི་དབུ་མ་ཚིག་གསལ་གྱི་བཤད་པ་ངེས་དོན་རྣམ་གཟིགས། ༣༢ ཤེས་རབ་འབུམ་གྱི་འདུལ་བའི་བསྡོམས་ཚིག ༨ ཤེས་རབ་འབུམ་གྱི་གནས་ལུགས་ངོ་སྤྲོད། ༢༢ ཤེས་རབ་འབུམ་གྱི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣལ་འབྱོར་བཅུ་གཉིས་པ། ༡༦ བསྡོམས། ༣༤༩
པོད། ༼༢༠༽
རིན་ཆེན་ཡེ་ཤེས་ཀྱི་རྒྱུད་བླ་མའི་འགྲེལ་བ་ངེས་པའི་དོན་གྱི་སྣང་བ། ༢༡༢ དགེ་འདུན་འོད་ཟེར་གྱི་རྒྱུད་བླ་མའི་འགྲེལ་བ་དོན་དམ་རྣམ་ངེས་བསྡུས་པའི་སྙིང་པོ། ༥༧ བསྡོམས། ༢༨༣
པོད། ༼༢༡༽
གསང་ཕུ་བ་གཞོན་ནུ་རིན་ཆེན་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་བ་བཅུད་ཀྱི་ཐིག་ལེ། ༡༤༩ དབུ་ཅན། གསང་ཕུ་བ་གཞོན་ནུ་རིན་ཆེན་གྱི་བསླབ་པ་ཀུན་ལས་བཏུས་པའི་ཊཱིཀྐ། ༩༡ རྣལ་འབྱོར་བ་ཤེས་རབ་རྡོ་རྗེའི་ཇོ་བོའི་བདེན་གཉིས་ཀྱི་རྣམ་པར་བཤད་པ། ༥༥ བསྡོམས། ༣༡༧
པོད། ༼༢༢༽
མཛད་མཁན་མི་གསལ་བའི་དབུ་མ་ཆེན་པོའི་མན་ངག ༡༢ མཛད་མཁན་མི་གསལ་བའི་དབུ་མ་ལ་བརྟེན་པའི་ཞལ་གདམས་ཟླ་ཟེར་སྙིང་པོ། ༥ ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱི་མདོ་སྡུད་པའི་བཤད་སྦྱར། ༤༠ ཤཱཀྱའི་དགེ་སློང་བསོད་ནམས་རྒྱལ་མཚན་གྱི་མདོ་སྡེ་རྒྱན་གྱི་དཀའ་གནད་བཤད་པ། ༩༧ ཤཱཀྱའི་དགེ་སློང་ཆོས་གྲགས་ཀྱི་ཡུམ་བརྒྱད་སྟོང་པའི་རྣམ་པར་བཤད་པ། ༡༠༢ བསྡོམས། ༢༦༥
པོད།༼༢༣༽
ཤེས་རབ་མཐའ་ཅན་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་བ། ༡༨༨
མཛད་མཁན་མི་གསལ་བའི་མདོ་སྡུད་པའི་བསྡུས་དོན། ༣༩ སྟོད་ལུང་རྒྱ་དམར་བའི་སློབ་མ་ཡིན་ནམ་སྙམ་པའི་ཞང་འབལ་ཚ་བ་ཞེས་པ་ཞིག་གི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བའི་བརྗེད་བྱང་ཞལ་རྒྱུན་གྱི་གདམས་ པ། ༧༡ བསྡོམས། ༣༢༩
པོད།༼༢༤༽
མཛད་མཁན་མི་གསལ་བའི་དྲི་མེད་འོད་ཅེས་བྱ་བ་བདེན་གཉིས་ཀྱི་རྣམ་བཤད་རྒྱས་པ་རྗེ་ལུང་བའི་གསུང་བཞིན་སྦྱར་བ། ཤོག་གྲངས།༢༦༧ བསྡོམས། ༢༣༠
པོད། ༼༢༥༽
བྱང་ཆུབ་སྐྱབས་ཀྱི་བསླབ་བཏུས་ཀྱི་ས་བཅད། ༢༡ བྱང་ཆུབ་སྐྱབས་ཀྱི་བསླབ་པ་ཀུན་ལས་བཏུས་ཀྱི་རྣམ་བཤད། ༢༠༢ མདོ་སྡེ་རྒྱན་རྩ་བའི་ལེའུ་ཉི་ཤུ་རྩ་གཅིག་པ་ལེ་ཕྲན་བརྒྱད་ཅུ་གྱ་བརྒྱད་རྣམ་པར་བཤད་པ། ༩༨ འདི་པོ་དོང་གི་གསུང་ཡིན་མིན་བརྟག་དགོས་ཞེས་བྲིས་འདུག བསྡོམས། ༣༣༣
པོད། ༼༢༦༽
དགེ་སློང་ཤེས་རབ་གྲགས་ཀྱི་མངོན་རྟོགས་རྒྱན་གྱི་འགྲེལ་བ་འཐད་ལྡན་གསལ་བྱེད་རིན་པོ་ཆེའི་སྣང་བ།༡༩༨ མཛད་མཁན་མི་གསལ་བའི་མདོ་སྡུད་པའི་དོན་རྣམ་པར་འབྱེད་པ། ༥༠ མཛད་མཁན་མི་གསལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཊཱིཀྐ། ༡༤ བསྡོམས། ༢༦༩
པོད། ༼༢༧༽
མཛད་མཁན་མི་གསལ་བའི་ཤེར་ཕྱིན་རྣམ་བཤད་ལམ་གྱི་རིམ་པ། ༩༠ མཛད་མཁན་མི་གསལ་བའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་རབ་གསལ་སྣང་བ། ༢༡༧ བསྡོམས།
༣༢༢
པོད། ༼༢༨༽
མཛད་མཁན་མི་གསལ་བའི་མངོན་རྟོགས་རྒྱན་གྱི་རྣམ་བཤད་ལེགས་བཤད་རིན་པོ་ཆེའི་སྣང་བ། ༡༩༩ དབང་ཕྱུག་རིན་ཆེན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒྲུང་འགྲེལ། ༣༩
དགེ་སློང་ཤག་རིང་གི་དབུ་མ་རྩ་བའི་ཊཱིཀ་རྣམ་བཤད་སྙིང་པོ། ༥༧ བསྡོམས། ༣༡༦
པོད། ༼༢༩༽
སེ་སྤྱིལ་ཕུ་བ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་སྡེ་རྒྱན་གྱི་དོན་མདོར་བསྡུས་དཀྲོལ་བ། ༦༡ བཙུན་པ་དབུ་མ་བའི་དབུ་མའི་ཉམས་ལེན་བསྒོམས་པའི་ལྡེ་མིག ༢༠ རཏྣ་ཀིརྟིའི་མཐའ་བྲལ་དབུ་མའི་རྣམ་བཞག་གསལ་བྱེད་སྒྲོན་མེ། ༢༢ བསོད་སྙོམས་པ་རིན་ཆེན་རྒྱལ་མཚན་གྱི་མངོན་རྟོགས་རྒྱན་གྱི་ལུས་མཛེས་པར་བྱེད་པ། ༤༨ བསོད་སྙོམས་པ་རིན་ཆེན་རྒྱལ་མཚན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗེད་བྱང་བླ་མའི་ཞལ་རྒྱུན། ༧༩ གསང་མདའ་ཆོས་ཀྱི་རྒྱལ་གྱི་ཕྱག་རྒྱ་ཆེན་མོ་ལ་འཁྲུལ་བ་སེལ་བའི་བསྟན་བཅོས་དགོངས་དོན་གསལ་བ། ༧ བསྡོམས། ༢༥༡
པོད། ༼༣༠༽
བྱ་འདུལ་བརྩོན་འགྲུས་འབར་གྱི་འདུལ་ཊཱིཀ་འཐད་ལྡན། ༢༠༩
བསྡོམས། ༢༣༧
པོད། ༼༣༡༽
རྒྱ་དམར་བ་བྱང་ཆུབ་གྲགས་ཀྱི་དབུ་མའི་དེ་ཁོ་ན་ཉིད་གཏན་དབབ་པ ༣༡ བྱ་འདུལ་བརྩོན་འགྲུས་འབར་གྱི་འདུལ་བ་འོད་ལྡན་གྱི་ཊཱི་ཀྐ། ༥༢ གཉལ་པ་དར་མ་འོད་ཟེར་གྱི་འདུལ་བ་མདོ་རྩ་བའི་འགྲེལ་བ། ༡༢༥ རྩིས་འདུལ་འཛིན་གཞོན་ནུ་སེང་གེའི་ལས་བརྒྱ་རྩ་གཅིག་གི་བསྡུས་དོན། ༡༨ བསྡོམས། ༢༩༥
པོད། ༼༣༢༽
དགེ་སློང་རིན་ཆེན་སྐྱབས་ཀྱི་འདུལ་བ་མདོ་རྩ་བའི་འགྲེལ་བ་ལུང་ཀུན་ལས་བཏུས་པ། གཞི་སྟོད། ༡༩༤ བསྡོམས། ༡༩༨
པོད། ༼༣༣༽
དགེ་སློང་རིན་ཆེན་སྐྱབས་ཀྱི་འདུལ་བ་མདོ་རྩ་བའི་འགྲེལ་བ་ལུང་ཀུན་ལས་བཏུས་པ། གཞི་སྨད། ༡༩༤ བསྡོམས། ༡༩༧
པོད། ༼༣༤༽
འདར་ཚུལ་ཁྲིམས་རྒྱལ་བོའི་སོ་སོར་ཐར་བའི་རྣམ་བཤད། ༡༨
འདར་ཚུལ་ཁྲིམས་རྒྱལ་བོའི་སུམ་རྒྱ་བའི་ཊཱིཀྐ། ༢༣ ཐག་མ་བ་རྡོ་རྗེ་གཞོན་ནུའི་འདུལ་བའི་བསྡུས་དོན་ནོར་བུའི་ཕྲེང་བ། ༡༤ ཤཱཀྱའི་དགེ་སློང་ཆོས་ཀྱི་དབང་ཕྱུག་གི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད། ༢༩ ཤཱཀྱའི་དགེ་སློང་ཆོས་ཀྱི་དབང་ཕྱུག་གི་རྩ་བའི་ལུང་སོ་སོར་ཐར་བའི་ཊཱིཀྐ་ལེགས་པར་བཀོད་པ། ༩༡ མཛད་མཁན་མི་གསལ་བའི་འདུལ་བའི་བསླབ་བྱ་སྤྱིར་བསྟན་རྣམ་བཤད། ༣༩ བསྡོམས། ༢༢༨
པོད།༼༣༥༽
གྲོ་སྟོན་བདུད་རྩི་གྲགས་ཀྱི་དགེ་བའི་བཤེས་གཉེན་གྱི་ཞལ་གདམས་ལམ་མཆོག་རིན་པོ་ཆེ། ༡༠ གྲོ་སྟོན་བདུད་རྩི་གྲགས་ཀྱི་སྤྱོད་འཇུག་གི་འགྲེལ་བ། ༧༤ གྲོ་སྟོན་བདུད་རྩི་གྲགས་ཀྱི་འདུལ་བ་སོ་སོར་ཐར་བའི་རྣམ་བཤད་ཡིད་སྦྱིན་ནོར་བུའི་ཐེམ་སྐས། ༡༢༣ ཤཱཀྱའི་དགེ་སློང་བརྩོན་འགྲུས་གྲགས་ཀྱི་དགེ་སློང་གི་རྣམ་པར་འབྱེད་པའི་ཊཱིཀ་ཤེས་རབ་སྒྲོན་མ་ཞེས་བྱ་བའི་སྒྲ་བཤད་སྐབས་ཀྱི་མཆན་དོན། ༢ འདུལ་བ་སྤྱིར་བསྟན་པའི་ཊཱིཀྐ་ཤེས་རབ་སྒྲོན་མ། ༤༡ བསྡོམས། ༢༥༩
པོད། ༼༣༦༽
སྦལ་ཏི་ཆེན་པོ་བརྩོན་འགྲུས་དབང་ཕྱུག་གི་འདུལ་བའི་འགྲེལ་བ་འོད་ལྡན་གྱི་ཚིག་དོན་གསལ་བར་བྱེད་པ་མི་འདྲ་བ་གཉིས། ༦༥/65. བྱང་ཆུབ་སེང་གེའི་ལྟུང་བ་སྡེ་ལྔའི་ཀུན་ཏུ་སྤྱོད་པ་རིན་པོ་ཆེའི་སྒྲོན་མ། ༣༠ བྱང་ཆུབ་སེང་གེའི་བསླབ་པ་རིན་པོ་ཆེའི་ཕྲེང་བ་གོ་རིམ་དུ་བསྡེབས་པ། ༥༨ བྱང་ཆུབ་སེང་གེའི་དགེ་སློང་གི་ཀུན་ཏུ་སྤྱོད་པ། ༣༠ བསྡོམས། ༢༩༠
པོད། ༼༣༧༽
དགེ་སློང་བློ་གྲོས་རྒྱལ་མཚན་གྱི་འདུལ་བ་མདོའི་རྣམ་བཤད་ཉི་མའི་རྒྱན། ༢༢༥ བསྡོམས། ༢༢༩
པོད། ༼༣༨༽
མཛད་མཁན་མི་གསལ་བའི་སོར་མདོའི་འགྲེལ་བ་བདུད་རྩིའི་ཡང་སྙིང་ཚིག་དོན་གསལ་བྱེད་ཀྱི་ཊཱིཀྐ། ༧༣ མཛད་མཁན་མི་གསལ་བའི་འདུལ་འགྲེལ་འོད་ལྡན་གྱི་བསྡུས་དོན། ༧ བསམ་གཏན་བཟང་པོའི་འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་ཊཱིཀྐ་ལེགས་བཤད་རྒྱ་མཚོ། ༡༠༢ ཤེས་རབ་རྒྱ་མཚོའི་བསླབ་བྱའི་གནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་ཁྱད་པར་གསུམ་ལྡན། ༥༣ བསྡོམས ༢༤༤
པོད། ༼༣༩༽
གསང་ཕུ་གླིང་སྟོད་ཀྱི་གདན་རབས་སོ་གཉིས་པ་དཔལ་ལྡན་སེང་གེའི་འདུལ་བ་ལུང་ལས་བཏུས་པ། ༣༠ མཛད་མཁན་མི་གསལ་བའི་སོར་མདོའི་འགྲེལ་བ་མཇུག་མ་ཚང་བ།༡༠༠ རབ་བྱུང་གི་ཆོ་ག ༡༢ ལས་ཆོག་བརྡ་སྤྲོད་གདམས་ངག་གི་བཤད་པ་བཀླགས་པས་དོན་འགྲུབ།༥༠ འདུལ་བ་ལུང་བཏུས་ཀྱི་བཤད་སྦྱར།༥༠
འདི་གསུམ་ལའང་མཛད་མཁན་མི་གསལ། བསྡོམས། ༢༤༨
པོད། ༼༤༠༽
གཞོན་ནུ་བྱང་ཆུབ་ཀྱི་ཆོས་མངོན་པ་ཀུན་ལས་བཏུས་པའི་ཊཱི་ཀྐ་ཤེས་བྱ་ཐམས་ཅད་གསལ་བར་བྱེད་པའི་སྒྲོན་མེ། ༢༦༣ བསྡོམས། ༢༦༧
པོད། ༼༤༡༽
གཉལ་ཞིག་པའི་བུ་སློབ་བཟད་པ་རིང་མོའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་གསལ་བའི་རྒྱན། ༡༨༠ མཛད་མཁན་མི་གསལ་བའི་ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་རྣམ་བཤད་སྙིང་པོ་ལེགས་བཤད་ཀྱི་འོད་ཟེར། ༡༡༣ བསྡོམས། ༣༠༠
པོད། ༼༤༢༽
འགར་ངྷརྨ་སྨོན་ལམ་གྱི་ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་ཤེས་བྱ་གསལ་བྱེད། ༢༧༣
པོད། ༼༤༣༽
ཐར་ལོ་ཉི་མ་རྒྱལ་མཚན་གྱི་ཆོས་མངོན་པ་ཀུན་ལས་བཏུས་པའི་
དེ་ཁོ་ན་ཉིད་འབྱུང་བ། ༢༧༤ བསྡོམས། ༢༧༨
པོད། ༼༤༤༽
ཤཱཀྱའི་བཙུན་པ་བསོད་ནམས་ཡེ་ཤེས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྦྱོར་ཊཱིཀ ༣༨ མཛད་མཁན་མི་གསལ་བའི་ཆོས་མངོན་པ་གསལ་བའི་རྒྱན། ༥༨ བདེ་བ་ཅན་གྱི་མཁན་པོ་གཉག་གྲགས་ཚུལ་ཡིན་སྙམ་པ་ཞིག་གི་ཚད་མའི་སྤྱི་སྐད་བསྡུས་པ། ༨ དཔེ་འདི་སྣ་ཐུང་ཡིན། མཛད་མཁན་མི་གསལ་བའི་རིག་པའི་སྙིང་པོ་དེ་ཁོ་ན་ཉིད་བསྡུས་པ་གསལ་བྱེད་ཉི་མའི་འོད། ༡༦
མཛད་མཁན་མི་གསལ་བའི་ཚད་མ་རྣམ་ངེས་ ཀྱི་ཊཱིཀྐ་བློ་གསལ་མགུལ་རྒྱན། ༡༠༡ བསྡོམས། ༢༣༠
པོད། ༼༤༥༽
གསང་ཕུ་ཆུ་མིག་པ་སེང་གེ་དཔལ་གྱི་ཚད་མ་སྡེ་བདུན་གྱི་དོན་ཕྱོགས་གཅིག་ཏུ་བསྡུས་པ་གཞན་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ། ༧༧ ཤཱཀྱའི་བཙུན་པ་སངས་རྒྱས་རྒྱལ་མཚན་གྱི་ཚད་མའི་མཚན་ཉིད་རིགས་པའི་སྒོ་འབྱེད།༩ མཛད་མཁན་མི་གསལ་བའི་ཚད་མ་རྣམ་འགྲེལ་ལེའུ་གསུམ་པའི་རྣམ་བཤད། ༣༢ མཛད་མཁན་མི་གསལ་བའི་ཚད་མ་རྣམ་འགྲེལ་གྱི་རྣམ་པར་འབྱེད་པ། བསྡོམས། ༢༦༠
པོད། ༼༤༦༽
མཛད་མཁན་མི་གསལ་བའི་ཐལ་ཕྲེང་མདོར་བསྡུས། ༡༠ རིགས་སྨྲའི་གཙུག་རྒྱན་བཙུན་པ་སངས་རྒྱས་བཟང་བོའི་ལེགས་པར་བཤད་པའི་གཏེར་མཛོད་བློ་གསལ་ཡིད་ལ་དགའ་བ་སྟེར་བྱེད།༤༦ མཛད་མཁན་མི་གསལ་བའི་ཚད་མའི་ལེགས་བཤད་དྲི་མེད་བཅུད་ཀྱི་བདུད་བརྩི།༤༧ རྒྱལ་བའི་མྱུ་གུ་གྲགས་པ་རྒྱ་མཚོའི་ཚད་མ་རྣམ་ངེས་ཀྱི་སྦྱོར་ཕྲེང་ཡིད་བཞིན་ནོར་བུ། ༨༨ མཛད་མཁན་མི་གསལ་བའི་ཚད་མ་རྣམ་ངེས་ཀྱི་འགྲེལ་བ།༦༣ བསྡོམས། ༢༦༧
པོད། ༼༤༧༽
གཙང་དྲུག་པ་རྡོ་རྗེ་འོད་ཟེར་གྱི་ཚད་མའི་སྤྱི་དོན་བསྡུས་པ་རིགས་པའི་གསལ་བྱེད་སྒྲོན་མེ། ༧༨ སྣར་ཐང་བ་མཆིམས་ནམ་མཁའ་གྲགས་ཀྱི་
དབུ་མའི་ལྟ་ཁྲིད། ༡༩ མཆིམས་ནམ་མཁའ་གྲགས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་དོན་རིན་ཆེན་སྤུངས་པ། ༥ མཆིམས་ནམ་མཁའ་གྲགས་ཀྱི་སྐྱེས་བུ་གསུམ་གྱི་ལམ་ལེགས་པ། ༢༠ མཆིམས་ནམ་མཁའ་གྲགས་གྱི་མི་གཡོ་བ་དཀར་བོའི་བསྟོད་པ། ༢ མཆིམས་ནམ་མཁའ་གྲགས་ཀྱི་རབ་གནས་སྒྲུབ་པའི་མན་ངག ༣༧ མཆིམས་ཀྱི་སྨོན་སེམས་བསྐྱེད་པའི་ཆོ་ག ༡༢ མཆིམས་ཀྱི་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པ་ལ་གསོལ་བ་གདབ་པའི་གདམས་པ། ༢༢ མཆིམས་ཀྱི་བདེ་གཤེགས་བརྒྱད་ཀྱི་མཆོད་པ། ༣ མཆིམས་ཀྱི་གནས་བརྟན་ཕྱག་མཆོད་ཀྱི་ཕྱག་ལེན། ༡༦
བསྡོམས། ༢༢༥
པོད།༼༤༨༽
དགེ་སློང་ནམ་མཁའ་གྲགས་ཞུ་བ་དེ་ཡིན་ནམ་སྙམ་པ་ཞིག་གི་གནས་བརྟན་ཕྱག་མཆོད་རྒྱས་པ། ༥༣ མཛད་མཁན་མི་གསལ་བའི་ཟས་འགོ་གཅོད་ཐབས། ༧༣ མཛད་མཁན་མི་གསལ་བའི་སྣར་ཐང་ནས་རྭ་སྒྲེང་དུ་སྤྲིངས་བའི་འཕྲིན་ཡིག ༢༠ མཁན་པོ་མཆིམས་ཐམས་ཅད་མཁྱེན་པ་ཞེས་འཁོད་པའི་ཇོ་བོ་རྗེའི་རྣམ་ཐར་ཆེན་མོ་ཡོངས་གྲགས། ༧༥ དབུ་ཅན། མཆིམས་ནམ་མཁའ་གྲགས་ཀྱི་གཞི་ལམ་འབྲས་བུ་གསལ་བྱེད་རིན་པོ་ཆེའི་ཕྲེང་བ། ༥༡ མཛད་མཁན་མི་གསལ་བའི་ཡན་ལག་བདུན་པའི་མན་ངག ༡༠ བསྡོམས། ༢༩༠
པོད། ༼༤༩༽
བིརྱ་སིང་ཧས་མཛད་ཅེས་འཁོད་པའི་སྐྱེ་རབས་རྒྱུད་ཀྱི་དཀའ་འགྲེལ། ༩༡ མཆིམས་ནམ་མཁའ་གྲགས་ཀྱི་ཡིན་སྙམ་པའི་བྱང་ཆུབ་སེམས་འགྲེལ་གྱི་དོན་བསྡུས། ༣ ཡང་མཆིམས་ནམ་མཁའ་གྲགས་ཡིན་སྙམ་པའི་མངོན་པ་མཛོད་ཀྱི་བསྡུས་དོན། ༣༢ གྲགས་པ་སེང་གེའི་དབུ་མ་འཇུག་པའི་དཀའ་གནད། ༡༠༢ བསྡོམས། ༢༣༥
པོད། ༼༥༠༽
སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་དབུ་མ་ཚིག་གསལ་གྱི་སྤྱི་དོན་གཞི་ལམ་འབྲས་གསུམ་རྣམ་བཞག ༨ སྐྱོ་སྟོན་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་བ་ལེགས་པར་བཤད་པ་སྐྱེས་བུའི་དོན་གྲུབ། ༦༩ སྐྱོ་སྟོན་གྱི་རྒྱུད་བླ་མའི་བསྡུས་དོན། ༥ སྐྱོ་སྟོན་གྱི་བསླབ་བཏུས་དང་སྤྱོད་འཇུག་ཁྲིད། ༧
སྐྱོ་སྟོན་གྱི་ཞི་བ་ལྷ་ནས་རྒྱུད་པའི་བྱང་ཆུབ་སེམས་སྦྱོང་། ༦ སྐྱོ་སྟོན་གྱི་འདའ་ཀ་ཡེ་ཤེས་ཀྱི་འཆི་ཁའི་མན་ངག ༢ སྐྱོ་སྟོན་གྱི་ཐེག་ཆེན་དབུ་མའི་གདམས་པ། ༣ སྐྱོ་སྟོན་གྱི་རྟེན་འབྲེལ་ལག་ལེན་དུ་དྲིལ་བ། ༢༡ སྐྱོ་སྟོན་གྱི་ཕྱོགས་བཅུ་མུན་པ་སེལ་བ། ༣ སྐྱོ་སྟོན་གྱི་ཞི་བ་ལྷའི་སེམས་བསྐྱེད། ༤ སྐྱོ་སྟོན་གྱི་ཉིན་རེའི་བསགས་སྦྱང་ཀྱི་རིམ་པ། ༢ སྐྱོ་སྟོན་གྱི་བསན་ཡིག ༡༤ སྐྱོ་སྟོན་གྱི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད།༦ སྐྱོ་སྟོན་གྱི་མདོ་སྡེ་རྒྱན་གྱི་ཁྲིད། ༣ སྐྱོ་སྟོན་གྱི་ཆོས་ཉིད་ཀྱི་ཁྲིད། ༣ སྐྱོ་སྟོན་གྱི་སྣར་ཐང་གི་གདན་ས་བདུན་པའི་རྣམ་ཐར། ༡༧ སྐྱོ་སྟོན་ཡིན་སྙམ་པའི་ཆུ་མིག་པ་དང་། ༤ སངས་རྒྱས་སྒོམ་པ། ༨ ཞང་སྟོན་ཆོས་བླ་ ༡༠ གསུམ་གྱི་རྣམ་ཐར་ཁག་གསུམ། སྐྱོ་སྟོན་ཡིན་སྙམ་པའི་ཤེར་ཕྱིན་མན་ངག ༦ མཛད་མཁན་མི་གསལ་བའི་ཇོ་བོའི་དབུ་མའི་མན་ངག་གི་བཤད་པ། ༢ མཛད་མཁན་མི་གསལ་བའི་འོད་གསལ་སྙིང་པོ། ༣ བསྡོམས། ༢༡༩
པོད། ༼༥༡༽
བཅོམ་ལྡན་རིགས་་རལ་གྲིའི་གསུང་གི་སྐོར། བཅོམ་ལྡན་རིགས་པའི་རལ་གྲི་ཉིད་ཀྱིས་བསྟན་བཅོས་བརྩམས་པའི་དཀར་ཆག ༨ བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད། ༥༣ བསླབ་གསུམ་རྒྱན་གྱི་མེ་ཏོག ༧༨ བསྙེན་གནས་ཀྱི་ཆོ་ག ༤ སེམས་བསྐྱེད་ཀྱི་ཆོ་ག་རྒྱན་གྱི་མེ་ཏོག ༩ སྐྱེས་རབས་རྒྱན་གྱི་མེ་ཏོག ༡༢༡ བསྡོམས།༢༩༤
པོད། ༼༥༢༽
བཅོམ་ལྡན་རིག་རལ་གྱི་གསུང་གི་སྐོར། བདེ་བར་གཤེགས་པ་དང་། དཔལ་མར་མེ་མཛད། བརྩོན་ལྡན་ཐོས་བསམ་པ་རྣམས་ལ་བསྟོད་པ་རེ་རེ། ༦ མངོན་དགའི་ཞིང་ལ་བསྟོད་པ་ཐར་བའི་སིལ། ༤ རྒྱལ་ཡུམ་ཡིག་གེ་གཅིག་མ། ༩ སྟོང་ཕྲག་བརྒྱད་པ་རྒྱན་གྱི་མེ་ཏོག ༡༤ ཕར་ཕྱིན་རྒྱན་གྱི་མེ་ཏོག ༡༨༨ དབུ་མ་རྒྱན་གྱི་བསྡུས་དོན། ༡ ཡེ་ཤེས་རྡོ་རྗེའི་ཀུན་བཏུས་ལས་གསུང་བའི་རྒྱན་བདུན་བཤད་པ་རྒྱན་གྱི་མེ་ཏོག ༤ བསྡོམས། ༢༢༩
པོད།། ༼༥༣༽
བཅོམ་ལྡན་རིགས་རལ་གྱི་གསུང་གི་སྐོར། གྲུབ་མཐའ་རྒྱན་གྱི་མེ་ཏོག ༧༣ བྱམས་པ་དང་འབྲེལ་ཆོས་ཀྱི་བྱུང་ཚུལ། ༦ ཆོས་མངོན་པ་མཛོད་ཀྱི་བསྡུས་དོན། ༥ བསྐལ་བ་རྒྱན་གྱི་མེ་ཏོག ༦ འཁོར་འདས་རྒྱན་གྱི་མེ་ཏོག ༦ བདེན་བཞི་རྒྱན་གྱི་མེ་ཏོག ༥༠ རྡོ་རྗེ་གདན་པ་རྒྱན་གྱི་མེ་ཏོག ༡༣ བསྔོ་བ་རྒྱན་གྱི་མེ་ཏོག ༨ སྒྲའི་བསྟན་བཅོས་རྒྱན་གྱི་མེ་ཏོག ༤༥ ཚད་མ་ཀུན་བཏུས་རྒྱན་གྱི་མེ་ཏོག ༤༢ བསྡོམས། ༢༦༤
པོད། ༼༥༤༽
བཅོམ་ལྡན་རིགས་རལ་གྱི་གསུང་གི་སྐོར། ཚད་མ་རྣམ་པར་ངེས་པའི་ཊཱིཀྐ་རྒྱན་གྱི་མེ་ཏོག ༡༥༨ ཚད་མའི་བསྟན་བཅོས་རྒྱན་གྱི་མེ་ཏོག ༩༨ བསྡོམས། ༢༦༡
པོད། ༼༥༥༽
བཅོམ་ལྡན་རིགས་རལ་གྱི་གསུང་གི་སྐོར། འབྲེལ་བ་བརྟག་པའི་མཆན་དང་ས་བཅད། ༤ བརྩོད་པ་རིགས་པའི་བསྡུས་དོན། ༧ བརྩོད་རིགས་རྒྱན་གྱི་མེ་ཏོག ༧༣ སྐུ་གཟུགས་ཀྱི་མཚན་ཉིད་རྒྱན་གྱི་མེ་ཏོག ༥ གསོ་བ་རིག་པ་རྒྱན་གྱི་མེ་ཏོག ༧༤ ཐེག་ཆེན་རྒྱུ་འབྲས་རྒྱན་གྱི་མེ་ཏོག ༤ ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་རྒྱན་གྱི་མེ་ཏོག ༡༦ ངན་སོང་སྦྱོང་རྒྱུད་རྒྱན་གྱི་མེ་ཏོག ༢༠ རྗེ་བཙུན་སེང་གེ་སྒྲའི་མན་ངག ༡ རྣམ་སྣང་མངོན་བྱང་གི་སྐུ་གསུམ་གྱི་དཀྱིལ་འཁོར་སྒོམ་ཐབས། ༡ སངས་རྒྱས་དང་སངས་རྒྱས་ཚུལ་རྣམ་པར་དབྱེ་བ་རྒྱན་གྱི་མེ་ཏོག ༤ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་རྒྱན་གྱི་མེ་ཏོག ༡༢ མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་རྒྱན་གྱི་མེ་ཏོག ༣ སྡོམགསུམ་འོད་ཀྱི་ཕྲེང་བ་རྒྱན་གྱི་མེ་ཏོག ༨ དཀྱིལ་འཁོར་གྱི་ཐིག་གི་མན་ངག་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་ལྔ་བཅུ་རྩ་བཞི་པ་ནས་བཤད་པའི་དཀྱིལ་འཁོར་ཆོ་ག་ཉི་ཤུ་པ། རྣམ་ལྔ་མཎྜལ་གྱི་སྦྱོར་བ་བཅས་ལ། ༨ བསྡོམས། ༢༤༦
པོད། ༼༥༦༽
བཅོམ་ལྡན་རིགས་རལ་གྱི་གསུང་གི་སྐོར། ཤཱཀྱ་ཐུབ་པའི་སྒྲུབ་ཐབས ༢ འཕགས་པ་བྱམས་པའི་སྒྲུབ་ཐབས། ༢ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བསྟོད་པ་རྒྱན་གྱི་མེ་ཏོག ༥ སེང་ལྡེང་ནགས་ཀྱི་སྒྲོལ་མའི་ལོ་རྒྱུས་དང་སྒྲུབ་ཐབས། ༢ དབུ་ཅན། འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས། ༢ ཡང་དབུ་ཅན་ཡིན། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། ༡ བདེ་གཤེགས་ཀུན་གྱི་སྙིང་པོ། ༡ མི་གཡོ་བའི་དམིགས་པ་སྐོར་གསུམ། ༡ སངས་རྒྱས་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ༡ སངས་རྒྱས་སུམ་ཅུ་རྩ་ལྔ་ལ་བསྟོད་པ། ༡ དོན་ཞག་སྨྱུང་གནས་ཀྱི་མན་ངག ༣ གཅོད་ཀྱི་གདམས་པ་ནམ་མཁའ་སྒོ་འབྱེད། ༣ དབུ་ཅན། མཆོད་པའི་ཆོ་ག་རྒྱན་གྱི་མེ་ཏོག ༧ དཀྱིལ་འཁོར་རྒྱན་གྱི་མེ་ཏོག ༡༤ ཆབ་གཏོར་འཇམ་དཔལ་མའི་མཚན་དང་བཅས། ༥ མདོ་སྡེ་རྒྱན་གྱི་མེ་ཏོག་ཅེས་བྱ་བའི་དཀའ་གནད། ༧༣ སྤྲིང་ཡིག་བདུད་རྩིའི་ཐིག་པའི་བསྡུས་དོན། ༣ འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་པ་རྣམ་པར་བཤད་པ་རྒྱན་གྱི་མེ་ཏོག ༧ དགྱེས་པ་རྡོ་རྗེའི་རྒྱུད་འདེབས། ༡ དགྱེས་པ་རྡོ་རྗེ་རྒྱན་གྱི་མེ་ཏོག་ཅེས་བྱ་བའི་དཀའ་གནད། ༨༦ རྒྱུད་བརྟག་པ་གཉིས་པའི་བསྡུས་དོན། ༡༢ རྒྱུད་ཀུན་ཏུ་སྤྱོད་པ་རྒྱན་གྱི་མེ་ཏོག ༤ ཚོགས་ཀྱི་འཁོར་ལོའི་ཆོ་ག་རྒྱན་གྱི་མེ་ཏོག ༤ མཁའ་འགྲོ་སེང་གདོང་མས་གསུངས་བའི་རྡོ་རྗེའི་ཚིག་རྐང་། ༦ སྒྱུ་མ་ཆེན་པོ་རྒྱན་གྱི་མེ་ཏོག ༡ མདོ་སྡུད་པ་སློབ་དཔོན་གྱི་སྡུད་འགྲེལ་དང་མཐུན་པར་སྦྱར་བ། ༧ རྒྱས་པ་འབུམ་གྱི་འགྱུར་བྱང་དྲུག་བཤད་པ། ༡ གསང་བ་སྙིང་པོའི་འགྱུར་བྱང་། ༡ དབུ་ཅན། བསྡོམས། ༢༧༥
པོད། ༼༥༧༽
བཅོམ་ལྡན་རིགས་པའི་རལ་གྲིའི། ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་རྒྱན་གྱི་མེ་ཏོག༣༡༤ དབུ་ཅན། བསྡོམས། ༣༡༨
པོད། ༼༥༨༽
རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་གི་སྐོར། སེམས་བསྐྱེད་སྡོམ་པ་རང་གི་བླང་བའི་ཆོ་ག ༤ སེམས་ཙམ་པའི་ལུགས་ཀྱི་སྨོན་འཇུག་གི་སེམས་བསྐྱེད་ཀྱི་ཆོ་ག ༡༤ སྨོན་འཇུག་སེམས་བསྐྱེད་ཀྱི་ཆོ་ག ༡༥ བློ་སྦྱོང་དོན་བདུན་མའི་བརྒྱུད་པའི་གསོལ་འདེབས། ༡༥ བཀའ་འབུམ་ཐོར་བུའི་སྐོར། ༧༣ བློ་སྦྱོང་དོན་བདུན་མའི་སྙན་བརྒྱུད་ཀྱི་ཚིག་རྣམས་ཡི་གེ་ཉུང་ངའི་སྒོ་ནས་བཀྲོལ་བ། ༢༠ རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག ༧ བློ་སྦྱོང་ཟིན་བྲིས་དང་དམར་ཁྲིད་ཟིན་བྲིས་བཅས་ལ། ༤༠ བསྡོམས། ༡༩༦
པོད།། ༼༥༩༽
རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་གི་སྐོར། ཐེག་པ་ཆེན་པོའི་བློ་སྦྱོང་། ༧༩ རྒྱལ་སྲས་ཞི་བ་ལྷའི་གསུང་སྒྲོས། ༤ མདོ་སྡེ་རྒྱན་དང་རྒྱུད་བླ་མ་སྤྱོད་འཇུག་རྣམས་ཀྱི་འགྲེལ་ཊཱིཀ་གི་དབུ་ཞབས་ཀྱི་ཚིགས་བཅད། ༤༠ ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག ༡༠ སངས་རྒྱས་བྱང་སེམས་ལ་བསྟོད་པ་དང་སྨན་བླའི་རྗེས་གནང་། ༤ བླ་མ་ལ་བསྟོད་པ་དང་བའི་ཆུ་རྒྱུན། ༨ ཇོ་བོ་རིན་ཆེའི་བསྟོད་པ་ལ་སོགས་པ་ཡི་དམ་གྱི་ལྷ་འགའ་ཞིག་བསྟོད་པ། ༧ ལྡོང་སྟོན་ལ་གདམས་པ་ལ་སོགས་སྤྲིངས་ཡིག་གི་སྐོར། ༤ བསྔོ་བའི་རིམ་པ།༣ ཐེག་པ་ཆེན་པོ་རྒྱུད་བླ་མའི་ངེས་དོན་ གསལ་བའི་འོད་གསལ། ༦༣ བསྡོམས། ༢༢༧
པོད། ༼༦༠༽
རྒྱལ་སྲས་ཐོགས་མེད་བཟང་པོའི། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་འགྲེལ་བ་རིན་པོ་ཆེའི་ཕྲེང་བ། ༢༠༤ བསྡོམས། ༢༠༧
དཀར་ཆགས་འབྲི་བ་པོའི་མཇུག་མཐའི་གཏམ།
བཀའ་གདམས་བཤེས་གཉེན་གོང་མ་རིམ་བྱོན་གྱི་གསུང་དཔེ་རྙིང་པོད་༼༦༠༽ཡོད་པ། ཕར་ཆེར་གྱི་མ་དཔེ་བྲིས་མ་དབུ་མེད་ཤིན་ཏུ་དཀོན་ལ་དཔེ་རྒྱུན་ཆད་ལ་ཉེ་བ་ཤ་སྟག་ཡིན་པ། ད་ལམ་ནི་ཆོས་སྡེ་ཆེན་པོ་འབྲས་སྤུངས་དང་། སེ་ར་ལྟ་བུ་ལས་གཞན་ན་མ་དཔེ་གཅིག་ཀྱང་རྙེད་མི་ཐུབ་པ་ལྟ་བུ། འདི་རྣམས་ལི་ཐང་བཞག་པ་མཆོག་གིས་བདག་རྐྱེན་གནང་བ་ལ་བརྟེན་ནས་པར་རྙིང་དེ་རྣམས་ལས་པར་བཤུས་རྒྱབ་སྟེ་ཕྱོགས་བསྒྲིགས་གནང་ཡོད་པ་ཞིག་མཇལ་བྱུང་བའི་དགའ་དད་སྤྲོ་སེམས་ཆེན་པོས་འདི་དང་འབྲེལ་ཡོད་ཡོངས་ལ་ལག་ཟུང་ཐལ་མོ་སྙིང་གར་སྦྱར་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སླར་སྨྲས་པ།
གསེར་ཟངས་སྟོང་དང་དངུལ་དཀར་འབུམ་གྱིས་མིན། །
ཆེ་བཙན་དྲག་དང་ངོ་སོ་དབང་གིས་མིན། །
ཡབ་མེས་རིག་གཞུང་གཙུག་གི་ནོར་བུ་ལ། །
ལྷག་བསམ་གཙང་མས་བྱི་དོར་བགྱིད་མཁན་གྱི། །
ཐུགས་བཞེད་གེགས་མེད་ལྷུན་གྱིས་འགྲུབ་གྱུར་ཅིག། །།
ཕྱི་ལོ་ ༢༠༡༨
གསལ་བཤད་ཕྲན་བུ།
གུས་པར་འོས་པའི་ཀློག་པོ་ལགས། དཀར་ཆགས་འདི་བཞིན་ལག་སོན་གང་བྱུང་བ་ལྟར་བཀོད་པ་ལས་བསྐྱར་བཅོས་དང་ཞུ་དག་གང་ཡང་བྱས་མེད་ལ། སྒྲིག་པ་པོས་ཀྱང་བྲེལ་ཟིང་ཞིག་གི་ཁྲོད་དུ་ཞོར་ལས་བྱས་སྟབས་ནོར་འཛོལ་ཡོད་རིགས་ལ་དགོངས་སེལ་ཞུ།
སེར་བྱ་ཟླ་བས།