ཨ་མཆོག་སྐུ་ཕྲེང་གསུམ་པ་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-01-04 23:31:10     རྩོམ་པ་པོ།   ཁང་འོད་སྣང་།    ཀློག་ཐེངས།  

༄༅།།རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ལུས་ཅན་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་ཆེན་པོ་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་བཀའ་འབུམ་དཀར་ཆག་བཞུགས་སོ།།

གླེགས་བམ་ཀ་པ་ལ།

ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྟོགས་བརྗོད་མདོར་བསྡུས་མི་དབང་གཙུག་རྒྱན།

རྗེ་བཙུན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་བསམ་འཕེལ་ནོར་བུའི་ཕྲེང་བ་ཞེས་བྱ་བ།

སྐྱབས་མགོན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསང་བའི་རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ།

ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་འཁྲུངས་རབས་གསོལ་འདེབས་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ།

རྒྱལ་ཀུན་འདུས་པའི་ངོ་བོ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས།

དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་སྐྱབས་རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོ་ལ་གདུང་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་བྱིན་རླབས་གྲུ་ཆར་འཇོ་བའི་སྤྲིན་ཕུང་ཞེས་བྱ་བ།

རྗེ་བླ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་ཐོར་བུ་སྣ་ཚོགས་ཀྱི་ལེ་ཚན།

རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་རྗེ་བླ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་འབྱུང་གནས་ཞེས་བྱ་བ།

ལྷ་མོ་དབྱངས་ཅན་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་བླ་མའི་རྣལ་འབྱོར་འགའ་ཞིག

ཚེ་ལྷ་རྣམ་གསུམ་གྱི་སྟོང་མཆོད་ཀྱི་ཆོ་གའི་ཡན་ལག་ཏུ་བླ་བརྒྱུད་སྨོན་ཤིས་དང་བཅས་པ་ལྔ་སྐྱེས་སྒྲ་དབྱངས་ཞེས་བྱ་བ།

ལྷག་པའི་ལྷ་མཆོག་ཚེ་ལྷ་རྣམ་པ་གསུམ་གྱི་སྟོང་མཆོད་ཀྱི་ཆོ་ག་དངོས་གྲུབ་འདོད་འཇོ་ཞེས་བྱ་བ།

བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཐུགས་བཞེད་འགྲུབ་པའི་སྨོན་ལམ།འཇིགས་བྱེད་བླ་མའི་རྣལ་འབྱོར།ཐུགས་རྗེ་ཆེན་པོའི་བླ་མའི་རྣལ་འབྱོར།ཀླུ་དབང་རྒྱལ་པོའི་གསོལ་འདེབས།སྨན་བླའི་གསོལ་འདེབས།ཡུལ་འཁྲུགས་ཞི་བའི་འདོད་གསོལ།གུ་དྲག་གི་རྒྱུན་འཁྱེར་རྣམས།

གསོལ་འདེབས་ཚན་པ་འགའ།

རིགས་ལྡན་རྣམས་ཀྱི་གསོལ་འདེབས་དང་འཇིགས་བྱེད་སྨོན་ལམ་སོགས།

སྤྲུལ་སྐུ་མྱུར་བྱོན་གྱི་སྐོར་དྲང་སྲོང་གྲུབ་པའི་བདེན་ཚིག་ཅེས་བྱ་བ།

དཔལ་འཁོར་ལོ་སྡོམ་པའི་བླ་མའི་རྣལ་འབྱོར་མཆོག་ཐུན་དངོས་གྲུབ་མྱུར་སྩོལ་ཅེས་བྱ་བ།

བླ་བརྒྱུད་ཁ་བསྐང་གི་སྐོར།

དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ།

དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་ཚོགས་མཆོད་ཀྱི་ཆོ་ག་བདེ་ཆེན་མྱུ་གུ་བསྐྱེད་པའི་ཆར་རྒྱུན་ཞེས་བྱ་བ།

དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་མཆོག་ཐུན་དངོས་གྲུབ་ཆར་འབེབས་ཞེས་བྱ་བ།

བླ་མེད་ལུགས་ཀྱི་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།

ཁྲོས་ནག་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས་པ།

རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྒོ་ནས་བཀྲ་ཤིས་དགེ་མཚན་སྤེལ་བའི་ཆོ་ག་ཉམས་སུ་ལེན་ཚུལ་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ།

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་ཚུལ་འདོད་དོན་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

ཞལ་བཞི་བའི་བསང་མཆོད་དང་།རླུང་རྟ་ཡར་བསྐྱེད་གཡང་འབོད་བཅས།

བསྟན་སྲུང་བསེ་ཁྲབ་ཅན་ལ་བརྟེན་ནས་འཆད་ཉན་གྱི་གཡང་འབོད་བྱ་ཚུལ།

དམ་ཅན་གྱི་བསྐང་བཤགས་དང་མ་མོ་ཨེ་ཀ་ཛ་ཊིའི་བསྐང་བཤགས་གཉིས།

བསྟན་སྲུང་བསེ་ཁྲབ་ཅན་ལ་མཆོད་གཏོར་འབུལ་ཚུལ་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་འདོད་དགུ་ལྷུན་གྲུབ་ཅེས་བྱ་བ།

བསྟན་སྲུང་ཆེན་པོ་བཙན་རྒོད་བསེ་ཁྲབ་ཅན་གྱི་དྲག་བསྐུལ་དགྲ་སྡེའི་སྲོག་གི་སྤུ་གྲི་ཞེས་བྱ་བ།

ཆོས་སྐྱོང་ཆེན་པོ་བསེ་ཁྲབ་ཅན་གྱི་སྒོ་ནས་དྲག་པོའི་གཏོར་མའི་ལས་སྦྱོར་བྱ་ཚུལ་དགྲ་དཔུང་ཕྱེ་མར་འཐག་པའི་གནམ་ལྕགས་འབར་བའི་མཚོན་རྣོན་ཞེས་བྱ་བ།

དྲེགས་པའི་དབང་ཕྱུག་རྨ་རྒྱལ་སྦོམ་ར་ལ་མཆོད་གཏོར་འབུལ་ཚུལ་དགྲ་ལྷ་མཉེས་པར་བྱེད་པའི་མཆོད་སྤྲིན་ཞེས་བྱ་བ།

འོད་དཔག་མེད་ལ་བརྟེན་པའི་འཕོ་བ་དང་སྲད་རྒྱུད་ལུགས་ཀྱི་དགའ་ལྡན་འཕོ་བ་གཉིས།

བསླབ་བྱ་མདོར་བསྡུས་ལེགས་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ།

དགེ་ཚུལ་གྱི་བསླབ་བྱ་བླངས་འདས་སོ་དྲུག་གི་སྤང་བླངས་རགས་ཙམ་གྱི་ངོས་འཛིན་བླང་དོར་ཀུན་གསལ་ཞེས་བྱ་བ།

ཚེའི་དངོས་གྲུབ་སྒྲུབ་ཚུལ་ནམ་མཁའ་ཟས་སུ་ཟ་བའི་གདམས་པ་འཆི་མེད་དཔལ་སྟེར་ཞེས་བྱ་བ།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་དང་སྒྲ་མི་སྙན་གྱི་ཚེ་སྒྲུབ་བྱ་ཚུལ་གཉིས།

སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་དངོས་གྲུབ་མྱུར་སྩོལ་ཞེས་བྱ་བ།

རྡོ་རྗེ་སྡེར་མོའི་གཟུངས་མདོ་ཀློག་ཐབས་ལ།

འཕགས་ཡུལ་མཁས་པའི་དབང་པོ་དནྜིའི་དགོངས་བཞེད་སྙན་ངག་མེ་ལོང་གི་དཔེར་བརྗོད་དྲི་ཟའི་བུ་མོའི་གླུ་དབྱངས་ཞེས་བྱ་བ།

འཕྲིན་ཡིག་གི་སྐོར་ཕྱོགས་གཅིག་ཏུ་བཀོད་པ་ཁུ་བྱུག་མྱོས་པའི་རྒྱང་གླུ་ཞེས་བྱ་བ།

གླེགས་བམ་ཁ་པ་ལ།

དཔལ་གསང་བ་འདུས་པའི་བསྙེན་སྒྲུབ་སྦྲགས་མ་སོགས་བསྙེན་ཆེན་སྐོར་འགའ་ཞིག

དཔལ་གསང་བ་འདུས་པའི་བུམ་མདུན་བདག་འཇུག་རྣམས་བསྡུས་པ་བྱ་ཚུལ།

བདེ་མཆོག་གི་བུམ་ཆོག་བསྡུས་པ།

དཔལ་འཁོར་ལོ་བདེ་མཆོག་གི་བདག་འཇུག་བསྡུས་པ།

གྲུབ་ཆེན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྙེན་ཆེན་སྐོར།

གྲུབ་ཆེན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ཞི་བའི་སྦྱིན་སྲེག་གི་ཆོ་ག

ཐུགས་རྗེ་ཆེན་པོའི་སྒོ་ནས་བཀའ་བསྒོ་དང་བསྔོ་བ་གཉིས།

ཁྱབ་བདག་སྟག་ཕུ་གར་གྱི་དབང་པོའི་གཟིགས་སྣང་སྒྲོལ་མའི་སྒོ་ནས་བསྙེན་ཆེན་བྱ་ཚུལ་གྱི་བསྙེན་ཡིག་དངོས་གྲུབ་རླབས་ཕྲེང་གཡོ་བའི་རྒྱ་མཚོ་ཞེས་བྱ་བ།

སྟག་ཕུ་རིན་པོ་ཆེའི་གཟིགས་སྣང་སྒྲོལ་མའི་ལུས་དཀྱིལ་གྱི་བདག་འཇུག་མདོར་བསྡུས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

མཚན་སྒྲོགས་མཁན་ཆེན་གྱི་སྤྲུལ་བའི་སྐུ་རིན་པོ་ཆེའི་རྣམ་ཐར་རགས་བསྡུས་བྱིན་རླབས་བསུང་ཞིམ་སྤྲོ་བའི་ས་ཧ་ཀ་རའི་དགའ་ཚལ་ཞེས་བྱ་བ།

རིགས་གསུམ་མགོན་པོའི་མངོན་རྟོགས།

ཞབས་བརྟན་གསོལ་འདེབས་དངོས་གྲུབ་མྱུར་སྩོལ་དང་གསུང་ཐོར་བུ།

སྟག་ཕུའི་གཟིགས་སྣང་སྒྲོལ་མའི་བསྙེན་ཆེན་གྱི་བཅུ་ཆའི་སྦྱིན་སྲེག

སྟག་ཕུ་གར་གྱི་དབང་བའི་དག་སྣང་ལྟར་གྱི་སྒྲོལ་མའི་རྫོགས་རིམ་དང་འཕོ་བ་བྱ་ཚུལ་འཕགས་མའི་ཞལ་ལུང་ཞེས་བྱ་བ།

གྲུབ་པའི་དབང་ཕྱུག་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཕོངས་སེལ་མའི་སྒོ་ནས་གཏེར་བུམ་སྒྲུབ་ཚུལ་དགོས་འདོད་འབྱུང་བའི་ནོར་བུའི་བང་མཛོད་ཅེས་བྱ་བ།

སྒྲོལ་མའི་མངོན་རྟོགས།

རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་ཅིང་གསོལ་བ་འདེབས་ཚུལ་དངོས་གྲུབ་མྱུར་སྩོལ་ཞེས་བྱ་བ།

འཇམ་དཔལ་སྨྲ་བའི་སེང་གེ་ལ་བསྟོད་ཅིང་གསོལ་བ་འདེབས་ཚུལ་འདོད་འཇོའི་བུམ་བཟང་ཞེས་བྱ་བ།

ཐུགས་རྗེ་ཆེན་པོ་དང་འཇམ་དབྱངས་སྨྲ་སེང་ཕྱག་རྡོར་འཁོར་ཆེན་རྣམས་ཀྱི་མངོན་རྟོགས་བཅས།

བདེ་གཤེགས་རིན་ཆེན་མེ་འོད་ལ་བརྟེན་ནས་སྟོང་མཆོད་བྱ་ཚུལ་སྒྲིབ་མུན་སེལ་བའི་ཉིན་བྱེད་དབང་པོ་ཞེས་བྱ་བ།

འཕགས་པ་ཛམྦྷ་ལ་དམར་པོ་ལ་བརྟེན་ནས་གཏེར་སྒྲུབ་བྱ་ཚུལ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་ལ།

རབ་གནས་མདོར་བསྡུས་བྱ་ཚུལ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ།

རབ་གནས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་ལག་ལེན་གྱི་རིམ་པ་ཐོ་ཙམ་བཀོད་པ།

རྒྱལ་བའི་བསྟན་སྲུང་རྣམས་ཀྱི་གཏོར་འབུལ་གྱི་སྐོར།

རྒྱལ་བའི་བསྟན་སྲུང་རྣམས་ལ་འཕྲིན་ལས་བཅོལ་བའི་ཚུལ་འདོད་དོན་ལྷུན་གྲུབ་སོགས།

མགོན་ཆོས་སོགས་ཀྱི་བསྐུལ་བའི་སྐོར།

རྒྱལ་བའི་བསྟན་སྐྱོང་ཆེན་མོ་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་བསྐང་ཆོག

རྒྱལ་ཡུམ་རྡོ་རྗེ་གནོད་སྦྱིན་ཆེན་མོའི་གསོལ་མཆོད་ཐུགས་དམ་བསྐང་བའི་རིམ་པ་ཞེས་བྱ།

བཀྲ་ཤིས་གཡང་གི་ལྷ་ཆེན་ལ་མཆོད་གཏོར་འབུལ་ཚུལ།

གནས་ཡུལ་སྐྱོང་བའི་གཉན་ཆེན་དགྲ་ལྷའི་རྒྱལ་པོ་སྔོན་ལྷ་གཡུ་རྩེའི་གསོལ་མཆོད་ཐུགས་དམ་བསྐང་བའི་རིམ་པ་དགེ་ལེགས་བྱེ་བའི་གཏེར་མཛོད་ཅེས་བྱ་བ།

པཎ་ཆེན་ཐམས་ཅན་མཁྱེན་པའི་ཞབས་དྲུང་དུ་ཞུ་རྒྱུའི་མནྜལ་བཤད་པ།

སྐྱབས་ཐོ་ཚན་པ་གཉིས།

ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་གི་ཁྲི་བཤད།

ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་ཕར་ཕྱིན་སྐབས་བཞི་བའི་འཛིན་གྲྭའི་བཅའ་ཡིག་ཀླུ་དབང་གཙུག་གི་ནོར་བུ་ཞེས་བྱ་བ།

ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་གི་རྩོད་ཡིག་མ་ལི་ཀའི་ཕྲེང་མཛེས་ཞེས་བྱ་བ།

དབེན་གནས་དཀར་ཆེན་བྱམས་པ་གླིང་གི་བཅའ་ཡིག་བླང་དོར་ཀུན་གསལ་ཞེས་བྱ་བ།

སྒྲུབ་སྡེ་ཆེན་པོ་དགའ་ལྡན་བསམ་གཏན་གླིང་གི་བཅའ་ཁྲིམས་ཀྱི་རིམ་པ་མདོ་ཙམ་བརྗོད་པ་ལེགས་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ།

སྒྲུབ་སྡེ་བསམ་གཏན་གླིང་གི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་ཞེས་བྱ་བ།

སྒྲུབ་སྡེ་དགའ་ལྡན་ཆོས་འཁོར་གླིང་གི་བཅའ་ཡིག་རྣམ་གྲོལ་ཐར་བའི་འབབ་སྟེགས་ཞེས་བྱ་བ།

འདིར་ཇོ་ལུགས་སྒྲོལ་མ་ཕོངས་སེལ་མ་ལ་བརྟེན་ནས་ལོངས་སྤྱོད་དངོས་གྲུབ་སྒྲུབ་ཚུལ་དང་གསུང་ཐོར་བུའི་སྐོར།

གློག་རྡུལ་ཡི་གེ་གནང་མཁན་ཁང་འོད་སྣང་ཡིན།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།