ཨ་མཆོག་སྐུ་ཕྲེང་གཉིས་པ་རྗེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ་དཀར་ཆག
༄༅། །ཁྱབ་བདག་ཧེ་རུ་ཀ་དཔལ་ངུར་སྨྲིག་གི་ཟོལ་ལ་བརྟེན་པ་
རྗེ་བཙུན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་
བཟང་པོའི་བཀའ་འབུམ་དཀར་ཆག་
བཞུགས་སོ། །
གླེགས་བམ་ཀ་པ་ལ།
དཔལ་འཁོར་ལོ་སྡོམ་པ་ཕྱག་རྡོར་བསྟོད་འགྲེལ་ལུགས་ལྷ་རེ་གཉིས་པའི་སྒྲུབ་ཐབས་དངོས་གྲུབ་འདོད་དགུ་སྦྱིན་བྱེད་བརྒྱ་བྱིན་གཙུག་ནོར་ཞེས་བྱ་བ།
དཔལ་འཁོར་ལོ་སྡོམ་པ་ལཱུ་ཨི་བའི་འགྲེལ་ལུགས་འཁྲུལ་སྤོང་གི་ཆོ་ག་དཔག་བསམ་ལྗོན་ཤིང་།
དཔལ་འཁོར་ལོ་སྡོམ་པ་འཁྲུལ་སྤོང་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་ཀྱི་འདོད་འཇོ།
དཔལ་འཁོར་ལོ་སྡོམ་པ་མཻ་ཏྲི་བའི་ལུགས་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་བདེ་ཆེན་རྒྱ་མཚོ།
བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལྷ་སོ་བདུན་མའི་སྒྲུབ་ཐབས་པདྨ་རཱ་གའི་ལྷུན་པོ་ཞེས་བྱ་བ།
སྡོམ་འབྱུང་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་བཻ་ཌཱུར་ཞུན་མའི་ལྷུན་པོ་ཞེས་བྱ་བ།
འཁོར་ལོ་སྡོམ་པ་ལྭ་བ་བའི་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དངོས་གྲུབ་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ།
དཔལ་འཁོར་ལོ་སྡོམ་པ་འཁོར་ལོ་བསྒྱུར་བ་དྲུག་གི་སྒྲུབ་ཐབས་ཀྱི་ཆོ་ག་གྲུབ་གཉིས་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ།
དཔལ་འཁོར་ལོ་སྡོམ་པ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ཛམྦུའི་ཆུ་གསེར་གྱི་ལྷུན་པོ་དངོས་གྲུབ་ཡིད་བཞིན་འགུགས་བྱེད་ཅེས་བྱ་བ།
འཁོར་ལོ་སྡོམ་པ་དྲག་པོ་ཆེན་པོའི་སྒྲུབ་ཐབས་བཀླགས་ཆོག་ཏུ་བཀོད་པ་བདུད་ལས་རྣམ་པར་རྒྱལ་བའི་བ་དན་ཞེས་བྱ་བ།
དཔལ་འཁོར་ལོ་སྡོམ་པ་བོང་བུའི་ཞལ་ཅན་གྱི་སྒྲུབ་ཐབས་འཆི་མེད་མཆོག་སྦྱིན་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ།
མཆོག་གི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་དངོས་གྲུབ་རིན་ཆེན་འབྱུང་གནས་ཡིད་བཞིན་འདོད་པ་འཇོ་བའི་རྒྱ་མཚོ་ཞེས་བྱ་བ།
རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བསྟན་པའི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གྲུབ་པའི་དགའ་སྟོན་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ།
རྡོ་རྗེ་ཕག་གདོང་མ་ཆེན་མོའི་སྒྲུབ་ཐབས་གསེར་གྱི་ལྷུན་པོ་སྐལ་བཟང་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ།
གླེགས་བམ་ཁ་པ་ལ།
དཔལ་འཁོར་ལོ་སྡོམ་པ་མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་གྲུབ་པ་ཀླུ་དབང་བྱེ་བའི་རོལ་གནས་ལེགས་བཤད་རིན་ཆེན་བྱེ་བའི་འབྱུང་གནས་དངོས་གྲུབ་འདོད་པ་འཇོ་བའི་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ།
མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་བདུད་རྩིའི་ཆུ་གཏེར་དངོས་གྲུབ་རིན་ཆེན་འབྱུང་གནས་ཞེས་བྱ་བ།
དཔལ་འཁོར་ལོ་སྡོམ་པ་མཁའ་འགྲོ་རྒྱ་མཚོའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་བདུད་ལས་རྣམ་པར་རྒྱལ་བའི་དབྱར་རྔ་ཞེས་བྱ་བ།
མཁའ་འགྲོ་རྒྱ་མཚོའི་བསྟོད་པ་བཻ་ཌཱུརྱའི་རྒྱུད་མངས་ཞེས་བྱ་བ།
བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཁམས་གསུམ་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྡོ་རྗེའི་ལྷུན་པོ་བརྩེགས་པ་ཞེས་བྱ་བ།
ཕག་མོ་འབྱུང་བར་གྲགས་པ་བཅོམ་ལྡན་འདས་མ་རྡོ་རྗེ་བཙུན་མོའི་སྒྲུབ་ཐབས་བྱུ་རུའི་ལྷུན་པོ་ཞེས་བྱ་བ།
བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལྷ་སོ་བདུན་ནཱ་རོ་ལུགས་སུ་གྲགས་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་སྦྲང་རྩིའི་རྒྱ་མཚོ་ཞེས་བྱ་བ།
རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྒྲུབ་ཐབས་བཀླགས་ཆོག་ཏུ་བཀོད་པ་ཟླ་ཤེལ་ནོར་བུའི་རི་བོ་ཞེས་བྱ་བ།
བདེ་མཆོག་རབ་འབྱམས་ཀྱི་བུམ་མདུན་སྒྲུབ་ཚུལ་དང་དབང་བསྐུར་སྐབས་ཀྱི་ཞལ་བསྒྱུར་སོགས་ཀྱི་ཐོ་ཡིག་ཞེས་བྱ་བ།
གླེགས་བམ་ག་པ་ལ།
རྒྱན་གྱི་བསྟན་བཅོས་མེ་ལོང་གི་འགྲེལ་བ་དཔག་བསམ་ལྗོན་ཤིང་ལེགས་བཤད་འདོད་འཇོ་ཞེས་བྱ་བ།
རྒྱན་གྱི་བསྟན་བཅོས་མེ་ལོང་གི་དོན་འགྲེལ་དཔེར་བརྗོད་མུ་ཏིག་འཁྲི་ཤིང་ཞེས་བྱ་བ།
སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་པ་ཟླ་འོད་སྙེ་མ་བཀླགས་པའི་དོན་ཐམས་ཅད་འགྲུབ་པ་ཞེས་བྱ་བ།
སྒྲ་དབྱངས་ལྷ་མོ་ལ་བསྟོད་པ་པད་མ་དཀར་པོའི་ཆུན་པོ་ཞེས་བྱ་བ།
བསང་ཡིག་སོགས་གསུང་ཐོར་བུའི་སྐོར།
གླེགས་བམ་ང་པ་ལ།
ཐོབ་ཡིག་ཤེལ་དཀར་མེ་ལོང་།
འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས་འདོད་འཇོ་བ་མོ།
དུས་འཁོར་བརྒྱུད་འདེབས།
དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་སྒྲུབ་པའི་ཐབས་རིགས་ལྡན་ཞལ་ལུང་དངོས་གྲུབ་འདོད་པ་འཇོ་བ་ཡོངས་འདུའི་ལྗོན་པ།
བླ་མའི་རྣལ་འབྱོར་སྙན་བརྒྱུད་ཉམས་སུ་ལེན་ཚུལ་དངོས་གྲུབ་ཡིད་བཞིན་འགུགས་པའི་ལྕགས་ཀྱུ།
འཇམ་དབྱངས་དཀར་པོའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་འདོད་འཇོའི་བ་མོ།
ཀུན་རིག་གི་ཆོ་གའི་བསྡུས་འགྲེལ་ནོར་བུ་ཀེ་ཏ་ཀ
རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པར་ལྟ་བའི་མིག་འབྱེད།
གླེགས་བམ་ཅ་པ་ལ།
སྐྱེས་བུའི་ཁྱུ་མཆོག་དམ་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་དཔག་བསམ་ལྗོན་པ།
ཨ་མཆོག་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར་གྱི་ས་བོན།
རྣམ་ཐར་དཱི་པཱ་བདེ་སྐྱིད་དགའ་བའི་དཔལ་གཏེར།
གསོལ་འདེབས་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ།
སྐྱབས་མགོན་མཆོག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས་བརྩམས་ཏེ་བསྟོད་པ་རྒྱལ་བའི་ཡུམ་གསལ་བར་བྱེད་པ་ཀུན་བཟང་ཞིང་གི་ཉི་མ།
དགེ་འདུན་ཉི་ཤུའི་བསྡུས་དོན་ཀུནྡའི་ཕྲེང་བ།
ཚད་མའི་བསྟན་བཅོས་བྱིས་པ་འཇུག་པའི་གྲུ་གཟིངས།
ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་ཟླ་བསིལ་བདུད་རྩི།
ཐེག་པ་མཆོག་གི་ལམ་གྱི་རིམ་པ་སྨོན་ལམ་དུ་བྱ་ཚུལ་དོན་ཡོད་འཕྲུལ་གྱི་ཞགས་པ།
འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།
སྨོན་ལམ་ཆེན་མོའི་བཅའ་ཡིག་ཕན་བདེའི་ཉི་འོད་ཅེས་བྱ་བ།
ཆོས་ཀྱི་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་ཞེས་གྲགས་པའི་བ་དན་ཡང་དག་པར་གསལ་བའི་བཅའ་ཡིག་ཤེལ་དཀར་མེ་ལོང་།
གླེགས་བམ་ཆ་པ་ལ།
ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་འབྱུང་གནས་ལས་པོད་དང་པོ།
གླེགས་བམ་ཇ་པ་ལ།
ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་འབྱུང་གནས་
ལས་པོད་གཉིས་པ།
གླེགས་བམ་ཉ་པ་ལ།
ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་འབྱུང་གནས་ལས་པོད་གསུམ་པ།
གསུང་འབུམ་ཁྲོད་འཁོད་མ་ཐུབ་པའི་མཚན་བྱང་།
ཐུབ་དབང་གི་བསྟོད་པ་ཤོ་ལོ་ཀ་བརྒྱ་དང་གྱ་གཅིག་པ་གཙུག་གི་ནོར་བུ།
དཔའ་བོའི་སྐྱེས་རབས་སོ་བཞི་པ།
དགེ་དབང་གི་དཔག་བསམ་འཁྲི་ཤིང་།
སེང་གེ་ཞབས་འབྲིང་བའི་སྐྱེས་རབས་སོ་ལྔ་བ་གསུམ་གྱི་བསྡུས་དོན།
སའི་དངོས་གཞིའི་བསྡུས་དོན་ཟླ་ཟེར།
རྩ་ཤེས་ཊཱིཀ་ཆེན་གྱི་བསྡུས་དོན་རིགས་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས།
གསང་སྔགས་ལམ་རིམ་གྱི་བསྡུས་དོན་གསང་སྔགས་བསྟན་པའི་སྲོག་ཟུང་བདུད་རྩིའི་ལྗོན་བཟང་།
དེའི་ཁ་སྐོང་རྣལ་འབྱོར་རོལ་བའི་དགའ་སྟོན་གྱི་བསྡུས་དོན་བདུད་རྩིའི་སྙེ་མ་དང་།
རྩ་ལྟུང་རྣམ་བཤད་ཀྱི་བསྡུས་དོན་མུ་ཏིག་ཕྲེང་བ།
སྡོམ་པ་ཉི་ཤུ་བའི་འགྲེལ་བ་བུ་རམ་ཤིང་གི་ལྗོན་པ།
མཁས་གྲུབ་རྗེའི་འཇམ་དབྱངས་སྨྲ་སེང་གི་བསྟོད་འགྲེལ་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བའི་སྒྲ་དབྱངས།
སངས་རྒྱས་ཀྱི་མཚན་ལ་བསྟོད་པ་གསེར་གྱི་མེ་ལོང་།
དཔེ་བྱད་ལ་བསྟོད་པ་རིན་ཆེན་སྒྲོན་མེ།
མཆོག་རྩེ་དཔོན་མོ་གཡུང་དྲུང་ལྷ་མོས་ཞུས་པའི་སྒྲོལ་མའི་གསོལ་འདེབས་འདོད་དོན་འགུགས་པའི་ལྕགས་ཀྱུ།
མཁའ་སྤྱོད་མའི་བརྒྱུད་འདེབས་ཀྱི་ཁ་སྐོང་སྨོན་ལམ་དང་བཅས་པ།
ལྷ་མོ་དབྱངས་ཅན་མ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཀ་མ་ལ་དང་བསིལ་སྦྱིན་དཀྱིལ་འཁོར་སྟེང་ཞེས་པའི་དབུ་ཅན།
རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེ་ལ་བསྟོད་པ་དྲི་ཟའི་བུ་མོའི་འཕང་འགྲོའི་དབྱངས།
རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསོལ་འདེབས་བྲག་ཅའི་དབྱངས་དམར་སེར་ཐུན་མཚམས་ཞེས་པའི་དབུ་ཅན།
དབེན་གནས་ཡིད་དགའ་ཆོས་འཛིན་གྱི་གནས་བསྟོད་རི་ཁྲོད་པ་ངག་དབང་ཐོགས་མེད་ཀྱིས་བསྐུལ་བ།
འཇམ་རྡོར་དབང་གི་སྡོམ་ཚིག་སྐྱ་རེངས་སྣང་བ།
གསང་འདུས་དབང་དོན་གྱི་སྡོམ་གསེར་གྱི་ལྡེ་མིག
སྒྲོལ་མ་རྣལ་འབྱོར་མའི་སྒྲུབ་ཐབས་ཟླ་བསིལ་བདུད་རྩིའི་གཏེར།
འཇིགས་བྱེད་མལ་ལུགས་ལྷ་དགུའི་སྒྲུབ་ཐབས་བདུད་སྡེའི་རྣམ་པར་འཐག་བྱེད་རལ་གྲིའི་འཁོར་ལོ།
དཀྱིལ་འཁོར་གྱི་ཐིག་རྩ་བློ་གསལ་གདུང་སེལ་ཟླ་ཤེལ་ཕྲེང་མཛེས་ལས་བླ་མེད་འཁོར་ལོ་བསྒྱུར་དྲུག་དང་། རྣལ་འབྱོར་རྒྱུད་ཀྱི་འབྱུང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཡན་ཆད།
ཆོས་རྒྱུན་འཕེལ་བའི་གསོལ་འདེབས་ཕ་དྲིན་ཅན་བསྟན་པའི་རྒྱ་མཚོ་ལ་ཞེས་དབུ་ཅན།
རུས་སྦལ་འཁོར་ལོ་བརྟག་ཚུལ་ཤེལ་དཀར་མེ་ལོང་།
འཇམ་རྡོར་སྒྲུབ་ཐབས་རྒྱས་པ་བདུད་རྩིའི་བུམ་བཟང་ཡིད་ཀྱི་འདོད་འཇོ།
འཇམ་རྡོར་གྱི་ཤིས་བརྗོད་རབ་ཡངས་ཕྱོགས་ཀྱི་འཁོར་ལོ་མ།
བླ་མཆོད་ངག་འདོན་གྱི་ཟུར་འདེབས།
ཞབས་དྲུང་བསྟན་པ་རབ་རྒྱས་ཀྱིས་ཙནྡྲ་བ་བསླབ་སྦྱང་གི་ཚེ་གནང་བའི་མཚན་བྱང་།
འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཟིན་བྲིས་བདུད་རྩིའི་བཅུད།
རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་སྒྲུབ་ཐབས།
སུམ་རྟགས་ཀྱི་མཆན་འགྲེལ་གསེར་གྱི་ལྡེ་མིག
བདེ་མཆོག་དྲིལ་བུ་བའི་བརྒྱུད་འདེབས་དང་ནང་མཆོད་ཁ་སྐོང་།
ཆབ་ཤོག་སྐོར།
དམ་ཅན་གྱི་གཏོར་འབུལ་ནུབ་ཕྱོགས་འུ་ཡུག་མ་རྒྱལ་མཁན་ཆེན་རིན་པོ་ཆེས་བཀའ་གནང་ནས་མཛད་པ།
གློག་རྡུལ་ཡི་གེ་གནང་མཁན་ཁང་འོད་སྣང་ཡིན།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn