མཚོ་སྔོན་ཚང་སོག་པོ་དགེ་བཤེས་སྣང་མཛད་རྡོ་རྗེའི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-12-12 07:59:37     རྩོམ་པ་པོ།   ཁང་འོད་སྣང་གིས་ངོ་སྤྲོད་གནང་།    ཀློག་ཐེངས།  

 ༄༅།།མཚོ་སྔོན་ཚང་སོག་པོ་དགེ་བཤེས་སྣང་མཛད་རྡོ་རྗེའི་གསུང་འབུམ་དཀར་ཆག

༼    ཀ  ༽ 

དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཡོན་ཏན་ལ་བསྔགས་པ་བརྗོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

རྗེ་བཙུན་དམ་པ་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་རྣམ་ཐར་གསོལ་འདེབས་དད་པའི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

གསོལ་འདེབས་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །རྣམ་ཐར་གསོལ་འདེབས་དངོས་གྲུབ་བཀུག་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ཟབ་ལམ་བླ་མའི་རྣལ་འབྱོར་བྱིན་རླབས་སྦྲང་ཆར་ཞེས་བྱ་བ་བཞུགས་སོ།། 

སྐྱབས་འགྲོའི་ཁྲིད་ཡིག་ལེགས་པར་བཤད་པ་ཕན་བདེའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཁྲིད་ཡིག་ཟིན་བྲིས་ལེགས་བཤད་བ་དུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། 

མཎྜལ་གྱི་ཁྲིད་ཡིག་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་འབུལ་ཚུལ་གྱི་ཆོ་ག་ནག་འགྲོས་སུ་བཀོད་པ་ཞེས་བྱ་བ་བཞུགས་སོ། །

མཎྜལ་རྣམ་བཤད་མདོ་ཙམ་བརྗོད་པ་ཞེས་བྱ་བ་བཞུགས་སོ། །

རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ཡིག་གདུང་སེལ་ག་བུར་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

རྡོར་སེམས་བསྒོམ་བཟླས་ཀྱི་བསྙེན་ཡིག་ལེགས་བཤད་བདུད་རྩིའི་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། །

རྡོར་སེམས་བསྒོམ་བཟླས་ཀྱི་བསྙེན་ཡིག་ཟུར་རྒྱན་མན་ངག་བདུད་རྩིའི་རླབས་འཕྲེང་ཞེས་བྱ་བ་བཞུགས་སོ།། 

རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ཡིག་སྡིག་ལྟུང་དག་བྱེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

ཀ་ཁས་བསྒྲིགས་པའི་བསྟོད་པ་སྣ་ཚོགས་ཕྱོགས་གཅིག་ཏུ་སྡེབས་པ་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །

ལམ་རིམ་བསྡུས་དོན་གྱི་ཟིན་བྲིས་དམ་པའི་མན་ངག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།། 

ཟབ་མོ་དབུ་མའི་ལྟ་བའི་བསྡུས་དོན་དུང་དཀར་གཡས་འཁྱིལ་གྱི་རང་སྒྲ་ཞེས་བྱ་བ་བཞུགས་སོ། །

བདག་གཞན་མཉམ་བརྗེའི་མན་ངག་གཞན་ཕན་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

བདག་གཞན་མཉམ་བརྗེའི་མན་ངག་གཞན་ཕན་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

བདག་གཞན་མཉམ་བརྗེའི་མན་ངག་ཞལ་གདམས་ཐོ་ཙམ་དུ་བཀོད་པ་ཞེས་བྱ་བ་བཞུགས་སོ། །

ངག་རྩོམ་ཁ་ཤས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞེས་བྱ་བ་བཞུགས་སོ། །

འཇིགས་བྱེད་ལྷ་བཅུ་གསུམ་མའི་བརྒྱུད་འདེབས་ཁ་སྐོང་། 

 འཇིགས་བྱེད་ལྷ་བཅུ་གསུམ་མའི་ཞི་རྒྱས་སྦྱིན་སྲེག་གི་འདོད་གསོལ། 

 འཇམ་དཔལ་ནག་པོའི་བསྟོད་པ། 

 མཆོད་མེ་འབུལ་སྐབས་ཀྱི་སྨོན་ཚིག 

 བསྔོ་བ་མདོར་བསྡུས།  

མགོན་པོ་འོད་དཔག་མེད་ལ་བརྟེན་པའི་ཟབ་ལམ་འཕོ་བའི་མན་ངག  

༼ཁ ༽

ལམ་རིམ་ཆེ་ཆུང་སྤྱིའི་ཟིན་བྲིས་དམ་པའི་མན་ངག་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

དགའ་ལྡན་ལྷ་བརྒྱ་མའི་བླ་བརྒྱུད་གསོལ་འདེབས་ཅེས་བྱ་བ་བཞུགས་སོ། །

དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད་དམིགས་ཟིན་བྲིས་ལེགས་བཤད་རིན་ཆེན་འཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །

སློབ་དཔོན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

བླ་མ་མགོན་པོ་མཉེས་པར་བྱེད་པའི་བསངས་མཆོད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

མགོན་པོའི་གསེར་སྐྱེམས་བདུད་རྩིའི་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ། །

རབ་གནས་མདོར་བསྡུས་བྱ་ཚུལ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

རྗེ་ཙོང་ཁ་པའི་བསྟོད་པ་ཞེས་བྱ་བ་བཞུགས་སོ། །

ཟབ་ལམ་བླ་མའི་རྣལ་འབྱོར་གྱི་མན་ངག་མདོར་བསྡུས་སྒོམ་ཚུལ་དགའ་ལྡན་མཁའ་སྤྱོད་ཞིང་དུ་བགྲོད་པའི་རིན་ཆེན་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །

དགའ་ལྡན་འཕོ་བ་ཐུན་མོང་མ་ཡིན་པའི་ཁ་སྐོང་ཟུར་འདེབས་ཅེས་བྱ་བ་བཞུགས་སོ།། །

དགའ་ལྡན་འཕོ་བ་ཐུན་མོང་མ་ཡིན་པ་ཞེས་བྱ་བ་བཞུགས་སོ། །

རིགས་གསུམ་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་ཙོང་ཁ་པ་ལ་གསོལ་བ་འདེབས་ཚུལ་བསམ་པ་ལྷུན་འགྲུབ་ཅེས་བྱ་བ་བཞུགས་སོ། །

དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་ཚུལ་བསམ་པ་ལྷུན་འགྲུབ་ཅེས་བྱ་བ་བཞུགས་སོ། །

བླ་མ་དང་ཡི་དམ་ཕུར་བུ་ཟུང་འབྲེལ་གྱི་རྣལ་འབྱོར་འཁྱེར་བདེ་བ་བཞུགས་སོ།།

༼ག ༽

བློ་ལྡན་ཐོས་བསམ་སྒོམ་གསུམ་ལ་བསྐུལ་བའི་ཚིགས་སུ་བཅད་པ་ལེགས་བཤད་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

གཟུངས་མཆོག་ཡི་གེ་དྲུག་པའི་རིགས་སྔགས་འདི་འདོན་པའི་ཕན་ཡོན་དམིགས་རིམ་དང་བཅས་པ་ལེགས་བཤད་པདྨ་དཔར་བོའི་མྱུ་གུ་ཞེས་བྱ་བ་བཞུགས་སོ། །

ལམ་རིམ་ཆེན་མོའི་བརྡ་དོན་རྣམ་པར་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

སྦྱོར་བའི་ཆོས་དྲུག་གི་ཁྲིད་ཡིག་ཟུར་རྒྱན་དམ་པའི་མན་ངག་བདུད་རྩི་ཐིགས་འཕྲེང་ཞེས་བྱ་བ་བཞུགས་སོ། །

ཁྲི་གུང་ཐང་རིན་པོ་ཆེས་མཛད་པའི་ཚེ་གཅིག་ཉམས་ལེན་བྱ་ཚུལ་ལ་ཉེ་བར་མཁོ་བའི་མན་ངག་ཟིན་བྲིས་སུ་བཀོད་པ་ལེགས་བཤད་སྒྲོན་མེའི་འོད་འཕྲེང་ཞེས་བྱ་བ་བཞུགས་སོ། །

ཟབ་མོ་དབུ་མའི་ལྟ་བའི་མགུར་དབྱངས་སྐལ་བཟང་མགྲིན་པའི་མཛེས་རྒྱན་རིན་ཆེན་དོ་ཤལ་ཞེས་བྱ་བ་བཞུགས་སོ། །

སྦྱང་ཆོག་ལ་ཉེ་བར་མཁོ་བའི་གདམས་པ་དམ་པའི་མན་ངག་བཞིན་དུ་བཀོད་པ་ཞེས་བྱ་བ་བཞུགས་སོ། །

སྐྱབས་འགྲོའི་ཁྲིད་ཡིག་ཟུར་རྒྱན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས་སོ། །

འཇིག་རྟེན་རྣམ་བཞག་ལས་བརྩམས་པའི་དྲི་བ་འགའ་ཞིག་གི་ལན་ཚིག་བཅད་དུ་སྤེལ་བ་མུ་ཏིག་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །

སེམས་བསྐྱེད་ཆོ་གའི་སྡོམ་ཚིག །

མཆོད་པའི་དམིགས་རིམ་སྡོམ་ཚིག་གི་ཚུལ་དུ་བསྒྲིགས་པ། 

མཎྜལ་འབུལ་བཤད་མདོར་བསྡུས། 

བླ་མ་དམ་པའི་ཞབས་བརྟན་གསོལ་འདེབས་བཅས་བཞུགས་སོ། །

སྐྱབས་འགྲོའི་ཁྲིད་ཡིག་བསྡུས་པ་དམ་པའི་མན་ངག་བཞིན་བརྗོད་པ་བཞུགས་སོ། །

མར་མེའི་སྨོན་ལམ་བཞུགས་སོ། །

འཕགས་པ་དོན་ཡོད་ཞགས་པའི་བསྒོམ་བཟླས་བྱ་ཚུལ་བཞུགས་སོ། །

རྡོར་གཅོད་འདོན་ཐབས་བཞུགས་སོ། །

སྔོན་བྱོན་གྲུབ་མཐའ་སོ་སོའི་འདོད་ཚུལ་མདོ་ཙམ་བརྗོད་པ་མེ་ཏོག་ཕྱང་ཕྲུལ་ཞེས་བྱ་བ་བཞུགས་སོ། །

དམ་ཆོས་འདུལ་བའི་གནད་འགག་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལེགས་བཤད་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།

ཆོས་འབྲེལ་ངོས་ཐོབ་ཀྱི་བླ་མ་རྣམས་ཀྱི་གསོལ་འདེབས་བཞུགས་སོ། །

བླ་མ་རྣམས་ཀྱི་མཚན་སྔགས་བཞུགས་སོ། །

དུས་ཆེན་ངོས་འཛིན་མདོར་བསྡུས། དུས་ཆེན་རྣམ་བཤད། 

ཉིན་ཞག་ཕྲུགས་གཅིག་གི་ཉམས་ལེན་བྱ་ཚུལ་བཞུགས་སོ། །

འཕྲིན་ལས་རྣམ་བཞིའི་སྦྱིན་གི་བསྡུས་དོན་བཞུགས་སོ།།

དམ་ཚིག་རྡོ་རྗེའི་བསྒོམ་བཟླས་བཞུགས་སོ། །

བདག་གི་སྟོན་པ་མའི་འགྲེལ་བ།

༼    ང  ༽ 

བློ་སྦྱོང་དོན་བདུན་མའི་ཁྲིད་དམིགས་སྐྱོང་ཚུལ་དམ་པའི་མན་ངག་བཞིན་དུ་བརྗོད་པ་ཕན་བདེའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།

 བློ་སྦྱོང་དོན་བདུན་མའི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་བྱིན་རླབས་ཆུ་འཛིན་གཡོ་བ་ཞེས་བྱ་བ་བཞུགས་སོ། །

 གངས་ཅན་ལྗོངས་ལ་གྲུབ་མཐའ་སྣ་ཚོགས་བྱུང་ཚུལ་མདོ་ཙམ་བཤད་པ་ཡིད་ཀྱི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །

བསང་མཆོད་འབུལ་བའི་ཆོ་ག་དགེ་ལེགས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། ། 

རླུང་རྟ་རྒྱས་པའི་འདོད་གསོལ་བྱ་ཚུལ་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ།། 

དཔལ་རྡོ་རྗེ་འཇིགས་མཛད་ཀྱི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་པའི་ཚུལ་ལྷོ་སྒོའི་ཆོ་ག་སྡིག་སྒྲིབ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། །

བར་དོའི་ངོ་སྤྲོད་དང་འཕོ་བའི་མན་ངག་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ཐར་ལམ་གསལ་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

མགོན་པོ་འོད་དཔག་མེད་ཀྱི་བླ་མའི་རྣལ་འབྱོར་བསྡུས་པ་བཞུགས་སོ། །

ནང་གི་ཚོགས་འཁོར་བྱ་ཚུལ་དངོས་གྲུབ་མྱུར་དུ་འགུགས་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

བླ་མ་དང་འཇམ་དཔལ་ཞི་ཁྲོ་ཟུང་འབྲེལ་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་སྦྲང་ཆར་ཞེས་བྱ་བ་བཞུགས་སོ། ། 

དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་ཡིག་དངོས་གྲུབ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ལ་ཚོགས་མཆོད་འབུལ་ཚུལ་དངོས་གྲུབ་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །

དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱ་ཚུལ་སྡིག་ལྟུང་མུན་སེལ་ཉི་འོད་ཅེས་བྱ་བ་བཞུགས་སོ། །

འཇིགས་བྱེད་དཔའ་གཅིག་སྦྱིན་སྲེག་བྱ་ཚུལ་ལ་ཉེར་མཁོའི་མན་ངག་ཟུར་རྒྱན་གྱི་ཚུལ་དུ་བཀོད་པ་ཞེས་བྱ་བ་བཞུགས་སོ། །

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་འཇམ་དཔལ་མཁའ་ལས་མར་གྲགས་པ་གང་དེའི་ཚིག་དོན་རྣམ་པར་འགྲེལ་པ་དངོས་གྲུབ་སྤྲིན་ཕུང་གཡོ་བ་ཞེས་བྱ་བ་བཞུགས་སོ། །

དཔལ་རྡོ་རྗེ་འཇིགས་མཛད་དཔའ་བོ་གཅིག་པའི་རིམ་པ་དང་པོའི་རྣམ་བཤད་དངོས་གྲུབ་བང་མཛོད་ཅེས་བྱ་བ་བཞུགས་སོ། །

དཔལ་རྡོ་རྗེ་འཇིགས་མཛད་དཔའ་བོ་གཅིག་པའི་རྫོགས་རིམ་ཟབ་མོའི་གནད་དོན་རྣམས་གསལ་བར་བཤད་པ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

འཇིགས་བྱེད་དཔའ་གཅིག་གི་སྟ་གོན་ཟིན་བྲིས་དངོས་གྲུབ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

 འཇིགས་བྱེད་དཔའ་གཅིག་གི་སྒྲུབ་མཆོད་ཀྱི་ལག་ལེན་ཆོག་བསྒྲིགས་ཐོ་ཙམ་དུ་བཀོད་པ་བཞུགས་སོ། །

དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གི་ཟིན་བྲིས་དངོས་གྲུབ་གཏེར་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

འཇིགས་བྱེད་དཔའ་བོ་གཅིག་པའི་བློས་བསླང་བརྩེགས་ཚུལ་གྱི་རྣམ་བཞག་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས་སོ།། 

འཇིགས་བྱེད་ལྷ་བཅུ་གསུམ་མ་དང་དཔའ་གཅིག་གི་བསྙེན་པ་བྱ་ཚུལ་མན་ངག་དང་བཅས་པ་ཐོ་ཙམ་དུ་བཀོད་པ་ཞེས་བྱ་བ་བཞུགས་སོ། །

འཇིགས་བྱེད་སྐོར་གྱི་དམིགས་རིམ་ཞལ་ཤེས་འགའ་ཞིག་བླ་མའི་ངན་ངག་བཞིན་བརྗོད་པ་ཞེས་བྱ་བ་བཞུགས་སོ།། 

འཇིགས་བྱེད་དཔའ་གཅིག་གི་བསྒོམ་བཟླས་ཤིན་ཏུ་བསྡུས་པ་བཞུགས་སོ། །

གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་འཆི་མེད་ཚེ་ཡི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །

རྡོ་རྗེ་མི་འཁྲུགས་པ་གཙོ་རྐྱང་གི་མངོན་རྟོགས་ཉམས་སུ་ལེན་ཚུལ་བཞུགས་སོ། །

ཀླུ་དབང་རྒྱལ་པོའི་བསྒོམ་བཟླས་བྱ་ཚུལ་དགེ་མཚན་དཔལ་ཕྱུར་བཞུགས་སོ། །

སྒྲོལ་མའི་མཎྜལ་བཞི་བའི་ཆོ་ག་བྱ་ཚུལ་ཕན་བདེའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

༼ཅ༽ དགེ་ལྡན་བཀའ་སྲོལ་ཕྱག་ཆེན་རྩ་བའི་འགྲེལ་བཤད་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །

ཕྱི་ནང་གི་གྲུབ་མཐའི་འདོད་ཚུལ་ཕྱོགས་ཙམ་ཞིག་བརྗོད་པ་ཤེལ་དཀར་འཕྲེང་བ་བཞུགས་སོ། །

འོད་དཔག་མེད་ཀྱི་འཕོ་བ་རྒྱུན་ཁྱེར་ཉམས་ལེན་བྱ་ཚུལ་ཞེས་བྱ་བ་བཞུགས་སོ། །

མགོན་པོ་འོད་དཔག་མེད་ལ་བརྟེན་ནས་འཕོ་བ་ཉམས་སུ་ལེན་ཚུལ་མན་ངག་ཀུན་གྱི་སྙིང་པོའི་བཅུད་བསྡུས་པ་ཞེས་བྱ་བ་བཞུགས་སོ།།

ཚེ་དཔག་མེད་མགོན་ལ་བརྟེན་ནས་ཚེ་སྒྲུབ་བྱ་ཚུལ་འཆི་མེད་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །

ཚེ་འགུགས་བསྡུས་པ་བཞུགས་སོ། །

སྒྲོལ་དཀར་ཚེ་སྒྲུབ་དགོས་འདོད་རེ་སྐོང་དཔག་བསམ་ཡོངས་འདུའི་ལྗོན་འཕྲེང་ཞེས་བྱ་བ་བཞུགས་སོ། །

ཐུགས་རྗེ་ཆེན་པོའི་བླ་མའི་རྣལ་འབྱོར་རྒྱུན་འཁྱེར་གྱི་ཉམས་ལེན་བསྡུས་པ་བཞུགས་སོ། །

འཕགས་པ་བཅུ་གཅིག་ཞལ་གྱི་བསྙེན་སྒྲུབ་བྱེད་ཚུལ་ཐོ་ཙམ་དུ་བཀོད་པ་གྲུ་འཛིན་ཞིང་དུ་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །

ཐེག་ཆེན་གསོ་སྦྱོང་གི་འགྲེལ་པ་དམ་པའི་མན་ངག་ཉུང་བསྡུས་བློ་གསལ་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །

སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྨྱུང་གནས་དང་འབྲེལ་བའི་བདག་འཇུག་ལེན་ཚུལ་སྐལ་བཟང་ཡིད་ཀྱི་དགའ་སྟོན་བཞུགས་སོ། །

འཕགས་པ་ཐུགས་རྗེ་ཆེན་པོའི་སྔོན་བྱུང་ལོ་རྒྱུས་དང་ཕན་ཡོན་འགའ་བཤད་པ་བདེ་བ་ཅན་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །

མ་ཅིག་ཁྲོས་མའི་སྒྲུབ་དཀྱིལ་གྱི་དགོངས་པ་གསལ་བྱེད་མན་ངག་རིན་ཆེན་འོད་ཀྱི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །

མ་ཅིག་ཁྲོས་ནག་ལྷ་ལྔའི་དཀྱིལ་འཁོར་བསྒྲུབ་མཆོད་ཀྱི་ཆོག་བསྒྲིགས་ཐོ་ཙམ་དུ་བཀོད་པ་བཞུགས་སོ། །

ཡུམ་ཆེན་མོའི་སྒོམ་བཟླས་བསྡུས་པ་བཞུགས་སོ། །

མ་ཅིག་ཁྲོས་མའི་ནང་མཚམས་ཞག་བདུན་མའི་ཕྱག་ལེན་གོ་བདེར་བརྗོད་པ་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

གཉན་ཁྲོད་ཞག་བདུན་འགྲིམ་ཚུལ་གྱི་རྣམ་བཤད་ལྷ་ཡི་མཆོད་ཡོན་ཞེས་བྱ་བ་བཞུགས་སོ། །

གཉན་ཁྲོད་ཡིག་ཆུང་ལ་ཉེར་མཁོའི་མན་ངག་ཟུར་རྒྱན་གྱི་ཚུལ་དུ་བཀོད་པ་བཞུགས་སོ། །

བྱ་བཏང་མཁན་པོའི་ཡོ་བྱད་རྣམས་ཀྱི་བཤད་པ་བླ་མ་ཌཱ་ཀི་མའི་ཐུགས་དགྱེས་བྱེད་རྡོ་རྗེ་ཐོལ་གླུ་བཞུགས་སོ། །

ལམ་ཟབ་ཀྱི་གནད་དོན་བསྡུས་ནས་ཉམས་སུ་ལེན་ཚུལ་བླ་མ་མཁའ་འགྲོ་མཉེས་བྱེད་རྡོ་རྗེ་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

མ་ཅིག་ཞི་བ་ལམ་ཟབ་ཀྱི་དམིགས་རིམ་ལེགས་པར་བཤད་པ་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །

ཟབ་མོ་གཅོད་ཀྱི་གདམས་པ་རྒྱས་བསྡུས་འཚམ་པར་བཀོད་པ་ལེགས་གསུང་ཀུན་གྱི་སྙིང་ཁུ་ཞེས་བྱ་བ་བཞུགས་སོ། །

བདག་འཛིན་གཤགས་འགྱེད་ཆོས་བརྒྱད་འགུགས་འཇོམས་ཞེས་བྱ་བ་བཞུགས་སོ། །

ཚ་གསུར་གྱི་དམིགས་རིམ་གོ་བདེ་བར་བཤད་པ་ཕན་བདེའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

གཏོར་མ་བརྒྱ་རྩའི་རྣམ་བཤད་དོན་གཉིས་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་བཞུགས་སོ།། 

༼ཆ ༽ བླ་མའི་རྣལ་འབྱོར་བྱ་ཚུལ་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

བླ་མ་མཆོད་པའི་ཁྲིད་དམིགས་སྐྱོང་ཚུལ་བསམ་འཕེལ་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །

བླ་མ་མཆོད་པའི་ཏིང་ངེ་འཛིན་གྱི་དབང་བཞི་བླངས་ཚུལ་ཐུན་མོང་མ་ཡིན་པ་བཞུགས་སོ། །

བླ་མ་མཆོད་པའི་ས་བཅད་ཉུང་ངུའི་ཚིག་གིས་བཤད་པ་བློ་གྲོས་མིག་འབྱེད་ངོ་མཚར་འོད་འཕྲེང་ཞེས་བྱ་བ་བཞུགས་སོ། །

བླ་མ་མཆོད་པའི་ཆོ་ག་འཇིགས་བྱེད་དང་འབྲེལ་བར་ཉམས་སུ་ལེན་ཚུལ་བཀླག་པས་དོན་འགྲུབ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

བླ་མ་མཆོད་པའི་ནང་དུ་ཐུན་དྲུག་རྣལ་འབྱོར་བསྡུས་ཚུལ་ཕྱོགས་ཙམ་ཕྱེ་བ་གནད་ཀྱི་གདམས་ངག་བཅུད་ཀྱི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །

བླ་མཆོད་ཀྱི་ཚོགས་ཤིན་ཏུ་བསྡུས་པ་བཞུགས་སོ། །

ཉི་མ་ལྟ་བུར་ཡོངས་སུ་གྲགས་པའི་བླ་མའི་རྣལ་འབྱོར་གྱི་བསྙེན་པ་བྱ་ཚུལ་རྣམ་པར་བཤད་པ་སྐལ་བཟང་སྙིང་གི་པདྨོ་ཞེས་བྱ་བ་བཞུགས་སོ། །

བླ་མཆོད་ཀྱི་མཚམས་ལ་འདུག་ཚུལ་ཐོ་ཙམ་དུ་བཀོད་པ་བཞུགས་སོ། །

བླ་མ་མཆོད་པའི་ཚོགས་མཆོད་དམིགས་རིམ་མདོར་བསྡུས་སུ་བཀོད་པ་དངོས་གྲུབ་བདུད་རྩི་རབ་ཏུ་འཁྱིལ་བ་སྐལ་བཟང་ཡིད་ཀྱི་རེ་བ་ཀུན་སྐོང་ཞེས་བྱ་བ་བཞུགས་སོ། །

ཁྲུས་གསོལ་གྱི་དམིགས་རིམ་དྲན་པ་གསོ་བའི་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

གྲུབ་ཆེན་དྲིལ་བུ་ཞབས་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་རིམ་པ་དང་པོའི་ཁྲིད་ཡིག་བདེ་ཆེན་བདུད་རྩིའི་ཆུ་གཏེར་དངོས་གྲུབ་རིན་ཆེན་བྱེ་བའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །

བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་བསྡུས་པ་བདེ་ཆེན་རྒྱ་མཚོར་འཇུག་པའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། 

བདེ་མཆོག་གི་ཉམས་ལེན་རྒྱུན་འཁྱེར་བསྡུས་པ་དངོས་གྲུབ་ཀྱི་གཟི་བརྗིད་རབ་སྣང་ཞེས་བྱ་བ་བཞུགས་སོ། །

བདེ་མཆོག་ལྷ་ལྔ་དང་ལྷུ་ཨི་པའི་བསྙེན་སྒྲུབ་བྱེད་ཚུལ་བདེ་ཆེན་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

བདེ་མཆོག་གི་ལག་མཆོད་ཟས་ཀྱི་རྣལ་འབྱོར་དང་ལྷན་གཅིག་ཏུ་བྱ་ཚུལ་མདོར་བསྡུས་སུ་བཀོད་པ་བཞུགས་སོ། །

བདེ་མཆོག་ལྷ་ལྔའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་ཉེས་ལྟུང་ཚང་ཚིང་མ་ལུས་བསྲེག་ནུས་པ་བདེ་ཆེན་ཡེ་ཤེས་མེ་ལྕེ་རབ་འབར་ཞེས་བྱ་བ་བཞུགས་སོ། །

བཅོམ་ལྡན་ཐམས་ཅད་རིག་པའི་སྟ་གོན་ཟིན་བྲིས་བཞུགས་སོ། །

བཅོམ་ལྡན་ཐམས་ཅད་རིག་པའི་དབང་གི་ཟིན་བྲིས་ཞེས་བྱ་བ་བཞུགས་སོ། །

ཀུན་རིག་བསྙེན་ཡིག་ཉིན་བྱེད་འོད་འབུམ་རབ་འབར་ཞེས་བྱ་བ་བཞུགས་སོ། །

ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱ་ཚུལ་བཞུགས་སོ། །

བཅོམ་ལྡན་ཀུན་རིག་གི་བདག་བསྐྱེད་བསྡུས་པ་བཞུགས་སོ། །

ཕུང་པོ་གསུམ་པའི་ཆོ་ག་ཤིན་ཏུ་བསྡུས་པ་བཞུགས་སོ། །

ལྟུང་བཤགས་ཀྱི་འགྲེལ་བ་མདོར་བསྡུས་སུ་བཀོད་པ་ལྟུང་མུན་གདུང་སེལ་ཞེས་བྱ་བ་བཞུགས་སོ།། །

ལྟུང་བཤགས་ཀྱི་ཆོ་ག་སྡིག་ལྟུང་དག་བྱེད་བདུད་རྩིའི་ཐིག་ཕྲེང་ཞེས་བྱ་བ་བཞུགས་སོ།། 

༼ཇ༽ 

དཀར་ཆག བྱ་བཏང་རྣམས་ལ་ཉེ་བར་མཁོ་བའི་གདམས་པ་བང་མཛོད་ཅེས་བྱ་བ་བཞུགས་སོ། ། 

ཞལ་གདམས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་བསྒྲིགས་པ་ལེགས་བཤད་གསེར་གྱི་འཕྲེང་བ་བཞུགས་སོ། །

༼ཉ ༽

 བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་འཇུག་པའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །

 སྦྱོར་བའི་ཆོས་དྲུག་ཉམས་སུ་ལེན་ཚུལ་བྱིན་རླབས་དཔལ་སྟེར་བཞུགས་སོ། །

སྦྱོར་ཆོས་བསྡུས་པ་ལམ་ཟབ་ཀུན་གྱི་སྙིང་ཁུ་ཞེས་བྱ་བ་བཞུགས་སོ། །

ཐུན་དྲུག་རྣལ་འབྱོར་བསྡུས་པ་བྱ་ཚུལ་བྱིན་རླབས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

ཐུན་དྲུག་རྣལ་འབྱོར་གྱི་ཁྲིད་ཡིག་གནད་དོན་ཀུན་གསལ་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ། ། 

སྔགས་ཀྱི་བསླབ་བྱ་རྣམས་རགས་བསྡུས་ཙམ་དུ་བཀོད་པ་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །

བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་སློབ་ཚུལ་བསྡུས་ནས་བཤད་པ་པད་དཀར་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །

སོ་ཐར་གྱི་ཁྲིམས་ལ་བསླབ་པའི་རིམ་པ་རྣམས་བསྡུས་ནས་བཤད་པ་རཏྣའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །

དགེ་ཚུལ་གྱི་བསླབ་བྱ་ཉུང་ངའི་ཚིག་གིས་གསལ་བར་བརྗོད་པ་ཞེས་བྱ་བ་བཞུགས་སོ། །

ཁམས་བདེ་གཤེགས་སྙིང་པོའི་གནས་ལུགས་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ཞི་གནས་ལས་བརྩམས་པའི་གདམས་པ་རང་གི་བརྗེད་བྱང་དུ་བཀོད་པ་གྲུབ་དབང་ཡོངས་ཀྱི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །

ལྷག་མཐོང་ཆེན་མོའི་དཀའ་གནས་ལས་བརྩམས་ཏེ་དོགས་གཅོད་འགའ་ཞིག་བརྗོད་པ་རྣམ་དཔྱོད་ལང་ཚོ་ལྡན་པའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །

བླ་མ་དམ་པའི་ཞབས་བརྟན་གསོལ་འདེབས་འགའ་ཞིག་བཞུགས་སོ།། 

ལྷག་པའི་ལྷ་འགའ་རེ་མངོན་རྟོགས་རྣམས་བཞུགས་སོ།།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།