གཡེར་གཤོང་མཁན་ཆེན་དཔལ་ལྡན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་དཀར་ཆག་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-09-28 20:19:13     རྩོམ་པ་པོ།   ཁྲི་རྐང་འཇིགས་མེད།    ཀློག་ཐེངས།  

མཁན་ངག་དབང་ཕུན་ཚོགས་ཀྱི་རྟོགས་པ་བརྗོད་པ་དད་བརྩོན་རིན་ཆེན་འདྲེན་པའི་ཤིང་རྟ།

མཁན་ཆེན་དཔལ་ལྡན་ནོ་མོན་ཧན་དུ་འབོད་པའི་འཁྲུངས་རབས་གསོལ་འདེབས་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

སྙན་བརྒྱུད་མན་ངག་སེམས་སྦྱོང་གདམས། །རིན་ཆེན་དབང་གི་རྒྱལ་བོ་བཞུགས། །

དམ་པ་ཆོས་ལུགས་ཀྱི་རིན་པོ་ཆེའི་བསྟན་བཅོས་ལེགས་བཤད་དབང་གི་རྒྱལ་བོ་ཞེས་བྱ་བ་བཞུགས་སོ། །

དམ་པ་ཆོས་ལུགས་ཀྱི་ལྕགས་ཀྱི་བསྟན་བཅོས་ལེགས་བཤད་དགོས་འདོད་འགུགས་པའི་ལྕགས་ཀྱོ་ཞེས་བྱ་བ་བཞུགས་སོ། །

དམ་པ་ཆོས་ལུགས་ཀྱི་མེའི་བསྟན་བཅོས་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

བྱང་ཆུབ་ལམ་གྱི་རིམ་པ་བསྡུས་པའི་འཁྲིད་ཀྱི་ས་བཅད་བཞུགས་སོ། །

མཚོ་སྔོན་བུམ་ཆེན་རྡོ་རྗེ་བདེ་ཆེན་གླིང་གི་གནས་བསྟོད་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །

ཕུན་ཚོགས་བཀྲ་ཤིས་ཆོས་ཀྱི་དགའ་ཚལ་གྱི། །གནས་བསྟོད་སྐལ་བཟང་སྙིང་གི་འདོད་འཇོ་བཞུགས། །

དཔལ་བྱང་ཆུབ་གླིང་གི་གནས་བསྟོད་ཐར་འདོད་ཡིད་ཀྱི་གསོས་སྨན་ཞེས་བྱ་བ་བཞུགས་སོ། །

ཤ་སྦྲང་དགོན་ཕུན་ཚོགས་ཆོས་འཕེལ་གླིང་གི་བཅའ་ཡིག་ཐར་འདོད་དགའ་སྐྱེད་བཞུགས་སོ།

བླང་དོར་སྟོན་པའི་བཅའ་ཡིག་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

བཅའ་ཡིག་ལེགས་ཚོགས་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ་བཞུགས་སོ། །

ཀུན་བཟང་འཁོར་ལོ།

ཐོས་བསམ་དར་རྒྱས་གླིང་གི་བཅའ་ཡིག་ལེགས་ཚོགས་ལྷུན་འགྲུབ་ཅེས་བྱ་བ་བཞུགས་སོ། །

སློབ་གཉེར་བསླབ་བྱ་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

རྐང་ཚ་དར་རྒྱས་ཆོས་གླིང་གི་བསླབ་བྱ་ཐར་འདོད་འཇུག་ངོགས་བཞུགས་སོ། །

མདོ་སྡེ་བསྐལ་བ་བཟང་བོའི་ཤེས་བྱའི་རྣམ་གཞག་བསྟན་པ་བཞུགས་སོ། །

དགེ་ལེགས་དབྱངས་ཀྱི་རོལ་མོ་བཞུགས་སོ། །

རང་གི་སློབ་མར་བྲིས་པའི་བསླབ་བྱ་བཞུགས་སོ། །

སྐྱོ་མགུར་བཞུགས་སོ། །

བཟང་ངན་ཟུང་འབྲེལ་གྱི་ལུང་བསྟན་བསླབ་བྱ་བཞུགས་སོ། །

མགུར་སྡོང་མགུར་མ་བཞུགས་སོ། །

མ་ནོར་གདམས་པ་ཉུང་བསྡུས་བཞུགས་སོ། །

སྙན་ངག་དང་འབྲེལ་བའི་བསླབ་བྱ་བཞུགས་སོ། །

དགེ་རྩ་ཆུད་མི་ཟ་བའི་གདམས་པ་འབད་པ་དོན་ཡོད་ཅེས་བྱ་བ་བཞུགས་སོ། །

སུམ་ཅུ་བ་དང་རྟགས་འཇུག་གི་དཔེ་བརྗོད་སྡོམ་སོགས་ཉེར་མཁོ་གསར་བུ་རྣམས་ལ་ཕན་པ་བཞུགས་སོ། །

རྣམ་ཐར་རིན་ཆེན་ཕྲེང་བ་བཞུགས་སོ། །

མཁའ་སྤྱོད་རྨི་ལམ་བཞུགས་སོ། །

སྨན་གྱི་སྦྱོར་སྡེ་ཀུན་བཟང་བདུད་རྩིཞེས་བྱ་བ་བཞུགས་སོ། །

རེབ་གོང་ཤ་སྦྲང་དགོན་ཕུན་ཚོགས་ཆོས་འཕེལ་གླིང་གི་བསྐོར་ཚད་མཐོང་བ་དོན་ལྡན་བཞུགས་སོ། །

རྣམ་ཐར་གསོལ་འདེབས་ཀུན་བཟང་སྤྱོད་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

མགོན་པོ་ཚེ་མཐའ་ཡས་པའི་གསང་གསུམ་སྒྱུ་འཕྲུལ་དྲ་བའི་ཟློས་གར་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་བརྟན་བཞུགས་གསོལ་འདེབས་བཀྲ་ཤིས་རྣམ་རྒྱལ་དགེ་ལེགས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

འཁྲུངས་རབས་གསོལ་འདེབས་རྨད་བྱུང་ཞིང་མཆོག་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །

ཞབས་བརྟན་གསོལ་འདེབས་དཔལ་ལྡན་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

གསོལ་འདེབས་དོན་གཉིས་ལྷུན་འགྲུབ་ཅེས་བྱ་བ་བཞུགས་སོ། །

མཁན་ཆེན་ནོ་མོན་ཧན་གྱི་གསོལ་འདེབས་དང་ཚེ་རབས་རྗེས་འཛིན་བཅས་བཞུགས་སོ། །

ཞབས་བརྟན་སྨོན་ཚིག་དགེ་ལེགས་འདོད་དགུ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དགེ་ལེགས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

བླ་མ་དྲན་པའི་གསོལ་འདེབས་ཐུགས་རྗེ་བསྐུལ་བའི་ལྕགས་ཀྱུ་ཞེས་པ་བཞུགས་སོ། །

ཐུགས་བཞེད་འགྲུབ་པའི་སྨོན་ཚིག་ལེགས་ཚོགས་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

བླ་མའི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ཞེས་བྱ་བ་བཞུགས་སོ། །

ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་བསྲུང་ནུས་པའི་སྨོན་ཚིག་བཞུགས་སོ། །

གུ་རུ་པདྨའི་གསོལ་འདེབས་བཞུགས་སོ། །

ངག་བྱིན་རླབས་བཞུགས་སོ། །

གསང་ཆེན་བདུད་རྩིའི་བུམ་བཟང་ལས། །རིག་འཛིན་སྟོང་མཆོད་ཚོགས་བཅས་བཞུགས། །

རྒྱལ་དབང་པདྨ་ཀཱ་ར་ལ་བསྟེན་པའི་སྟོང་མཆོད་འབུལ་ཚུལ་ཐར་འདོད་ཡིད་ཀྱི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །

ལམ་ཟབ་བཅུད་བསྡུས་བཞུགས་སོ། །

རྒྱུད་གསུམ་འདོན་ཐབས་བཞུགས་སོ། །

དཔལ་འཁོར་ལོ་བདེ་མཆོག་གི་ཆོ་ག་རྒྱས་པ་ཆག་མེད་དུ་འདོན་རྒྱུ་མ་བྱུང་ཡང་སྐྱེ་བ་ཕྱི་མ་རྣམས་སུ་ཆོས་འདི་སྤྱོད་པའི་རྒྱལ་རིགས་སོགས་སུ་སྐྱེ་བའི་ཆེད་དུ་བཀླགས་པས་འགྲུབ་པ་ས་སྟེང་ན་རིན་ཆེན་རྣམ་པ་བཞི་ཞེས་ཆེས་ཆེར་བསྔགས་པ་དེ་ཉིད་འདོན་ཚུལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་རྒྱུན་དང་དེ་ལས་ཀྱང་བསྡུས་པ་བྱ་ཚུལ་བཅས་གཉིས་བཞུགས་སོ། །

བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་བཟློག་གཏོར་བྱ་བའི་ཆོ་ག་བདུད་བགེགས་འཇོམས་པའི་མཚོན་ཆ་གནད་བསྡུས་སྙིང་བོ་རྡོ་རྗེ་ཕ་ལམ་ཞེས་བྱ་བ་བཞུགས་སོ། །

འབྲུ་གསུམ་བཟླ་ཚུལ་རྡོ་རྗེ་གསུམ་གྱི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

འཕགས་མཆོག་རྒྱལ་བ་རྒྱ་མཚོ་གསང་སྒྲུབ་ལྷ་དགུའི་སྒྲུབ་ཐབས་བདག་མདུན་བུམ་བཅས་འཁྱེར་བདེ་བར་བཀོད་པ་བྱིན་རླབས་གཏེར་ཆེན་ཞེས་བྱ་བ་བཞུགས་སོ། །

པདྨ་ཡང་གསང་ཁྲོས་པའི་བསྙེན་སྒྲུབ་ལས་བྱང་དང་བཅས་པའི་རྣམ་གཞག་དབང་ཆེན་རྔམས་པའི་བཞད་སྒྲ་ཞེས་བྱ་བ་བཞུགས་སོ། །

པདྨ་ཡང་གསང་ཁྲོས་པ་ལྷ་དགུའི་སྒོ་ནས་གཤེད་སྲི་གང་འདུལ་ཡང་འདོན་བདེར་བཀོད་པ་རྡོ་རྗེའི་རྟ་སྐད་རྒོད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

དཔལ་ཡང་གསང་གི་ལས་བྱང་གནད་འདུས་སྙིང་བོ་བཞུགས་སོ། །

རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་བཞུགས་སོ། །

རྟ་མགྲིན་རྒྱུན་འཁྱེར་བཞུགས་སོ། །

ཡང་གསང་རྒྱུན་འཁྱེར་མདོར་བསྡུས་བཞུགས་སོ། །

ཡང་གསང་བརྒྱུད་འདེབས་མདོར་བསྡུས་བཞུགས། །

དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་ལ་བརྟེན་པའི་མ་ཎི་རིལ་སྒྲུབ་བྱ་ཚུལ་ཐར་འདོད་ཡིད་ཀྱི་དགའ་སྟོན་དགེ་ལེགས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

སྤྱན་རས་གཟིགས་ཀྱི་གསོལ་འདེབས་མཚོ་སྒྲོལ་མ་ཞེས་བྱ་བ་བཞུགས་སོ། །

ཐར་བའི་གྲོང་ཁྱེར་དུ་འཇུག་པའི་གསོལ་འདེབས་བཞུགས་སོ། །

སྒྲོལ་མའི་གཡང་འབོད་དགོས་འདོད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

མིག་གཟུངས་འདོན་ཐབས་མདོར་བསྡུས་བཞུགས་སོ། །

རྡོ་རྗེ་འཇིགས་བྱེད་དང་སྦྲགས་ཏེ་འཇམ་དབྱངས་དཀར་པོའི་སྒོ་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྒྲུབ་ཚུལ་བློ་གྲོས་མིག་འབྱེད་ཀྱི་ཐུར་མ་ཞེས་བྱ་བ་བཞུགས་སོ། །

འཇམ་དབྱངས་དམར་སེར་སྒྲུབ་ཐབས་མདོར་བསྡུས་བཞུགས་སོ། །

མ་ཏིའི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བཞུགས་སོ། །

འཇམ་དཔལ་ནག་པོ་སྒྲུབ་ཐབས་མདོར་བསྡུས་བཞུགས་སོ། །

འཇམ་དཔལ་ནཱ་ག་རཀྵའི་མངོན་རྟོགས་མདོར་བསྡུས་བཞུགས་སོ། །

ནཱ་ག་རཀྵའི་སྒྲུབ་ཐབས་ཉུང་བསྡུས་བཞུགས་སོ། །

ནཱ་ག་ར་ཀྵའི་མདོར་བསྡུས་བཞུགས། །

རྗེ་བཙུན་འཇམ་དབྱངས་ཀྱི་བསྟོད་པ་ལེགས་ཚོགས་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ལྷ་མོ་དབྱངས་ཅན་མ་ལ་བསྟོད་ཅིང་གསོལ་བ་འདེབས་པ་དབྱངས་ཅན་དགྱེས་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །

ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་བཞུགས་སོ། །

ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་བཅས་ལ་བརྟེན་པའི་གཡང་འགུགས་དགོས་འདོད་འབྱུང་བ་ཞེས་བྱ་བ་བཞུགས་སོ། །

རྡོ་རྗེ་ས་འོག་གི་སྒོ་ནས་ས་འདུལ་མདོར་བསྡུས་བཞུགས་སོ། །

 ཤེར་སྙིང་གི་བཟློག་བསྒྱུར་བཞུགས་སོ། ། །

རྒྱལ་ཡུམ་སྒྲོལ་མའི་གཏེར་སྒྲུབ་སྲིད་ཞིའི་ལེགས་ཚོགས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

སྒྲོལ་མ་ཁྲོ་གཉེར་ཅན་གྱི་ལག་ལེན་གདམས་ངག་ཟུར་དུ་བཀོད་པ་དགྲ་བགེགས་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །

འཕགས་མ་རིག་བྱེད་མའི་སྒྲུབ་ཐབས་ཨུཏྤལ་དམར་པོའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ཚིག་ཚོགས་མི་དགོས་མི་ནུས་རིགས་ཅན་ལ། །ཕན་པའི་ལམ་ཟབ་རྒྱུན་འཁྱེར་མདོར་བསྡུས་བཞུགས། །

ཀུ་རུ་ཀུལླེའི་སྒྲུབ་ཐབས་སྲིད་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ལ་བརྟེན་པའི་འདོད་གསོལ་དགེ་ལེགས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་བརྟེན་པའི་རྡེའུ་འབུམ་སྒྲུབ་ཚུལ་བཞུགས་སོ། །

ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་བཞུགས་སོ། །

རྡོ་རྗེ་རྣལ་འབྱོར་མའི་ཚེ་སྒྲུབ་བཞུགས་སོ། །

མཁའ་སྤྱོད་གཙོ་རྐྱང་གི་དཀྱིལ་འཁོར་གསལ་འདེབས་ཚུལ་བཞུགས་སོ། །

དཔལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གདོང་དམར་མོའི་བསྙེན་ཡིག་རྡོ་རྗེ་སྲུང་བའི་གོ་ཁྲབ་ཅེས་བྱ་བ་བཞུགས་སོ། །

ཤམ་བྷ་ལའི་སྨོན་ལམ་བཞུགས་སོ། །

དཔལ་དུས་ཀྱི་འཁོར་ལོའི་བླ་མའི་རྣལ་འབྱོར་གསོལ་འདེབས་ཤམ་བྷ་ལའི་སྨོན་ལམ་དང་བཅས་དོན་གཉིས་བདེ་བླག་འབྱུང་བའི་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །

ཁྲོས་མ་ནག་མོའི་སྒོ་ནས་གཤེད་འདུལ་བྱ་ཚུལ་མཐུ་སྟོབས་རྡོ་རྗེའི་ཐོག་ཆར་ཞེས་བྱ་བ་བཞུགས་སོ། །

སྦྱིན་སྲེག་མཆོད་གཡོག་པའི་ཕྱག་ལེན།

རྒྱས་པའི་སྦྱིན་སྲེག་གི་སྤེལ་ཚིག་དང་ཁ་བསྒྱུར་སོགས་ལ། དབང་གི་སྦྱིན་སྲེག་གི་སྤེལ་ཚིག་དང་ཁ་བསྒྱུར་སོགས་ལ། བསྙེན་པའི་ཁ་སྐོང་སྦྱིན་སྲེག་བསྡུས་པ་བཞུགས་སོ། །

ཚོགས་བདག་དམར་ཆེན་སྒྲུབ་ཐབས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

ཚོགས་ཀྱི་བདག་པོའི་གཏེར་སྒྲུབ་དང་། །གཡང་འབོད་རང་གཞན་ཕན་པ་བཞུགས། །

རྒྱལ་བོ་ཆེན་པོ་རྣམ་མང་ཐོས་སྲས་ལ་བརྟེན་པའི་གཡང་འགུགས་བྱ་ཚུལ་དོན་གཉིས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །

གནོད་སྦྱིན་ཕོ་མོའི་འཁོར་ལོའི་སྒྲུབ་ཆོག་གཡང་འབོད་དང་བཅས་པ་འདོད་དགུའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། ། ཛམ་བྷ་ལ་སེར་པོ་ཡབ་ཡུམ་གྱི་སྒྲུབ་ཐབས་བཞུགས་སོ། ། །

བུམ་གཏེར་འབུལ་ཚུལ་གཉིས་མེད་ཡེ་ཤེས་རོལ་བའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

མཚོ་སྔོན་བུམ་གཏེར་འབུལ་ཚེ་མཚོ་བདག་ལ། །མཆོད་ཅིང་བསྟོད་དེ་ཤིས་བརྗོད་བསྒྲག་ཚུལ་བཞུགས། །

ནཱ་གའི་ཐེབས་ལྡོག་བལྟ་ཚུལ་བཞུགས་སོ། །

འཕོ་ལུང་བཞུགས་སོ། །

བསྟན་བསྲུང་རྒྱུན་མཆོད་རྡོ་རྗེ་གླུ་དབྱངས་བཞུགས།

ཚེ་རིང་མཆེད་ལྔ་སོགས་ཀྱི་མཆོད་ཐབས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་དང་བཅས་པའི་གསོལ་མཆོད་འབུལ་ཚུལ་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

དམ་ཅན་ཆོ་ག་ལས་བཞི་མྱུར་འགྲུབ་བཞུགས་སོ། །

དཔལ་མགོན་ཞལ་གྱི་སྒོ་ནས་དངོས་གྲུབ་འདོད་དོན་འབྱུང་ཐབས་མན་ངག་ཡིད་བཞིན་ནོར་བུ་བཞུགས་སོ། །

བསྟན་སྲུང་མཆོད་ཐབས་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །

རྩེ་གསུམ་ལྷ་མདུང་འཛུགས་ཚུལ་གཞོམ་མེད་རྡོ་རྗེའི་རྟ་སྐད་བཞད་པའི་སྒྲ་དབྱངས་བཞུགས་སོ། །

དཔལ་མགོན་གསེར་སྐྱེམས་བཞུགས་སོ། །

གུར་ལྷ་བརྒྱད་ཀྱི་སྒྲུབ་ཐབས་ཉུང་ངུར་བཀོད་པ་བཞུགས་སོ། ། དཔལ་གུར་གྱི་མགོན་པོའི་ཆོ་ག་བསྡུས་པ་བཞུགས།

མ་ཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི་ལ་མཆོད་གཏོར་འབུལ་ཚུལ་སྲུང་མ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

ཕུད་སྐོང་དྲང་སྲོང་བདེན་གཏམ་ཞེས་བྱ་བ་བཞུགས་སོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།