ཞལ་ཤུལ་སྐུ་འཕྲེང་དང་པོ་གྲུབ་དབང་རྗེ་ཁེ་ཐལ་ཚུལ་ཁྲིམས་དར་རྒྱས་ཀྱི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-19 23:36:12     རྩོམ་པ་པོ།   རོང་བརྩོན།    ཀློག་ཐེངས།  

  ༼པོད་དང་པོ།༽

ཟབ་མོའི་གཞུང་མཆོག་ཤེས་རབ་སྙིང་པོའི་དཔེ་ཁྲིད་ཀྱི་སྐབས་སུ་དཔྱད་གཞི་ཐོ་ཡིག་ཏུ་བྲིས་པ་ཟབ་དོན་སྒོ་འབྱེད་ཅེས་བྱ་བ།

སྡུད་པའི་དཀའ་འགྲེལ་སྦས་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ།

      ཞལ་ཤུལ་ཚང་སྐུ་འཕྲེང་དང་པོ་རྗེ་ཁེ་ཐལ་ཚུལ་ཁྲིམས་དར་རྒྱས་དཔལ་བཟང་པོ་མཆོག་ནི་ཁྲོ་ཁོ་སྨད་མའི་ཁེ་ཐལ་ཞལ་ཤུལ་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པར་རབ་བྱུང་བཅུ་གསུམ་པའི་ས་རྟ་སྤྱི་ལོ1798ལོར་སྐུ་འཁྲུངས།  གཞོན་ནུའི་དུས་ནས་ཆོས་ཀྱི་བག་ཆགས་སད་དེ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་མདོ་སྔགས་ཡོངས་སུ་རྫོགས་པར་ཐོས་བསམ་རྡོ་རུས་ཐུག་པ་གནང་སྟེ་རྡོ་རམས་པའི་མཚན་བཏགས་བཞེས། གོང་ས་པཎ་ཆེན་བདུན་པ་ཆེན་པོ་བསྟན་པའི་ཉི་མ་དང་། ཀུན་མཁྱེན་གསུམ་པ་འཇིགས་མེད་རྒྱ་མཚོ། དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན་སོགས་ཀུན་མཁྱེན་ཡབ་སྲས་ཚུལ་བཞིན་བསྟེན་ཏེ། དབང་ལུང་རྗེས་གསུམ། ཁྲིད་དང་ཞལ་ལུང་། མན་ངག་སྙན་བརྒྱུད་སོགས་ཟབ་ཆོས་བདུད་རྩིའི་ཆུ་རྒྱུན་མཐའ་ཡས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་དེ་ཐུགས་ཉམས་སུ་བསྟར། ཁྱ་དགེ་ལེགས་བཤད་གླིང་དང་། འཇམ་དབྱངས་སྨྲ་སེང་གླིང་། མཚན་སྒྲོགས་དགོན་སོགས་ཆོས་སྡེ་མང་པོར་ཟབ་ཆོས་མང་ཙམ་གནང་། རབ་བྱུང་བཅུ་བཞི་བའི་ཆུ་བྱི་སྤྱི་ལོ1852ལོར་ཆོས་སྡེ་ཞལ་ཤུལ་དགོན་ཕྱག་འདེབས་མཛད། རྟ་ཕྱག་ཁྱུང་གསུམ་གྱི་སྐུ་བརྙན་རང་བྱོན་གཏེར་ནས་འདོན་པར་མཛད། དགུང་གྲངས་དྲུག་ཅུ་བ་མེ་སྦྲུལ་སྤྱི་ལོ་1857ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ།། གསུང་རྩོམ་ཁ་ཤས་མཛད་འདུག་ཀྱང་། ད་ལྟ་ཤེར་སྙིང་འགྲེལ་བ་ལས་གཞན་མི་བཞུགས་སོ།།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།