གཉན་ཐོག་གཅོད་པ་རྗེ་སྐལ་བཟང་ཐབས་མཁས་རྒྱ་མཚོའི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-02 07:05:14     རྩོམ་པ་པོ།   སྐལ་བཟང་ཆོས་འཛིན།    ཀློག་ཐེངས།  

༼ པོད་དང་བོ། ༽

རྣམ་ཐར་གྱི་སྐོར།

སྐྱབས་མཆོག་ཐམས་ཅད་མཁྱེན་པ་ལ་རྣམ་ཐར་དང་འབྲེལ་བར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བསམ་པ་ལྷུན་གྱིས་འགྲུབ་པ་ཞེས་བྱ་བ།

ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར།

དགེ་ལྡན་བསྟན་པའི་སྲོག་ཤིང་རྗེ་བཙུན་ངག་དབང་བསྟན་པའི་རྒྱ་མཚོ་དཔལ་བཟང་བོའི་གསང་བའི་རྣམ་ཐར་པདྨ་དཀར་བོའི་འཕྲེང་བ་ཞེས་བྱ་བ།

ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་དྷརྨ་སིང་ཧ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་གསང་རྣམ་གསོལ་འདེབས་དད་ལྡན་རྣ་བའི་བདུད་རྩི་ཞེས་བྱ་བ།

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པར་དཀའ་བ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བའི་ཞལ་སྔ་ནས་ཀྱི་རྣམ་ཐར་གསོལ་འདེབས་དད་པའི་ཀུ་མུད་བཞད་པའི་ཟླ་ཤེལ་ཞེས་བྱ་བ།

ཤཱཀྱ་དགེ་སྦྱོང་སྐལ་བཟང་ཐབས་མཁས་རྒྱ་མཚོའི་སྤྱོད་ཚུལ་དྲང་བོར་བརྗོད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ།

གཅོད་སྤྲུལ་བྷུ་སུ་ཀུ་བའི་སྤྱོད་ཚུལ་ཁྲིགས་ཆགས་སུ་བཀོད་པའི་ཁ་སྐོང་ཕྲན་བུ་ཞེས་བྱ་བ།

བཤེས་གཉེན་དམ་པའི་ཞལ་གྱི་བུམ་བཟང་ལས་ལེགས་གསུངས་བདུད་རྩི་ཐོབ་པའི་རིམ་པ་ཞེས་བྱ་བ།

རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་བོའི་གསང་རྣམ་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

རྣམ་ཐར་གསོལ་འདེབས་ཤེལ་དཀར་མེ་ལོང་ཞེས་བྱ་བ།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཚུལ་ཁྲིམས་མཚན་ཅན་གྱི་གསང་བའི་རྣམ་ཐར་སྐལ་ལྡན་དད་པའི་གསོས་སྨན་ཞེས་བྱ་བ།

ཡོངས་རྫོགས་བསྟན་པའི་མངའ་བདག་གཉན་རྩེ་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ།

བླ་མའི་རྣལ་འབྱོར་གྱི་སྐོར།

ཟབ་ལམ་བླ་མའི་རྣལ་འབྱོར་གྱི་མན་ངག་སྙིང་བོའི་རྩ་ཚིག་གི་ས་བཅད་ཡབ་རྗེ་མཆོད་པའི་མེ་ཏོག་ཅེས་བྱ་བ།

བླ་མའི་རྣལ་འབྱོར་འདོད་དགུའི་བུམ་བཟང་གི་ཁ་སྐོང་བྱིན་རླབས་འདོད་འཇོ་ཞེས་བྱ་བ།

བླ་མའི་རྣལ་འབྱོར་ལེགས་ཚོགས་ཀུན་འབྱུང་ཞེས་བྱ་བ།

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

བླ་མའི་རྣལ་འབྱོར་ཟླ་ཤེལ་མྱུ་གུ་ཞེས་བྱ་བ།

མ་ཅིག་ཁྲོས་མའི་བླ་མའི་རྣལ་འབྱོར་མདོར་བསྡུས་ཞེས་བྱ་བ།

འཕགས་མཆོག་འཇམ་དཔལ་དཀར་བོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞེས་བྱ་བ།

སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞེས་བྱ་བ།

བླ་མ་དང་མགོན་པོ་དབྱེར་མེད་དུ་མོས་པས་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

མ་ཅིག་ཁྲོས་མའི་བླ་མའི་རྣལ་འབྱོར་དང་འབྲེལ་བར་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་གྲུབ་གཉིས་དགའ་སྟོན་ཞེས་བྱ་བ།

བླ་མའི་རྣལ་འབྱོར་མདོར་བསྡུས་ཞེས་བྱ་བ།

བླ་མའི་རྣལ་འབྱོར་གྱི་ཐོར་བུའི་སྐོར།

གསོལ་འདེབས་ཀྱི་སྐོར།

བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་བྱིན་རླབས་བདུད་རྩིའི་བུམ་བཟང་ཞེས་བྱ་བ།

འཁྲུངས་རབས་གསོལ་འདེབས་ལེགས་ཚོགས་འདོད་འཇོ་ཞེས་བྱ་བ།

གྲུབ་དབང་ཆོས་འཛིན་རྒྱ་མཚོའི་སྐྱེ་འཕྲེང་གསོལ་འདེབས་ཞེས་བྱ་བ།

ཤིང་བཟའ་བློ་བཟང་ཆོས་ཀྱི་རྒྱ་མཚོའི་འཁྲུངས་རབས་གསོལ་འདེབས་ནོར་བུའི་འཕྲེང་མཛེས་ཞེས་བྱ་བ།

རྗེ་བཙུན་འཇམ་པའི་དབྱངས་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་ཞེས་བྱ་བ།

རྗེ་བཙུན་འཇམ་དབྱངས་དཀར་བོ་ལ་གསོལ་འདེབས་རྣལ་འབྱོར་ཤེས་རབ་མྱུར་སྩོལ་ཞེས་བྱ་བ།

རྒྱལ་ཡུམ་དབྱངས་ཅན་མའི་གསོལ་འདེབས་བྱིན་རླབས་འདོད་འཇོ་ཞེས་བྱ་བ།

འཕགས་མ་དབྱངས་ཅན་མ་ལ་གསོལ་བ་འདེབས་ཚུལ་དྲི་ཟའི་གླུ་དབྱངས་ཞེས་བྱ་བ།

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་ཉེར་སྙིང་དང་འབྲེལ་བར་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་ཐུགས་རྗེ་བསྐུལ་བའི་རོལ་མོ་ཞེས་བྱ་བ།

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་སྙིགས་མའི་རྒུད་པ་ཞི་བའི་གསོལ་འདེབས་གདུང་སེལ་ཟླ་བའི་ཐིགས་ཕྲེང་ཞེས་བྱ་བ།

མ་ཅིག་ཡུམ་སྲས་ལ་གསོལ་བ་འདེབས་ཚུལ་བྱིན་རླབས་མྱུར་སྩོལ་ཅེས་བྱ་བ།

ཐུགས་བཞེད་འགྲུབ་པའི་སྨོན་ཚིག་དགེ་ལེགས་ཡོངས་འདུས་སྙེ་མ་ཞེས་བྱ་བ།

ཐུགས་བཞེད་འགྲུབ་པའི་སྨོན་ཚིག་ཅེས་བྱ་བ།

སྐྱབས་གཅིག་མཐོང་བ་དོན་ལྡན་མཆོག་གི་ཞབས་བརྟན་གསོལ་འདེབས་དགེ་ལེགས་མཆོག་སྦྱིན་ཞེས་བྱ་བ།

འཇམ་མགོན་བསྟན་པའི་སྲོག་ཤིང་རྡོ་རྗེ་འཆང་ངག་དབང་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་ཞབས་པད་རིང་དུ་བརྟན་པའི་སྨོན་ཚིག་ཅེས་བྱ་བ།

རྒྱལ་མཁན་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་་ནས་ཀྱི་ཞབས་བརྟན་གསོལ་འདེབས་ཞེས་བྱ་བ།

ཞབས་བརྟན་གསོལ་འདེབས།

ཞབས་བརྟན་གསོལ་འདེབས་ལེགས་ཚོགས་ལྷུན་གྲུབ་ཅེས་བྱ་བ།

ཞབས་བརྟན་གསོལ་འདེབས་དགེ་ལེགས་འདོད་འཇོ་ཞེས་བྱ་བ།

ཅུན་དཀར་མཁན་སྤྲུལ་རིན་པོ་ཆེ་ཞབས་བརྟན་གསོལ་འདེབས་ལེགས་ཚོགས་ལྷུན་གྲུབ་ཅེས་བྱ་བ།

ཞབས་བརྟན་གསོལ་འདེབས་དགེ་ལེགས་ཡོངས་འདུས་མྱུ་གུ་ཞེས་བྱ་བ།

རྩེ་དབུས་མཚམས་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ལེགས་ཚོགས་ལྷུན་གྲུབ་ཅེས་བྱ་བ།

རྩེ་དབུས་གཅོད་པའི་ཞབས་བརྟན་སྨོན་ཚིག་ཅེས་བྱ་བ།

ཞབས་བརྟན་གསོལ་འདེབས།

སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་ཐུགས་རྗེ་བསྐུལ་བའི་རོལ་མོ་ཞེས་བྱ་བ།

ཡབ་རྗེ་བླ་མ་མཆོག་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་ཞེས་བྱ་བ།

རྗེ་བཙུན་བླ་མ་མཆོག་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་ཐུགས་རྗེ་བསྐུལ་བའི་རོལ་མོ་ཞེས་བྱ་བ།

རྗེ་བཙུན་ངག་དབང་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་མཆོག་སྤྲུལ་མྱུར་གསལ་གྱི་སྨོན་ཚིག་ཅེས་བྱ་བ།

སྐྱབས་རྗེ་སྒོ་མང་རིན་པོ་ཆེའི་མཆོག་སྤྲུལ་མྱུར་གསལ་གྱི་སྨོན་ཚིག་ཅེས་བྱ་བ།

རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་གསོལ་འདེབས་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དང་བཅས་པ།

རྗེ་དམེ་ཤུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་གསོལ་འདེབས་སྨོན་ཚིག་ཅེས་བྱ་བ།

ཨ་ལགས་ཝ་ཤུལ་རིན་པོ་ཆེའི་གསོལ་འདེབས་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ཅེས་བྱ་བ།

སྨོན་ཚིག་དཔག་བསམ་འབྲས་བཟང་ཞེས་བྱ་བ།

སྨོན་ཚིག་བཀྲ་ཤིས་དཔལ་འབར་ཞེས་བྱ་བ།

བསམ་པ་མྱུར་འགྲུབ་མ།

ཀ་མ་རུ་བའི་གནས་བཤད་དང་འབྲེལ་བའི་གསོལ་འདེབས་ཞེས་བྱ་བ།

ཇི་གིན་གནས་ཀྱི་གསོལ་འདེབས་ཞེས་བྱ་བ།

གསོལ་འདེབས་ཀྱི་ཐོར་བུའི་སྐོར།

བསྟོད་ཚོགས་ཀྱི་སྐོར།

ཛམ་གླིང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་བསྟོད་པ་རབ་སྙན་བཻ་ཌཱུར་རྒྱུད་མངས་ཞེས་བྱ་བ།

སྐྱབས་གཅིག་ཐམས་ཅད་མཁྱེན་པའི་སྐུ་བསྟོད་མགུར་དབྱངས་སུ་བསྡེབས་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་བྱ་བ།

གསང་བདག་འཁོར་ལོ་ཆེན་པོའི་བསྟོད་པ་བྱིན་རླབས་འདོད་འཇོ་ཞེས་བྱ་བ།

དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་བསྡུས་པ་ཞེས་བྱ་བ།

རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པའི་རབ་ཏུ་བྱེད་པ་ཞེས་བྱ་བ།

འཕགས་མཆོག་འཇམ་དཔལ་དཀར་བོའི་བསྟོད་པ་མུ་ཏིག་འཁྲི་ཤིང་ཞེས་བྱ་བ།

འཕགས་མ་དབྱངས་ཅན་མའི་བསྟོད་པ་ཤེས་རབ་མྱུར་ལམ་ཞེས་བྱ་བ།

སྒྲ་དབྱངས་ལྷ་མོའི་བསྟོད་པ་མཚོ་བྱུང་མཆོད་པའི་མེ་ཏོག་ཅེས་བྱ་བ།

རྒྱལ་ཡུམ་ཚངས་སྲས་མ་ལ་བསྟོད་ཅིང་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་དྲི་ཟའི་རྒྱུད་མངས་ཞེས་བྱ་བ།

སྙན་ངག་མེ་ལོང་གི་མཆོད་བརྗོད་དང་འབྲེལ་བར་འཕགས་མ་དབྱངས་ཅན་མ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཚངས་སྲས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ།

རྒྱལ་ཡུམ་འཕགས་མ་སྒྲོལ་མ་ལ་བསྟོད་པའི་རབ་ཏུ་བྱེད་པ་ཀ་ལ་པིངྐའི་སྒྲ་དབྱངས་ཞེས་བྱ་བ།

མ་ཅིག་ལབ་ཀྱི་སྒྲོན་མ་སངས་རྒྱས་མཁའ་འགྲོ་མ་ལ་བསྟོད་པ་བྱིན་རླབས་ཀྱི་ཆུ་གཏེར་ཞེས་བྱ་བ།

མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་བ་ཅན་ལ་བསྟོད་པ་བདུད་དཔུང་འཇོམས་པའི་མཚོན་རྣོན་ཞེས་བྱ་བ།

མཉམ་མེད་ཇོ་བོ་ཆེན་པོའི་ལུགས་ཀྱི་འཕགས་མཆོག་ཛཾ་བྷ་ལ་དཀར་བོའི་བསྟོད་པ་དངོས་གྲུབ་ཆར་རྒྱུན་བསྐུལ་བའི་དབྱར་རྔ་ཞེས་བྱ་བ།

གནས་བསྟོད་རབ་སྙན་ཆོས་ཀྱི་གཎྜིའི་སྒྲ་དབྱངས་ཞེས་བྱ་བ།

ཇི་གིན་མཚོ་དང་བཅས་པའི་གནས་བསྟོད་པད་དཀར་འཁྲི་ཤིང་ཞེས་བྱ་བ།

གསལ་རིའི་མཚོ་ལུང་གི་གནས་བསྟོད་པད་དཀར་ཆུན་པོ་ཞེས་བྱ་བ།

བྲག་དཀར་ལྷ་ལུང་གི་གནས་བསྟོད་དང་འབྲེལ་བའི་སྨོན་ཚིག་འཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ།

གནས་བཅུ་བསྡུས་པ།

གཙུག་ལག་ཁང་གི་བསྐོར་ཚད་མདོར་བསྡུས།

སྒྲུབ་ཐབས་ཀྱི་སྐོར།

བདེ་མཆོག་དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས་ཀྱི་གསལ་བྱེད་ཉུང་ངུ་ཞེས་བྱ་བ།

བདེ་མཆོག་དྲིལ་བུ་ལྷ་ལྔའི་མངོན་རྟོགས་ཞེས་བྱ་བ།

བདེ་མཆོག་རྩ་རྒྱུད་འདོན་ཐབས་ཉུང་བསྡུས་ཞེས་བྱ་བ།

ཁྲོ་བོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་མདོར་བསྡུས་ཞེས་བྱ་བ།

སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་མདོར་བསྡུས་ཞེས་བྱ་བ།

ལྷ་མོ་ནོར་རྒྱུན་མའི་གཏེར་སྒྲུབ་བྱ་ཚུལ་ཞེས་བྱ་བ།

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མངོན་རྟོགས་མདོར་བསྡུས་ཞེས་བྱ་བ།

ནཱ་རོ་མཁའ་སྤྱོད་མའི་མངོན་རྟོགས་ཤིན་ཏུ་བསྡུས་པ་ཞེས་བྱ་བ།

རྗེ་བཙུན་རིག་བྱེད་དབང་མོའི་མངོན་རྟོགས་ཨུཏྤ་ལའི་ལྕགས་ཀྱུ་ཞེས་བྱ་བ།

མགོན་པོ་འོད་དཔག་མེད་ལ་སྟོང་མཆོད་འབུལ་བའི་ཆོ་ག་ཕན་བདེའི་ཆར་འབེབས་ཞེས་བྱ་བ།

དྲག་པོ་གསུམ་འབྲེལ་གྱི་གཟུངས་འདོན་ཐབས།

ཡེ་ཤེས་ཁྱུང་ཁྲའི་མངོན་རྟོགས་མདོར་བསྡུས་ཞེས་བྱ་བ།

ཀུན་རིག་རྣམ་པར་སྣང་མཛད་ལ་བརྟེན་ནས་རང་གཞན་གྱི་སྐྲ་དང་རུས་བུ་ལ་སྦྱང་ཆོག་བྱེད་ཚུལ་ཐར་བའི་སྒོ་འབྱེད་ཅེས་བྱ་བ།

དགའ་ལྡན་ལྷ་བརྒྱ་མའི་བསྙེན་ཡིག་འཇམ་མགོན་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

རྡོ་རྗེ་མི་འཁྲུགས་པའི་བསྙེན་ཡིག་མདོར་བསྡུས་ལག་ལེན་རབ་གསལ་ཞེས་བྱ་བ།

འཕགས་མཆོག་སྤྱན་རས་གཟིགས་ཀྱི་བསྙེན་ཡིག་མདོར་བསྡུས་ཞེས་བྱ་བ།

གཅོད་ཀྱི་བརྒྱུད་འདེབས་ཁ་སྐོང་།

ཤིན་ཏུ་གསང་བ་ཌཱ་ཀཱིའི་སྙིང་གི་ནོར་གཟུང་འཛིན་འཆིང་གཅོད་རྡོ་རྗེ་གྲི་གུག་རྒྱ་༧བྱིན་རླབས་ཀྱི་གཏེར་ཆེན་པོ་ཡི་དམ་ཁྲོས་མ་ནག་མོའི་བསྙེན་སྒྲུབ་བྱ་ཚུལ་གསལ་བར་བཀོད་པ་དངོས་གྲུབ་བདུད་རྩིའི་བུམ་བཟང་ཞེས་བྱ་བ།

དབེན་ས་སྙན་བརྒྱུད་ཀྱི་གཅོད་ཀྱི་གདམས་པ་སྙིང་བོར་དྲིལ་བ་ཞེས་བྱ་བ།

མ་ཅིག་ཁྲོས་མའི་ཆོ་ག་དང་འབྲེལ་བར་ཚོགས་འཁོར་བརྒྱ་རྩ་འབུལ་ཚུལ་གྱི་ལག་ལེན་གསལ་བར་བཀོད་པ་དངོས་གྲུབ་གྲུ་ཆར་འཇོ་བའི་སྤྲིན་ཕུང་ཞེས་བྱ་བ།

གཉན་ཁྲོད་རྡེའུ་སྤུངས་བྱ་ཚུལ་གྱི་ལག་ལེན་གསལ་བར་བཀོད་པ་ཞེས་བྱ་བ།

གཉན་ཁྲོད་ཆེན་མོའི་མཇུག་གི་བཙོན་གྲོལ་བྱ་ཚུལ་མདོར་བསྡུས་ཞེས་བྱ་བ།

ཁྱིམ་གཅོད་བྱ་ཚུལ་གྱི་ལག་ལེན་གསལ་བར་བཀོད་པ་ཞེས་བྱ་བ།

གདོན་ཚོགས་དགུ་མ་བསྡུས་པ་ཞེས་བྱ་བ།

རྡོ་རྗེ་ཐེག་པའི་ལམ་གྱི་ཡན་ལག་དང་མི་འབྲལ་བར་བསྟེན་པར་བྱ་བའི་དམ་ཚིག་གི་རྫས་མེད་དུ་མི་རུང་བ་དག་གི་མཚན་ཉིད་དང་། དེ་ཇི་ལྟར་འཆང་ཚུལ་སོགས་རྒྱས་པར་བཤད་པ་རྣལ་འབྱོར་རོལ་བའི་དགའ་སྟོན་གྱི་སྤྱི་དོན་ཚིགས་སུ་བཅད་དེ་ཤིན་ཏུ་མདོར་བསྡུས་སུ་བཀོད་པ་གྲུབ་དབང་ཡོངས་ཀྱི་ཞལ་ལུང་ཞེས་བྱ་བ།

བསྐྱེད་རིམ་ཕྲ་ཐིག་མཐར་ཕྱིན་ནས་དངོས་གྲུབ་ཀྱི་མཚན་མ་བྱུང་ཚུལ་མདོ་ཙམ་བཤད་པ་ཞེས་བྱ་བ།

དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི་ཁྱད་པར་མདོར་བསྡུསཏེ་བཀོད་པ།

འཕགས་པ་ཐུགས་རྗེ་ཆེན་པོའི་དབང་བཤད་ཀྱི་ཐོ་ཙམ་ཡི་གེར་བཀོད་པ་གདུང་སེལ་བདུད་རྩིའི་ཐིགས་འཕྲེང་ཞེས་བྱ་བ།

བྱང་ཆུབ་ལམ་གྱི་རིམ་པའི་འདོན་ཐབས།

ལྟུང་བཤགས་ཀྱི་འདོན་ཐབས་མུན་སེལ་ཉི་མའི་འོད་ཟེར་ཞེས་བྱ་བ།

རྟེན་གྱི་དྲུང་དུ་བསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ་མདོར་བསྡུས་ཞེས་བྱ་བ།

རྨ་བྱ་ཆེན་མོ་དུག་འཇོམས་མའི་བསྒོམ་བཟླས།

རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒོ་ནས་བཟློག་པ་བྱ་ཚུལ།

སྒྲོལ་མའི་རླུང་རྟ་ཉུང་བསྡུས།

ལན་ཆགས་གཏོར་མ་མདོར་བསྡུས།

ཁ་མཆུ་ཞི་མདོ་བསྡུས་པ།

འཕགས་པ་འཇམ་དཔལ་གྱི་འདོད་གསོལ།

འཇམ་དཔལ་ཞལ་བཟང་བལྟ་བའི་སྨོན་ཚིག་ཅེས་བྱ་བ།

སྒྲོལ་མ་ཟུང་གི་འདོད་གསོལ།

ཕོངས་པ་སེལ་བའི་སྒྲོལ་མ་ལ་བརྟེན་པའི་གཡང་འབོད་མདོར་བསྡུས།

འཕགས་པ་ཛཾ་བྷ་ལ་དཀར་བོ་ལ་བརྟེན་པའི་གཡང་འབོད་བྱ་ཚུལ་ནོར་བུའི་སྙེ་མ་ཞེས་བྱ་བ།

སྒྲུབ་ཐབས་ཀྱི་ཐོར་བུའི་སྐོར།

མགུར་མའི་སྐོར།

ཕ་བླ་མ་དྲན་པའི་གདུང་དབྱངས་དད་པའི་ཆུ་གཏེར་འཕྱུར་བའི་རང་སྒྲ་ཞེས་བྱ་བ།

མཁའ་སྤྱོད་རིག་པ་འཛིན་པའི་རྟེན་ལ་སྨོན་པའི་མགུར་དབྱངས་རྣལ་འབྱོར་མ་དཔལ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ།

མགུར་དབྱངས་དད་གུས་ཀུ་མུད་བཞད་པའི་ཟླ་ཤེལ་ཞེས་བྱ་བ།

དགེ་སྦྱོར་ལ་བསྐུལ་བའི་བསླབ་བྱ་ཞེས་བྱ་བ།

ཤུགས་གླུ་རིང་མོ་ཞེས་བྱ་བ།

སྙིང་གཏམ་སྦྲང་རྩིའི་ཐིགས་པ་ཞེས་བྱ་བ།

བསླབ་བྱ་སྙིང་གི་ཐུར་མ་ཞེས་བྱ་བ།

བསླབ་བྱ་བདུད་རྩིའི་ཡང་ཞུན་ཞེས་བྱ་བ།

ཡིད་དགའ་སྐྱོ་འདྲེས་མས་བསྐུལ་བའི་གླུ་དབྱངས་བུང་བའི་ཅ་ཅོ་ཞེས་བྱ་བ།

མགུར་མའི་ཐོར་བུའི་སྐོར།

ཀུན་འཁོར་གྱི་སྐོར།

ཀུན་མཁྱེན་དགྱེས་པ་སྐྱེད་བྱེད་ཀུན་འཁོར་ནོར་བུའི་འཕྲེང་བ་ཞེས་བྱ་བ།

རྗེ་བླ་མའི་རྟོགས་པ་བརྗོད་པའི་ཀུན་འཁོར།

དམིགས་བརྩེ་མའི་ཀུན་འཁོར།

ཀུན་འཁོར་ཚངས་སྲས་དགྱེས་བྱེད་ཅེས་བྱ་བ།

ཀུན་འཁོར་བྱང་ཆུབ་མེ་ཏོག་ཅེས་བྱ་བ།

ཀུན་བཟང་འཁོར་ལོ་ཀུན་གཟིགས་མཉེས་བྱེད་ཅེས་བྱ་བ།

འཕགས་ཡུལ་པཎ་ཆེན་མཆོད་པའི་ཀུན་འཁོར།

གུས་ལྡན་བུང་བའི་དབྱངས་སྙན་ཞེས་བྱ་བ།

ཀུན་འཁོར་མེ་ཏོག་སིལ་མ་ཞེས་བྱ་བ།

ཀུན་མཁྱེན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ།

ཀུན་འཁོར་ཚོགས་བསགས་མཆོད་སྤྲིན་ཞེས་བྱ་བ།

ཀུན་འཁོར་དགོངས་བཞེད་བསྐང་བའི་ཡོན་ཆབ་ཅེས་བྱ་བ།

ཀུན་བཟང་ཨུཏྤལ་འཕྲེང་མཛེས་ཞེས་བྱ་བ།

ཀུན་འཁོར་ཆུ་སྐྱེས་འཕྲེང་བ་ཞེས་བྱ་བ།

འཕྲིན་ཡིག་གི་སྐོར།

རྡོ་རྗེ་འཆང་ཡབ་རྗེ་ངག་གི་དབང་བོའི་ཞལ་སྔ་ནས་ལ་ཕུལ་བའི་ཞུ་ཡིག་ཡབ་རྗེ་མཆོད་པའི་རོལ་མོ་གཟུར་གནས་དགའ་བའི་དབྱངས་སྙན་ཞེས་བྱ་བ།

འཕྲིན་ཡིག་གི་ཐོར་བུའི་སྐོར།

འཕྲིན་བཅོལ་གྱི་སྐོར།

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་གསེར་སྐྱེམས་འབུལ་ཚུལ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ།

སྒྲོལ་མའི་བསང་མཆོད་མདོར་བསྡུས།

སྤྲུལ་བའི་ཆོས་རྒྱལ་ཆེན་པོའི་གསོལ་མཆོད་མདོར་བསྡུས།

ནོར་བདག་སྐྱེས་བུ་ཆེན་པོ་ཤེལ་འཕྲེང་ཅན་གྱི་གཏོར་ཆོག་འཕྲིན་ལས་རྣམ་བཞིའི་བང་མཛོད་ཅེས་བྱ་བ།

ཤེལ་འཕྲེང་ཅན་གྱི་འཕྲིན་བཅོལ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ།

སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྤྱི་བསྟབས་དཔའ་བོ་དགྱེས་སྐྱེད་ཅེས་བྱ་བ།

སྐྱེས་མཆོག་རྡོ་རྗེ་ལེགས་པའི་གཏོར་འབུལ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ།

དམ་ཅན་ནོར་ལྷ་ཡབ་ཡུམ་གྱི་འཕྲིན་བཅོལ་མདོར་བསྡུས།

ཤེལ་ཕྲེང་ཅན་གྱི་རླུང་རྟ་མདོར་བསྡུས།

ཆོས་སྐྱོང་གཟའ་མཆོག་ཆེན་པོ་ལ་བརྟེན་ནས་གཏོར་བཟློག་བྱ་ཚུལ་བདུད་འཇོམས་མཚོན་ཆའི་འཁོར་ལོ་ཞེས་བྱ་བ།

རླུང་རྟ་ཡར་བསྐྱེད་བཀྲ་ཤིས་དཔལ་འབར་ཞེས་བྱ་བ།

འགོ་བའི་ལྷ་ལྔའི་གསོལ་མཆོད་མདོར་བསྡུས།

དཔའ་བོ་དུར་ཁྲོད་བདག་པོའི་བསྐང་བཤགས་བསྡུས་པ།

ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་འཕྲིན་བཅོལ་མདོར་བསྡུས།

མཐུ་ལྡན་དྲེགས་པའི་སྡེ་དཔོན་རྣམས་ལ་འཕྲིན་བཅོལ་བའི་ཚིགས་སུ་བཅད་པ་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ།

སྐྱབས་མགོན་མཆོག་གི་སྒོས་ཀྱི་སྲུང་མ་ལྔའི་གཏོར་བསྔོས།

ཟངས་རི་བཙན་རྒོད་མཆེད་གཉིས་ལ་མཆོད་གཏོར་འབུལ་ཚུལ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ།

ཟངས་རི་བཙན་རྒོད་ཀྱི་གཏོར་བསྔོས།

གནོད་སྦྱིན་དགྲ་ལྷའི་རྒྱལ་བོ་ཙེའུ་དམར་བོ་ལ་བརྟེན་པའི་རླུང་རྟ་ཡར་བསྐྱེད་ཅེས་བྱ་བ།

སྨན་བཙུན་ཚེ་རིང་མཆེད་ལྔའི་གསོལ་མཆོད་དགོས་འདོད་ཀུན་སྩོལ་ཞེས་བྱ་བ།

གཉན་རྗེ་དྭངས་རིའི་བསྐང་བཤགས་མདོར་བསྡུས།

དྭངས་རིའི་རླུང་རྟ་མདོར་བསྡུས།

དྲེགས་པའི་སྡེ་དཔོན་ལྷ་ཆེན་དངུལ་རྭ་མཐོན་པོ་ལ་གསོལ་མཆོད་བྱ་ཚུལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ།

དཀར་ཕྱོགས་སྐྱོང་བའི་སྡེ་དཔོན་ཆེན་པོ་གདོང་སོའི་བྲག་དཀར་དུ་གྲགས་པའི་ཡུལ་ལྷའི་གསོལ་མཆོད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ།

ཡུལ་ལྷའི་འཕྲིན་བཅོལ་དང་བསྐུལ་བ།

གཉན་རྗེ་སྔོ་ལ་གཡུ་རྩེ་ལ་བརྟེན་པའི་རླུང་རྟ་མདོར་བསྡུས།

བསང་འབོད་བཀྲ་ཤིས་ཡར་རྒྱས་ཞེས་བྱ་བ།

དབང་སྡུད་དགྲ་ལྷའི་རྒྱལ་བོ་གསེར་ལྡེལ་ཞེས་གྲགས་པའི་བསང་མཆོད་གསེར་གྱི་གླིང་བུའི་སྒྲ་དབྱངས་ཞེས་བྱ་བ།

དགྲ་ལྷ་གསེར་ལྡན་འོད་མངའི་བསང་མཆོད་མདོར་བསྡུས་བཀྲ་ཤིས་དབྱངས་སྙན་ཞེས་བྱ་བ།

སྒོམ་ཁང་རི་རྒྱལ་ཕྱུག་མོར་གྲགས་པའི་བསང་མཆོད་ཉུང་བསྡུས།

ཡུལ་ལྷའི་སྤྱི་བསང་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ།

བློན་ཆེན་དགྲ་སྡེ་ཟིལ་གནོན་གྱི་བསང་མཆོད་ཕྱོགས་ལས་རྣམ་རྒྱལ་ཞེས་བྱ་བ།

འཕྲིན་བཅོལ་ཐོར་བུའི་སྐོར།

རང་གང་མོས་ཀྱི་ལྷ་དང་འབྲེལ་བར་རྣོ་མཐོང་རྡེལ་མོ་འདེབས་ཚུལ་ཤེལ་དཀར་མེ་ལོང་ཞེས་བྱ་བ།

      གྲུབ་པའི་དབང་ཕྱུག་གཉན་ཐོག་གཅོད་པ་༧རྗེ་སྐལ་བཟང་ཐབས་མཁས་རྒྱ་མཚོ་དཔལ་བཟང་བོ་ནི། རབ་ཚེས་ས་ཡོས་ཏེ་སྤྱི་ལོ་༡༨༧༩ལོར་དངུལ་རྭ་ལྷ་སྡེ་ཞེས་པའི་འབྲོག་སྡེར་སྐུ་འཁྲུངས། དགུང་ལོ་ལྔ་བར་ཀུན་མཁྱེན་བཞི་བ་ཆེན་པོས་གཉན་ཐོག་གཅོད་པ་སྐུ་འཕྲེང་གཉིས་པའི་སྐུ་སྐྱེར་དངོས་འཛིན་གནང་། དགུང་ལོ་བརྒྱད་པར་ཁོང་གི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ལ་སྐལ་བཟང་ཐབས་མཁས་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་བར་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། སྨྲ་བའི་དབང་བོ་ཚུལ་ཁྲིམས་མཚན་ཅན་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་བློ་རྟགས་སོགས་ལ་ཐོས་བསམ་གཤའ་མ་གནང་། དེ་ནས་ཆེར་མ་འགྱང་བར་རང་ཡུལ་དངུལ་རྭའི་ཕྱོགས་སུ་ཕེབས་ཏེ་སྤྲོས་པ་འདུ་འཛིའི་འཆིང་བ་རྩད་ནས་སྤངས་ཤིང་ཐོས་དོན་སྒྲུབ་པ་ལ་གཞོལ་བའི་དབེན་པའི་གནས་ལ་སྤྲོ་བ་མངོན་དུ་མཛད། ཞི་བྱེད་གཅོད་ཀྱི་གདམས་པ་ཐུགས་ཉམས་སུ་བསྟར་ནས་གཉན་ཁྲོད་དང་ཆུ་མིག་སྟོང་རྩ་འགྲིམ་པ་སོགས་ཀྱི་སྒོ་ནས་རྟོགས་པ་ཀློང་དུ་བརྡོལ་ཞིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཀུན་མཁྱེན་བཞི་བ་ཆེན་མོའི་བཀའ་ལུང་བཞིན་དགོན་པ་གསར་འདེབས་ཀྱི་ཁྲིར་བཞུགས་ཤིང་སྐུ་ཚེ་གང་བོར་སྐྱོང་ཁུར་དཔེ་ཟླ་མེད་པ་གནང་། གཞན་རྔ་བ། མགོ་ལོག སོག་ཡུལ་སོགས་སུ་སྔ་ཕྱིར་ཕེབས་ནས་ཆོས་བཀའ་དུ་མ་གནང་སྟེ་ཕྱོགས་འདུས་ཀྱི་དད་ལྡན་གདུལ་བྱ་བགྲང་ལས་འདས་པའི་རེ་འབྲས་ཡོངས་སུ་བསྐངས། མདོར་ན་ཡི་དམ་ལྷའི་ཞལ་གཟིགས་གནང་ཞིང་བྱིན་གྱིས་རླབས་པ། སྣང་སྲིད་སྲུང་མ་བྲན་དུ་འཁོལ་ཞིང་འཕྲིན་ལས་བསྒྲུབས་པ། དགྲ་གཉེན་རིས་སུ་མ་བོར་བའི་བྱམས་བརྩེ་ཀུན་ལ་སྙོམས་པའི་གཞན་ཕན་གྱི་གཏེར་དུ་གྱུར་བའི་མགོན་པོ་གང་ནི། དགུང་གྲངས་རེ་གཉིས་པ་རབ་རྒྱལ་ལྕགས་འབྲུག་སྟེ་སྤྱི་ལོ་༡༩༤༠ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཁོང་གི་གསུང་རྩོམ་པོད་གཉིས་ལྷག་ཡོད་མོད་དུས་འགྱུར་གྱི་རྐྱེན་འོག་ནས་ཁ་འཐོར་དུ་གྱུར་པས་ད་ལྟ་པོད་གཅིག་ཙམ་ལ་བཞུགས་མེད་དོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།