ཀྲང་ཀྱ་ཞབས་དྲུང་ངམ་རྒྱ་ཞབས་དྲུང་རྗེ་སྐལ་བཟང་དཀོན་མཆོག་རྒྱ་མཚོའི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-02 07:01:25     རྩོམ་པ་པོ།   སྐལ་བཟང་ཆོས་འཛིན།    ཀློག་ཐེངས།  

༼ པོད་དང་བོ། ༽

ཀུན་མཁྱེན་ཆེན་པོ་རྗེ་བཙུན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་པར་ཐར་བ་དཔག་བསམ་ལྗོན་པ་ཞེས་བྱ་བ།

༼ པོད་གཉིས་པ། ༽

ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་འཕྲེང་ལྔའི་རྣམ་པར་ཐར་བ་མདོར་བསྡུས་སུ་བཀོད་པ་ཞེས་བྱ་བ།

རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་རྩོམ་འཕྲོ།

གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་སྐལ་བཟང་ཐབས་མཁས་རྒྱ་མཚོ་དཔལ་བཟང་བོའི་གསང་བའི་རྣམ་ཐར་སྐལ་ལྡན་དད་པའི་ལྕགས་ཀྱུ་ཞེས་བྱ་བ།

ངེས་པ་དོན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་སེངྒེ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་གསང་བའི་རྣམ་ཐར་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ།

ཀུན་མཁྱེན་སྐུ་འཕྲེང་བཞི་བའི་རྣམ་ཐར་སོགས་རྣམ་ཐར་གྱི་སྐོར།

བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བསྡུས་པ་ཞེས་བྱ་བ།

རྡོར་སེམས་ཀྱི་བསྙེན་པ་བྱ་ཚུལ་ཞེས་བྱ་བ།

བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་བོའི་སྒོ་ནས་ཆར་འབེབས་བྱ་ཚུལ་གདུང་སེལ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ།

རྗེ་བཙུན་འཇམ་དཔལ་རྡོ་རྗེ་རྣོན་པོ་སྒྲུབ་པའི་ཐབས་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ།

བཅོམ་ལྡན་འདས་ཚེ་དཔག་མེད་ལྷ་དགུའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་འོད་སྣང་ཞེས་བྱ་བ།

རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་བརྟེན་ནས་དགེ་མཚན་སྤེལ་བའི་ཆོ་ག་སྲིད་ཞིའི་དགེ་མཚན་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མངོན་རྟོགས་དངོས་གྲུབ་མཆོག་སྦྱིན་ཞེས་བྱ་བ།

རྗེ་བཙུན་མའི་སྒོ་ནས་སྲིད་འཕེལ་མཎྜལ་འདོད་དོན་གསོལ་བའི་ཆོ་ག་ཞེས་བྱ་བ།

མགོན་དཀར་ཡིད་བཞིན་ནོར་བུའི་གཏེར་སྒྲུབ་བྱ་ཚུལ་ནོར་བུའི་རྒྱུན་འཕྲེང་ཞེས་བྱ་བ།

བཅོམ་ལྡན་འདས་འཕགས་མ་གདུགས་དཀར་མོའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ།

རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས་ལ་གཤེགས་གཏོར་འབུལ་ཚུལ་མདོར་བསྡུས་འཕྲིན་ལས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

སྐྱབས་འགྲོ་དགའ་ལྡན་ལྷ་བརྒྱ་མ་ལྟུང་བཤགས་དང་འཇིགས་བྱེད་རྡོར་སེམས་སྤྱན་རས་གཟིགས་བཅས་པའི་མངོན་རྟོགས།

ཏྲཱཥྚ་ཀ་བི་ཧཿཤཱ་རིའི་བུ་བརྒྱད་པ་ཞེས་བྱ་བ།

སྡིག་བཤགས་མདོར་བསྡུས་ཞེས་བྱ་བ།

ཚ་གསུར་བསྡུས་པ་ཞེས་བྱ་བ།

ས་བདག་སྙིང་གཏེར་བསྒྲུབ་ཚུལ་ཤིན་ཏུ་བསྡུས་པ་ཞེས་བྱ་བ།

འཕགས་མའི་སྣང་བརྙན་ཁྱད་འཕགས་བཞེངས་པའི་ཚུལ་ལས་བརྩམས་ཏེ་ཉེ་བར་བརྗོད་པ་འཕགས་མའི་ལོ་རྒྱུས་འབྲས་བཟང་སྨིན་པའི་དོན་ལྡན་གཏམ་གྱི་འཁྲི་ཤིང་ཞེས་བྱ་བ།

བཅོམ་ལྡན་འདས་གཙུག་ཏོར་གདུགས་དཀར་གྱི་དཀར་ཆག་ལྷའི་རྔ་ཆེན་ཞེས་བྱ་བ།

སྐུ་གཟུགས་ཁྱད་མཚར་བཞེངས་པའི་དཀར་ཆག་མ་ལི་ཀའི་འཕྲེང་བ་ཞེས་བྱ་བ།

༼ པོད་གསུམ་པ། ༽

བསླབ་བཏུས་ཀྱི་སྡོམ་ཚིག་རིན་ཆེན་སིལ་དག་ཅེས་བྱ་བ།

ལམ་རིམ་ཡོངས་རྫོགས་ཤར་སྒོམ་བྱ་ཚུལ་མདོར་བསྡུས་ཞེས་བྱ་བ།

བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་བདེ་ལམ་ཟབ་ཁྲིད་ཀྱི་བརྒྱུད་འདེབས་ཁ་སྐོང་།

བྱང་ཆུབ་ལམ་རིམ་ཆེན་མོའི་བརྒྱུད་འདེབས་ཁ་སྐོང་།

བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་མྱུར་ལམ་གྱི་བརྒྱུད་འདེབས་ཁ་སྐོང་།

ཐོབ་བྱའི་དེ་ཉིད་བརྗོད་པ་ཆོས་དུང་དཀར་བོའི་རང་སྒྲ་ཞེས་བྱ་བ།

ཀུན་བཟང་འཁོར་ལོ་གསེར་ལྡན་ལེགས་བྱས་ཞེས་བྱ་བ།

དཔལ་གཤིན་རྗེ་གཤེད་བཅུ་གསུམ་ལྷའི་དཀྱིལ་འཁོར་ལ་བསྟོད་པ་རིག་འཛིན་གྲུབ་པའི་སྒྲ་དབྱངས།

རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་ཤེས་རབ་མཆོག་སྦྱིན་ཞེས་བྱ་བ།

ལྷ་མཆོག་འཇམ་དབྱངས་ལ་བསྟོད་པ་ཤེས་རབ་མཆོག་སྦྱིན་ཞེས་བྱ་བ།

རྗེ་བཙུན་འཕགས་མ་སྒྲོལ་མ་མརྒད་མདངས་ཅན་ལ་བསྟོད་པའི་རབ་ཏུ་ཕྱེ་བ་འཕགས་མའི་འཛུམ་ཞལ་ལྷུང་བའི་ཨུཏྤལ་ཞེས་བྱ་བ།

རྒྱལ་ཡུམ་སྒྲ་དབྱངས་ལྷ་མོ་དམར་མོ་ལ་བསྟོད་པའི་རབ་ཏུ་ཕྱེ་བ་བྱིན་རླབས་འདོད་པ་འཇོ་བའི་ཡོངས་འདུས་འཁྲི་ཤིང་ཞེས་བྱ་བ།

དགེ་ལེགས་ཐོག་མའི་རྟེན་འབྱུང་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བ་ལེགས་བྱས་སྣང་བ་འདྲེན་པའི་སྐྱ་རེངས་ཐོག་མའི་དཀར་འོད་ཅེས་བྱ་བ།

དབེན་པའི་གནས་ཀྱི་བྱུང་ཚུལ་དྲང་བོའི་གཏམ་གྱི་ཚངས་ཐིག་ཅེས་བྱ་བ།

ཚིག་བཀྲ་བཀྲ་ཤིས་ཀུན་ཚང་ཞེས་བྱ་བ།

ཚིག་བཀྲ་དགེ་མཚན་དཔལ་སྟེར་ཞེས་བྱ་བ།

བདེན་ཚིག་བཀྲ་ཤིས་དབྱངས་སྙན་ཞེས་བྱ་བ།

ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་འཁྲུངས་རབས་གསོལ་འདེབས་པདྨ་དཀར་བོའི་འཕྲེང་བ་ཞེས་བྱ་བ།

ཞབས་བརྟན་གསོལ་འདེབས་ཐུགས་རྗེ་བསྐུལ་བའི་གླུ་དབྱངས་ཞེས་བྱ་བ།

གསོལ་འདེབས་དོན་གཉིས་བདེ་སྟེར་ཞེས་བྱ་བ།

གྲུབ་དབང་གཉན་ཐོག་གཅོད་པ་རིན་པོ་ཆེའི་ཡང་སྤྲུལ་གྱི་ཞབས་བརྟན་གསོལ་འདེབས།

ཞབས་པད་བརྟན་པའི་གསོལ་འདེབས་འདོད་རྒུའི་རེ་སྐོང་ཞེས་བྱ་བ།

དབལ་མང་ཆུང་བ་སྐལ་བཟང་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།

ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དོན་གཉིས་འབྲས་སྟེར་ཞེས་བྱ་བ།

ཞབས་བརྟན་སྨོན་ཚིག་རེ་འབྲས་ལྷུན་གྲུབ་ཅེས་བྱ་བ།

མཚན་སྒྲོགས་མཁན་རིན་པོ་ཆེའི་གསོལ་འདེབས་རྗེས་འཛིན།

ཁེ་ཚང་སྤྲུལ་བའི་སྐུ་དཀོན་མཆོག་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་ཡང་སྤྲུལ་མྱུར་འབྱོན་གྱི་སྨོན་ཚིག་ཅེས་བྱ་བ།

བླ་མ་དང་རྗེ་བཙུན་མ་དབྱེར་མེད་ལ་གདུང་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་བསམ་པ་མྱུར་འགྲུབ་མ་ཞེས་བྱ་བ།

རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་ཚུལ་བསམ་པ་མྱུར་འགྲུབ་མ་ཞེས་བྱ་བ།

རྗེ་བཙུན་མ་འཕགས་མ་སྒྲོལ་མའི་གཡང་འབོད་དོན་གཉིས་ཨུཏྤལ་བཞད་པའི་ཟླ་འོད་ཅེས་བྱ་བ།

རྗེ་བཙུན་འཇམ་དཔལ་དཀར་བོ་ལ་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་པ་ཤེས་རབ་མྱུར་འཇུག་ཅེས་བྱ་བ།

གདུང་དབྱངས་གསོལ་འདེབས་ཐུགས་རྗེ་སྐུལ་བའི་ལྕགས་ཀྱུ་ཞེས་བྱ་བ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་བརྒྱད་སྟོང་བའི་སྨོན་ཚིག་བྱང་ཆེན་གྲོང་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ།

ཤམྦྷ་ལའི་སྨོན་ཚིག་མདོར་བསྡུས་ཞེས་བྱ་བ།

གྲུ་འཛིན་ཞིང་དུ་སྐྱེ་བའི་སྨོན་ཚིག་ཅེས་བྱ་བ།

སྨོན་ཚིག་དོན་ཡོད་ཞགས་པ་ཞེས་བྱ་བ།

ཇོ་མཇལ་སྨོན་ཚིག་མདོར་བསྡུས་ཞེས་བྱ་བ།

སྐུ་འབུམ་གསེར་སྡོང་ཆེན་མོར་བསྟོད་སྨོན་ཀུན་བཟང་སྣང་བ་ཞེས་བྱ་བ།

དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ཚིག་ཡིད་བཞིན་འདོད་འཇོ་ཞེས་བྱ་བ།

བྱང་ཤམ་བྷ་ལར་སྐྱེ་བའི་སྨོན་ལམ།

བསྟན་པའི་སྐྱོང་རིམ་དང་སྐྱབས་འཇུག་སོགས་ཀྱི་སྐོར།

མཎྜལ་བཤད་པའི་སྐོར།

དཔལ་དུས་འཁོར་ལོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱུན་འཁྱེར་འཁྱེར་བདེའི་ཚུལ་དུ་བཀོད་པ་ཞེས་བྱ་བ།

རྡོ་རྗེ་འཇིགས་བྱེད་དང་འབྲེལ་བའི་བླ་མའི་རྣལ་འབྱོར་མདོར་བསྡུས་ཞེས་བྱ་བ།

བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

ཆོས་ལ་བསྐུལ་བའི་བསླབ་བྱ་སེམས་ཀྱི་ལྕགས་ཀྱུ་ཞེས་བྱ་བ།

བསླབ་བྱ་མདོར་བསྡུས།

བསླབ་བྱ་མདོར་བསྡུས་དོན་ཡོད་ཞགས་པ་ཞེས་བྱ་བ།

ཨུ་ཅུ་མི་ཆིན་གཡོན་རུའི་བསྟན་དར་གླིང་གི་སྨན་པ་གྲྭ་ཚང་གི་བཅའ་ཡིག་ཤེལ་དཀར་ཕྲེང་བ་ཞེས་བྱ་བ།

ཞལ་ཤུལ་དགོན་དགའ་ལྡན་བཤད་སྒྲུབ་བཀྲ་ཤིས་འབྱུང་གནས་གླིང་གི་འགྲིག་ཡིག་གི་རིམ་པ་ཀུན་གསལ་མེ་ལོང་ཞེས་བྱ་བ།

དགའ་ལྡན་བཤད་སྒྲུབ་བཀྲ་ཤིས་འབྱུང་གནས་གླིང་གི་བློ་གསལ་རྣམས་ཀྱི་རྩོད་ཡིག་ནོར་བུའི་འཕྲེང་བ་ཞེས་བྱ་བ།

དཔལ་དུས་ཀྱི་འཁོར་ལོ་ལས་ཕྱི་རོལ་ཤེས་པའི་ཡན་ལག་རྩིས་ཀྱི་བསྟན་བཅོས་རིགས་ལྡན་སྙིང་ནོར་མཁས་གྲུབ་དགོངས་རྒྱན་ཞེས་བྱ་བ།

སྐར་ཡིག་རབ་གསལ་མེ་ལོང་ཞེས་བྱ་བ།

ཉི་ཟླ་གཟའ་འཛིན་དང་ས་གླང་འབྲས་བཤད་ཀྱི་སྐོར།

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

སྒྲོལ་མའི་འདོད་གསོལ་ཀུན་ཕན་ཟླ་ཟེར་ཞེས་བྱ་བ།

རྗེ་བཙུན་མ་ལ་འདོད་གསོལ་འཕྲིན་ལས་མྱུར་འཇུག་ཅེས་བྱ་བ།

རྒྱལ་ཡུམ་འཕགས་མ་སྒྲོལ་མ་ལ་འདོད་གསོལ་བའི་ཚིགས་སུ་བཅད་པ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

རྣམ་དབྱེ་བརྒྱད་ཀྱི་དཔེ་བརྗོད་མདོ་ཙམ་བཀོད་པ་ཞེས་བྱ་བ།

གསུང་ཐོར་བུའི་སྐོར།

ཆོས་སྲུང་ལ་འཕྲིན་ལས་བཅོལ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ།

དཔལ་ལྡན་ལྷ་མོའི་སྒོ་ནས་དགྲ་ཆིངས་བྱེད་ཚུལ་མུན་ནག་ཧོམ་ཁུང་ཞེས་བྱ་བ།

རྒྱལ་བའི་བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་ལ་བརྟེན་ནས་གཡང་འབོད་བྱ་ཚུལ་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

རྒྱལ་བའི་བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་ལ་འཕྲིན་བཅོལ་བའི་ཚིགས་སུ་བཅད་པ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ།

གསོལ་མཆོད་འདོད་འཇོའི་བུམ་བཟང་ཞེས་བྱ་བ།

ལྷ་གཉན་ཆེན་པོ་དྭངས་རིའི་གཏོར་ཆོག་ཀུན་ཕན་ཟླ་བའི་འོད་ཟེར་ཞེས་བྱ་བ།

བསང་འབོད་ལྷ་གཉན་དགྱེས་བྱེད་བཀྲ་ཤིས་གྲུབ་པའི་རོལ་མོ་ཞེས་བྱ་བ།

དབང་སྡུད་དགྲ་ལྷའི་རྒྱལ་བོ་གསེར་ལྡེལ་ཞེས་བྱ་བའི་བསང་མཆོད་འདོད་དགུ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

དགེ་བསྙེན་ཆེན་པོ་ནོར་བུ་དབང་རྒྱལ་གྱི་བསང་མཆོད་འཕྲིན་ལས་མྱུར་སྩོལ་ཞེས་བྱ་བ།

ཀུ་ལི་སི་ཐུའི་སྨན་ཆུའི་ལྷ་ཀླུའི་བསང་མཆོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ།

ཀུ་ལི་སི་ཐུའི་གནས་བདག་བཀྲ་ཤིས་ནོར་ལྡན་གྱི་བསང་མཆོད་ཅེས་བྱ་བ།

ཀུན་མཁྱེན་ཆེན་པོ་དགྱེས་བཞད་རྡོ་རྗེ་སྐུ་འཕྲེང་དྲུག་པ་རིན་པོ་ཆེའི་འཁྲུངས་ལྷ་གཏེར་བདག་བཱ་ཡན་མཐོན་པོའི་བསང་མཆོད་བཀྲ་ཤིས་ཀུན་འབྱུང་ཞེས་བྱ་བ།

དེ་ཡན་ཆིའི་གཞི་བདག་གི་བསང་མཆོད་ཅེས་བྱ་བ།

རིན་ཆེན་སྤུངས་པའི་བསང་མཆོད་སོགས་བསང་མཆོད་ཐོར་བུ།

འཕྲིན་ཡིག་ཇི་ལྟར་འཇུག་ཚུལ་དཔེར་བརྗོད་པ་དྭངས་གསལ་ཤེལ་གྱི་གོང་བུ་ཞེས་བྱ་བ།

གོང་ས་ཐམས་ཅད་མཁྱེན་གཟིགས་མཆོག་གི་ལེགས་མཛད་ཉིན་བྱེད་ཀྱི་འོད་ལ་རེ་བའི་ཞུ་ཡིག་པདྨ་དཀར་བོའི་འདབ་མ་ཞེས་བྱ་བ།

དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་ཐུའུ་བཀྭན་རིན་པོ་ཆེའི་ཞབས་དྲུང་དུ་ཕུལ་བའི་ཞུ་མཆིད་ཚངས་དབྱངས་སྙན་པའི་ང་རོ་ཞེས་བྱ་བ།

ཐུའུ་བཀྭན་རིན་པོ་ཆེའི་ཞབས་དྲུང་དུ་ཕུལ་བའི་ཞུ་ཡིག་དཔལ་ལྡན་བླ་མ་མཆོད་པའི་སྤྲིན་ཕུང་ཞེས་བྱ་བ།

ཐུའུ་བཀྭན་རིན་པོ་ཆེར་ཕུལ་བའི་ཟུར་ཡིག་བུ་ཆུང་ངག་གི་འཆལ་གཏམ་ཞེས་བྱ་བ།

མཚན་ཉིད་ཀྱི་ཡོངས་འཛིན་རིན་པོ་ཆེར་ཕུལ་བའི་ཞུ་ཡིག

མཚན་ཉིད་ཡོངས་འཛིན་རིན་པོ་ཆེར་ཕུལ་བའི་ཞུ་ཡིག

སྐུ་ཞོག་ལྷ་སྨོན་ལས་འཛིན་མཆོག་གི་སྐུ་ཞབས་སུ་ཕུལ་བའི་གཏམ་བསྡུས་པདྨ་དཀར་བོ་ཞེས་བྱ་བ།

གཅོད་པ་རིན་པོ་ཆེའི་དྲུང་དུ་ཕུལ་བའི་ཞུ་ཡིག་དབྱར་སྐྱེས་སྒྲ་དབྱངས་ཞེས་བྱ་བ།

དགེ་བའི་བཤེས་གཉེན་ཆེན་པོ་ལུང་རྟོགས་རྒྱ་མཚོ་ལ་ཕུལ་བའི་ཞུ་ཡིག་དགའ་བདེའི་རྒྱ་མཚོ་འཕྱུར་བའི་རྦ་རླབས་ཞེས་བྱ་བ།

ཟུར་ཡིག་ཚིགས་སུ་བཅད་པ་གནས་ཚུལ་དྲང་བོར་སྟོན་པའི་ཚངས་ཐིག་ཅེས་བྱ་བ།

ཞུ་ཡིག་བཀྲ་ཤིས་གྲུབ་པའི་རོལ་མོ་ཞེས་བྱ་བ།

གྲོ་བཀའ་པོད་རྣམ་ལྔའི་དགོངས་དོན་དྲི་མེད་རིགས་པས་འདོམས་མཁས་གྲོ་ཚང་ཡོན་ཏན་ལགས་ལ་ཕུལ་བའི་འཕྲིན་ཡིག་དབྱར་སྐྱེས་སྒེག་པའི་ང་རོ་ཞེས་བྱ་བ།

ཞུ་ལན་སྨན་མཆོག་བདུད་རྩིའི་ཟེགས་མ་ཞེས་བྱ་བ།

ཞུ་ཡིག་སྐྱེས་པ་ལྔ་བའི་སྒྲ་དབྱངས་ཞེས་བྱ་བ།

ཞུ་ཡིག་དབྱངས་སྙན་ཁུ་བྱུག་གཞོན་ནུ་ཞེས་བྱ་བ།

ཞུ་ཡིག་དྲང་གཏམ་གནས་ལུགས་རབ་གསལ་མེ་ལོང་ཞེས་བྱ་བ།

འཕྲིན་ཡིག་ཐོར་བུའི་སྐོར།

       ལྔ་རིག་སྨྲ་བའི་དབང་བོ་ཀྲང་ཀྱ་ཞབས་དྲུང་ངམ་རྒྱ་ཞབས་དྲུང་༧རྗེ་སྐལ་བཟང་དཀོན་མཆོག་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། རབ་ཚེས་མེ་སྤྲེལ་སྟེ་སྤྱི་ལོ་༡༨༩༦ལོར་དངུལ་རྭའི་ལྷ་སྡེར་སྐུ་འཁྲུངས། དགུང་ལོ་ལྔ་བར་ཀུན་མཁྱེན་བཞི་བ་མཆོག་གིས་དམ་པ་གོང་མའི་སྤྲུལ་སྐུར་དངོས་འཛིན་མཛད་ཅིང་། ཁོང་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་སྐལ་བཟང་དཀོན་མཆོག་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་གཅིག་པར་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། དགེ་བའི་བཤེས་གཉེན་ཆེན་མོ་གྲགས་པ་མཐའ་ཡས་ཚང་དགེ་རྒན་དུ་བསྟེན་ནས་བཀའ་པོད་ལ་ལྔ་གསན་སྦྱང་མཛད། ཀུན་མཁྱེན་བཞི་བ་ཆེན་མོ། སྡེ་ཁྲི་རིན་པོ་ཆེ། སྒོ་མང་མཁན་ཆེན། བདེ་ཐང་མཁན་ཆེན། ཞལ་ཤུལ་རིན་པོ་ཆེ། ཨ་ཁུ་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་སོགས་མཁས་གྲུབ་གཉིས་འཛོམས་ཀྱི་དམ་པ་དུ་མ་བསྟེན་ཏེ། དབང་ལུང་མན་ངག་བཤད་ཁྲིད་སོགས་མདོ་སྔགས་ཀྱིས་བསྡུས་པའི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། པཎ་ཆེན་སྐུ་འཕྲེང་དགུ་བ་མཆོག་གིས་མགོན་པོ་འདིའི་ལུང་རྟོགས་ཡོན་ཏན་གྱི་ཆེ་བ་ལ་བསྔགས་པ་བརྗོད་ཅིང་ནོམ་ཆི་ནོ་མོ་ཧན་གྱི་ཐམ་ཀ་དང་བཀའ་ཤོག གདུགས་རྟ་བཅུ་གསུམ་གྱི་སྐྱེས་སོགས་བསྩལ་ཏེ་ངེས་དོན་ཆོས་ཀྱི་རྒྱལ་བོ་མཆོག་ཏུ་དབང་བསྐུར། དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་གྱ་གཉིས་པ་དང་གྱ་བཞི་བར་བཞུགས་པ་སོགས་དགོན་སྡེ་ཆེ་ཕྲ་དུ་མའི་ཆོས་ཀྱི་ཁྲི་ལ་བཞུགས་ཏེ། གྲྭ་ཚང་རང་རང་གི་མདོ་སྔགས་ཀྱི་འཆད་ཉན་དང་འགྲིག་ལམ། ཀུན་སྤྱོད། ཕོག་གཏོང་སྒོ་སོགས་ཆ་གང་ཐད་ནས་སྐྱོང་ཁུར་བླ་མེད་གནང་བ་དང་། གདན་ས་རང་དང་བླ་བྲང་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་སོགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་མང་བོར་བསྩལ། བོད་སོག་གི་ཡུལ་གྲུ་དུ་མའི་གདུལ་བྱ་མཐའ་དག་ལ་དབང་ལུང་མན་ངག ཁྲིད་ཕྱག་ལེན། ལུང་རིགས་ཀྱི་བརྒལ་བརྟག དགེ་ཚུལ་སློང་གི་སྡོམ་པ་འབོག་པ་སོགས་རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་བཟང་སྐྱོང་བཞིན་པའི་མཐར་དགུང་ལོ་རེ་ལྔ་བ་ལྕགས་བྱི་སྟེ་སྤྱི་ལོ་༡༩༦༠ལོར་བཙོན་འོག་ནས་གཟུགས་སྐུ་རགས་པའི་བཀོད་པ་བསྡུས་པའི་ཚུལ་མཛད། བཀའ་རྩོམ་པོད་དྲུག་བཞུགས་ནའང་དུས་འགྱུར་གྱི་དབང་གིས་ད་ལྟ་གསུམ་ལས་བཞུགས་མེད་དོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།