བྲག་དཀར་དགེ་བཤེས་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་གསུང་འབུམ་དཀར་ཆག་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-11-02 13:11:41     རྩོམ་པ་པོ།   ཤེར་འཛིན་གྱིས་གཏགས་ནས་གནང་།    ཀློག་ཐེངས།  

པོད་དང་བོ།  

ཚད་མ་སྡེ་བདུན་གྱི་བསྡུས་གཞུང་བློ་གྲོས་པད་ཚལ་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།།

རྟགས་རིགས་ཀྱི་རྣམ་གཞག་ཡང་དག་རིགས་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

བློ་རིག་གི་རྣམ་གཞག་ཉུང་བསྡུས་བློ་གསལ་མགྲིན་པའི་རྒྱན་ཅེས་བྱ་བ་བཞུགས་སོ།།

རྟགས་རིགས་ཀྱི་དོན་བསྡུས་ཚིགས་སུ་བཅད་པ་གསལ་བྱེད་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། 

བློ་རིག་གི་གནད་བསྡུས་རིན་ཆེན་བུམ་བཟང་ཞེས་བྱ་བ་བཞུགས་སོ།། 

ཚད་མ་རྣམ་འགྲེལ་གྱི་དཀའ་བའི་གནས་ལེགས་པར་བཤད་པ་གསེར་གྱི་ཐུར་མ་ཞེས་བ་བཞུགས་སོ།།          

པོད་གཉིས་པ། 

རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཆོས་ཀྱི་གྲགས་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།

རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཊིཀྐ་ཆོས་ཀྱི་གྲགས་པའི་དགོངས་རྒྱན་ཞེས་བྱ་བ་ལས་ཚད་མ་གྲུབ་པའི་ལེའུའི་རྣམ་བཤད་བཞུགས་སོ།། 

ཚད་མ་རྣམ་འགྲེལ་གྱི་ཊིཀྐ་ཆོས་ཀྱི་གྲགས་པའི་དགོངས་རྒྱན་ལས་ལེའུ་གསུམ་པ་མངོན་སུམ་ལེའུའི་རྣམ་པར་བཤད་པ་བཞུགས་སོ།།   

རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཊིཀྐ་ཆོས་ཀྱི་གྲགས་པའི་དགོངས་རྒྱན་ལས་གཞན་དོན་རྗེས་དཔག་ལེའུའི་འགྲེལ་པ་བཞུགས་སོ།།    

པོད་གསུམ་པ། 

རྣམ་བཤད་སྙིང་པོའི་རྒྱན་གྱི་དཀའ་བའི་གནད་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང་ཞེས་བྱ་བ་བཞུགས་སོ།།  

རྣམ་བཤད་སྙིང་པོའི་རྒྱན་གྱི་དཀའ་བའི་གནད་རྣམ་པར་འབྱེད་པ་ལེགས་བཤད་ཀུན་གྱི་ཡང་སྙིང་ལས་སྐབས་གཉིས་པ་དང་གསུམ་པའིབཤད་པ་བཞུགས་སོ།།

རྣམ་བཤད་སྙིང་པོའི་རྒྱན་གྱི་དཀའ་བའི་གནད་རྣམ་པར་འབྱེད་པ་ལེགས་བཤད་ཀུན་གྱི་ཡང་སྙིང་ལས་སྐབས་བཞི་པའི་བཤད་པ་བཞུགས་སོ།། 

 རྣམ་བཤད་སྙིང་པོའི་རྒྱན་གྱི་དཀའ་བའི་གནད་རྣམ་པར་ལེགས་བཤད་ཀུན་གྱི་ཡང་སྙིང་ལས་སྐབས་ལྔ་པ་དང་དྲུག་པ་དང་བདུན་པའི་རྣམ་པར་བཤད་པ་བཞུགས་སོ།།

རྣམ་བཤད་སྙིང་པོ་རྒྱན་གྱི་བཀའ་བའི་གནད་རྣམ་པར་བཞག་པ་ལེགས་བཤད་ཀུན་གྱི་ཡང་སྙིང་ལས་སྐབས་བརྒྱད་པའི་རྣམ་པར་བཤད་པ་བཞུགས་སོ།།  

པོད་བཞི་བ། 

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་དྲང་ངེས་ཇི་བཞིན་འབྱེད་པའི་མཛད་པ་ལས་བརྩམས་ཏེ་བསྟོད་པ་དཔག་བསམ་ལྗོན་པའི་འབྲས་བཟང་ཞེས་བྱ་བ་བཞུགས་སོ།། 

 དགེ་འདུན་ཉི་ཤུའི་སྡོམ་ཚིག་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། 

དགེ་འདུན་ཉི་ཤུའི་སྤྱི་བཤད་མཐའ་དཔྱོད་ཀྱིས་སྤྲས་པ་མཁས་པ་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།། 

ཕར་ཕྱིན་དཀའ་གནད་ལ་ཉེ་བར་མཁོ་བའི་བསམ་གཟུགས་ཀྱི་རྣམ་བཞག་ཟུར་དུ་བཀོལ་བ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བ་བཞུགས་སོ།། 

ཐེག་པ་གསུམ་གྱི་ས་དང་ལམ་གྱི་རྣམ་པར་བཞག་པ་ཐུབ་བསྟན་མཛེས་པའི་རྒྱན་ཞེས་བ་བཞུགས་སོ།། 

དྲང་བ་དང་ངེས་པའི་དོན་རབ་ཏུ་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འགྲེལ་པ་དཀའ་གནད་རྒྱ་མཚོར་བརྒལ་བའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ།།  

པོད་ལྔ་བ། 

བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཚིག་དོན་རབ་ཏུ་གསལ་བའི་སྒྲོན་མེ།

ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་བྱམས་མགོན་དགྱེས་པའི་མཆོད་སྤྲིན། 

དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་པདྨ་དཀར་པོའི་འཁྲི་ཤིང་། 

ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ལམ་གྱི་སྙིང་པོ།

པོད་དྲུག་པ།

ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་འགྲེལ་པ་བྱམས་མགོན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།   

པོད་བདུན་པ། 

དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་དོན་རབ་ཏུ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

དབུ་མ་ལ་འཇུག་པའི་དཀའ་གནད་ངེས་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།  

པོད་བརྒྱད་པ།

རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའི་རྣམ་བཤད་སྙིང་པོའི་དོན་གསལ་བ་ཞེས་བྱ་བ་བཞུགས་སོ།། 

 དབུ་མ་བཞི་བརྒྱ་པའི་འགྲེལ་པ་ཐུབ་བསྟན་སྙིང་པོ་ཞེས་བྱ་བ་བཞུགས་སོ།།    

པོད་དགུ་བ།

རང་དང་གཞན་གྱི་གྲུབ་མཐའི་རྣམ་པར་བཞག་པའི་བསྟན་བཅོས་ལེགས་པར་བཤད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

ཕྱི་ནང་གི་གྲུབ་མཐའི་གནད་བསྡུས་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

རང་སྟོང་གཞན་སྟོང་གི་ལྟ་བའི་ཁྱད་པར་ཅུང་ཟད་བརྗོད་པ་ཚུལ་གཉིས་རྣམ་གསལ་ལུང་རིགས་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།   

པོད་བཅུ་བ། 

མངོན་པ་མཛོད་ཀྱི་དཀའ་གནས་བློ་གསལ་བྱེ་བའི་འཇུག་ངོགས་ཞེས་བྱ་བཞུགས་སོ།།

ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རབ་ཏུ་བཤད་པ་བློ་གསལ་བྱེ་བའི་འཇུག་ངོགས་ཞེས་བྱ་བ་ལས་གནས་གཉིས་པའི་བཤད་པ་བཞུགས་སོ།། 

ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རབ་ཏུ་བཤད་པ་བློ་གསལ་བྱེ་བའི་འཇུག་ངོགས་ལས་གནས་གསུམ་པའི་རྣམ་གཞག་བཞུགས་སོ།། 

ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རབ་ཏུ་བཤད་པ་བློ་གསལ་བྱེ་བའི་འཇུག་ངོགས་ལས་གནས་བཞི་པའི་བཤད་པ་བཞུགས་སོ།། 

ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རབ་ཏུ་བཤད་པ་བློ་གསལ་བྱེ་བའི་འཇུག་ངོགས་ལས་གནས་ལྔ་པའི་རྣམ་པར་བཤད་པ། 

ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རབ་ཏུ་བཤད་པ་བློ་གསལ་བྱེད་པའི་འཇུག་ངོགས་ལས་གནས་དྲུག་པའི་རྣམ་བཤད་བཞུགས་སོ།།  

ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རབ་ཏུ་བཤད་པ་བློ་གསལ་བྱེ་བའི་འཇུག་ངོགས་ལས་གནས་མདུན་པའི་བཤད་པ་བཞུགས་སོ།།  

ཆོས་མངོན་པ་མཛོད་ཀྱི་དཀའ་བའི་གནས་རབ་ཏུ་བཤད་པ་བློ་གསལ་བྱེ་བའི་འཇུག་ངོགས་ལས་གནས་བརྒྱད་པའི་བཤད་པ་བཞུགས་སོ།།

པོད་བཅུ་གཅིག

 དམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལེགས་བཤད་གསེར་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། 

ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལེགས་བཤད་གསེར་གྱི་ལྡེ་མིག་ཅེས་བྱ་བ་ལས་གནས་གཉིས་པའི་རྣམ་བཤད་བཞུགས་སོ།། 

ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལེགས་བཤད་གསེར་གྱི་ལྡེ་མིག་ཅེས་བྱ་བ་ལས་གནས་གསུམ་པའི་རྣམ་བཤད་བཞུགས་སོ།།

  ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལེགས་བཤད་གསེར་གྱི་ལྡེ་མིག་ཅེས་བྱ་བ་ལས་གནས་བཞི་པའི་རྣམ་བཤད་པ།  

ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལེགས་བཤད་གསེར་གྱི་ལྡེ་མིག་ལས་གནས་ལྔ་པའི་རྣམ་བཤད་བཞུགས་སོ།། 

ཆོས་མངོན་པ་མཛོད་འགྲེལ་པ་ལེགས་བཤད་གསེར་གྱི་ལྡེ་མིག་ཅེས་བྱ་བ་ལས་གནས་དྲུག་པའི་རྣམ་བཤད་བཞུགས་སོ།། 

ཆོས་མངོན་པ་མཛོད་འགྲེལ་པ་ལེགས་བཤད་གསེར་གྱི་ལྡེ་མིག་ཅེས་བྱ་བ་ལས་གནས་བདུན་པའི་རྣམ་བཤད་བཞུགས་སོ།། 

ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལེགས་བཤད་གསེར་གྱི་ལྡེ་མིག་ཅེས་བྱ་བ་ལས་གནས་བརྒྱད་པའི་རྣམ་བཤད་བཞུགས་སོ།། 

པོད་བཅུ་གཉིས། 

འདུལ་བ་མདོ་རྩའི་འབྲུ་བསྣན་ཡོན་ཏན་འོད་ཀྱི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།། 

པོད་བཅུ་གསུམ་པ། 

འདུལ་བ་མདོ་རྩ་བའི་སྤྱི་དོན་དང་དཀའ་བའི་གནས་རབ་ཏུ་བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།  འདུལ་གཞུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལས་ཞུ་བ་སྤྱིར་བསྟན་གྱི་རྣམ་པར་བཤད་པ་བཞུགས་སོ།།  འདུལ་གཞུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལས་གཞི་སྨད་ཀྱི་རྣམ་པར་བཤད་པ་བཞུགས་སོ།།  

པོད་བཅུ་བཞི་པ། 

དམ་པའི་ཆོས་འདུལ་བ་མདོ་རྩ་བའི་དཀའ་བའི་གནས་རབ་ཏུ་བཤད་པ་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།

 དགེ་ཚུལ་གྱི་བསླབ་བྱ་ཚུལ་ཁྲིམས་རྣམ་པར་དག་པའི་བསིལ་ཁང་ཞེས་བྱ་བ་བཞུགས་སོ།། 

དགེ་ཚུལ་གྱི་བླང་འདས་སོ་དྲུག་གི་ཕྱོགས་མཐུན་ངོས་འཛིན་གསལ་བར་ངོས་འཛིན་གསལ་བར་བཀོད་པ་བཞུགས་སོ།། 

ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོའི་འགྲེལ་པ་ཉོན་མོངས་གདུང་སེལ་ཞེས་བྱ་བ་བཞུགས་སོ།།

པོད་བཅོ་ལྔ། 

བྱང་ཆུབ་ལམ་གྱི་རིམ་པའི་དམིགས་སྐོར་ཉུང་བསྡུས་ཀུན་ཕན་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།  

བྱང་ཆུབ་ལམ་རིམ་གྱི་དམིགས་སྐོར་ཉུང་བསྡུས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། 

བྱང་ཆུབ་ལམ་གྱི་སྒྲོན་མེའི་འགྲེལ་པ་གཞུང་དོན་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ།།

 བྱང་ཆུབ་ལམ་གྱི་རིམ་པའི་སྦྱོར་བའི་ཆོས་དྲུག་གི་ངག་འདོན་ཁྲིགས་སུ་སྡེབས་པ་བྱང་ཆུབ་བདེ་ལམ་ལམ་རིམ་བསྡུས་དོན་དང་སྦྲགས་ནས་ཉམས་སུ་ལེན་ཚུལ་བྱང་ཆུབ་ཉེ་ལམ་ཞེས་བྱ་བ་བཞུགས་སོ།། 

ལམ་འབྲས་བུ་དང་བཅས་པའི་མན་ངག་གི་ལམ་གྱི་སྔོན་འགྲོའི་ཁྲིད་སྣང་གསུམ་རིན་ཆེན་མཛེས་པའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། 

པོད་བཅུ་དྲུག    

རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་སྔོན་འགྲོའི་ཟུར་འདེབས་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ།།  བྱང་ཆུང་ལྟུང་བཤགས་ཉམས་སུ་ལེན་པའི་ཚུལ་སྡིག་ལྟུང་མུན་སེལ་ཞེས་བྱ་བ་བཞུགས་སོ།།

 ཐེག་ཆེན་བློ་སྦྱོང་གི་མན་ངག་ཚིགས་སུ་བཅད་པ་ཕན་བདེ་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།  

རྐྱེན་ངན་ལམ་དུ་བྱ་ཐབས་ཀྱི་མན་ངག་ཤིན་ཏུ་ཟབ་པ་བདག་འཛིན་རྡུལ་དུ་བརླག་པའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ།།  ཞལ་གདམས་ཉམས་ལེན་རྒྱུན་ཁྱེར་གྱི་སྐོར་བཞུགས་སོ།། 

བློ་སྦྱོང་ཉི་མའི་འོད་ཟེར་གྱི་བརྡ་ཁྱབ་གོ་དཀའ་བ་རྣམས་ཟུར་དུ་ཕྱུང་བ་བཞུགས་སོ།། 

ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་བསྒོམ་པའི་ལམ་གྱི་རིམ་པའི་མན་ངག་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

 ཆོས་ལ་སློབ་པའི་ཚུལ་ནོར་བ་བཀག་ནས་མ་ནོར་བའི་ལམ་ཡང་དག་པ་ཚུལ་བཞིན་བསྟན་པའི་གཏམ་སྐལ་བཟང་རྣ་བའི་བཅུད་ལེན་བཞུགས་སོ།། 

རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ།།   

པོད་བཅུ་བདུན།

སྤོང་བ་བསམ་གཏན་པ་རྣམས་ལ་བསླབ་པའི་ཁྲིམས་སུ་བཅའ་བ་མན་ངག་ལག་ཏུ་བཅངས་བདེ་བ་རི་ཆོས་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།། 

གནས་དབེན་པར་སྡོད་པའི་ཆོས་མཛད་མཐའ་དག་ལ་ཉེ་བར་མཁོ་བའི་རི་ཆོས་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། 

རབ་བྱུང་མ་རྣམས་ལ་བསླབ་ཁྲིམས་སུ་བཅས་པ་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།

 རྒྱལ་བའི་བསྟན་པ་ལ་བསླབ་པའི་གོ་རིམ་ནོར་བ་བཀག་ནས་མ་ནོར་བ་གསལ་བར་སྟོན་པའི་བསྟན་བཅོས་བསྟན་འཛིན་མཁས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། 

འདུལ་བའི་བསླབ་བྱ་དགེ་སློང་ལ་རབ་ཏུ་གཅེས་པའི་ནོར་ཞེས་བྱ་བ་བཞུགས་སོ།།

པོད་བཅོ་བརྒྱད།

མཆོག་གསུམ་རྗེས་དྲན་གྱི་མདོ་འགྲེལ་ཐོས་པས་རྒྱུད་གྲོལ་ཞེས་བྱ་བ་བཞུགས་སོ།། 

ཤེས་རབ་སྙིང་པོའི་འགྲེལ་པ་ཟབ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ། 

སྐུ་གསུམ་ལ་བསྟོད་པའི་འགྲེལ་པ་ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།། 

རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའམ་གང་བློ་མའི་འགྲེལ་པ་ལེགས་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ། 

ལྟ་བའི་ཨ་མ་ངོ་ཤེས་ཀྱི་མགྲེལ་པ་ཟབ་དོན་རྣམ་པར་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།། 

བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་འགྲེལ་པ་ཟབ་དོན་གདམས་པའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།། 

ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ་བརྐྱངས་བསྐུམ་མའི་འགྲེལ་པ་བདུད་དཔུང་མཐར་བྱེད་ཅེས་བྱ་བ་བཞུགས་སོ།།

ཟབ་མོའི་ཚིག་འགྲེལ་བཞད་གཞུང་བཟང་བལྟ་བའི་མིག་ཅེས་བྱ་བ་བཞུགས་སོ།།

སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར་ཡིག་དྲུག་དང་སྨྱུང་གནས་ཀྱི་ཕན་ཡོན་བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་མཛེས་ཞེས་བྱ་བ་བཞགས་སོ།།

པོད་བཅུ་དགུ། 

ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ་མི་ཕམ་རྣམ་རྒྱལ་ལ་ཀླན་ཀ་བགྱིས་པ་དང་པོ་བཞུགས་སོ།།

 འཇམ་དབྱངས་རྣམ་རྒྱལ་གྱི་འདོད་ཚུལ་ལ་ཀླན་ཀ་བགྱིས་པ་ཟབ་མོའི་གཏམ་ཞེས་བྱ་བ་བཞུགས་སོ།།

མི་ཕམ་རྣམ་རྒྱལ་གྱིས་རྩོད་པའི་ཡང་ལན་ལོག་ལྟའི་ཁོང་ཁྲག་འདོན་པའི་སྐྱུག་སྨན་ཞེས་བྱ་བ་བཞུགས་སོ།།

དྲིས་ལན་པདྨ་དཀར་པོའི་ཕྲེང་བ་སོགས་དྲིས་ལན་གྱི་སྐོར་བཞུགས་སོ།།

 ལི་ཐང་སྡེ་གཞུང་སྤྲུལ་སྐུས་དྲིས་ལན་པདྨ་དཀར་པོ་ཞེས་བྱ་བཞུགས་སོ།།

པོད་ཉི་ཤུ། 

 གསུང་མགུར་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ།། 

མགུར་དབྱངས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ངོ་མཚར་ལེགས་བཤད་བུམ་བཟང་ཞེས་བྱ་བ་བཞུགས་སོ།།  

མགུར་དབྱངས་རིམ་པ་རྣམས་ཕྱོགས་གཅིག་ཏུ་སྡོམ་པ་བློ་གསལ་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ།། 

རྫོགས་པ་ཆེན་པོ་ལས་བརྩམས་ཏེ་གསུངས་པའི་ཉམས་མགུར་རྣམས་ཕྱོགས་གཅིག་ཏུ་བཀོད་པ་འཕོ་མེད་རྡོ་རྗེའི་རང་སྒྲ་ཞེས་བྱ་བ་བཞུགས་སོ། ། 

པོད་ཉེར་གཅིག

 སྟོན་པ་ཐུགས་རྗེ་ཅན་གྱི་སྐྱེས་རབས་འཆད་ཚུལ་མདོར་བསྡུས་པ་དད་གསུམ་བདུད་རྩིའིདགའ་སྟོན་ཞེས་བྱ་བ་བཞུགས་སོ།།  

 ཐུབ་པའི་དབང་པོའི་སྐྱེས་རབས་སོ་བཞི་པ་ལ་ཆོས་རྗེ་རང་བྱུང་པས་ཁ་བསྐང་སྟེ་སྦྱར་བའི་སྐྱེས་རབས་བརྒྱ་པ་ལས་ཅུང་ཟད་བསྡུས་ཏེ་བཀོད་པ་བཞུགས་སོ།།  

  པོད་ཉེར་གཉིས།

དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་རབ་ཏུ་གསལ་བ་དང་སྦྱར་ནས་ཤིན་ཏུ་གོ་བདེ་བར་བཀོད་པ་ཟླ་གྲགས་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།། 

པོད་ཉེར་གསུམ།

དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རིམ་དངོས་གྲུབ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། 

 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རིམ་གཉིས་ཀྱི་ཁྲིད་དངོས་གྲུབ་བདུད་རྩིའི་བུམ་བཟང་ལས་རིམ་པ་གཉིས་པའི་ཁྲིད་ཅེས་བྱ་བ་བཞུགས་སོ།།

 བྱང་སེམས་ཀྱི་སྡོམ་པའི་བསླབ་བྱ་སྡོམ་པ་ཉི་ཤུ་པའི་འགྲེལ་བྱང་སེམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་བྱེད་འཆི་མེད་བདུད་རྩིའི་རྒྱུན་བཟང་ཞེས་བྱ་བ་བཞུགས་སོ།། 

བྱང་ཆུབ་སེམས་ཀྱི་སྡོམ་པའི་བསླབ་བྱ་སྡོམ་པ་ཉི་ཤུ་པའི་འབྲུ་འགྲེལ་རབ་ཏུ་གསལ་བའི་སྣང་བ་ཞེས་བྱ་བཞུགས་སོ།།

 བླ་མ་ལྔ་བཅུ་པའི་རྣམ་བཤད་རྡོ་རྗེ་ཐེག་པའི་ལམ་སྟོན་ཞེས་བྱ་བ་བཞུགས་སོ།། 

གཅོད་ཡུལ་ཕྱག་རྒྱ་ཆེན་མོའི་ཁྲིད་ཡིག་ཟབ་དོན་བདུན་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།། 

པོད་ཉེར་བཞི། 

རྒྱུད་སྡེ་བཞིའི་རྣམ་གཞག་དང་ས་ལམ་གྱི་བགྲོད་ཚུལ་ཇི་ལྟ་བ་བཞིན་འཆད་ལ་རྒྱུད་རྒྱུད་སྡེ་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ།། 

པོད་ཉེར་ལྔ། 

མངོན་བརྗོད་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་ཞེས་བྱ་བ་བཞུགས་སོ།། 

སུམ་ཅུ་པའི་འབྲུ་འགྲེལ་པདྨ་དཀར་པོའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།། 

ཡིག་བསྐུར་དཔེར་བརྗོད་བློ་གསལ་རྣ་བར་སྤྲོ་བའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ།།

སྙན་ཚིག་གཅེས་བསྡུས་ལྷ་ཡི་གླིང་བུ་ཞེས་བྱ་བ་བཞུགས་སོ།། 

བསྟན་བཅོས་ཐུན་མོང་སྙན་ཚིག་ངག་དབང་དབྱངས་ཅན་དགའ་བའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།།

མི་ཉག་མཁས་པ་མི་ལྔའི་རྣམ་ཐར་བཞུགས་སོ།།  

པོད་ཉེར་དྲུག 

ཆོས་ཀྱི་རྗེ་བྲག་དཀར་རྡོ་རྗེ་འཆང་ཆེན་པོའི་གསུང་ཐུགས་གཏེར་དག་སྣང་མའི་བསྐོར་ཆ་ལག་དང་བཅས་པ་ཕྱོགས་གཅིག་ཏུ་བཀོད་པ་ལས་རྒྱུན་དུ་ཆགས་མེད་ཉམས་སུ་ལེན་རྒྱུའི་མན་ངག་ཤིན་ཏུ་ཟབ་པ། 

ཆོས་ཀྱི་རྗེ་བྲག་དཀར་རྡོ་རྗེ་འཆང་ཆེན་པོའི་བཀའ་འབུམ་ལས་རྙིང་ཕྱོགས་ཀྱི་ཆོས་སྐོར་འགའ་ཞིག་བྱ་བ།

གསལ་བཤད།

དུང་དཀར་ཚང་གི་གསུང་འབུམ་པོད་འབྲིང་དགུ་ཙམ་གསུངས་མོད། སེར་གཙུག་ནས་བསྐྲུན་པའི་གསུང་འབུམ་དུ་པོད་ཉེར་དྲུག་བཞུགས།

རྩོམ་པ་པོའི་ལོ་རྒྱུས།

བྲག་དཀར་དགེ་བཤེས་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས།རྗེ་འདི་ནི་ཡུལ་མདོ་སྨད་ཀྱི་སའི་ཆ་ཛི་ཀ་ཞེས་པར་རབ་བྱུང་བཅུ་བཞི་པའི་ས་སྦྲུལ(༡༨༠༩)ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་དུས་གདན་ས་བྲག་དཀར་གྱི་ཁྲིར་བཞུགས། ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུར་འཁྲུངས་སར་མཆོག་སྤྲུལ་རིན་པོ་ཆེའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་ལ་དབུས་ཕྱོགས་སུ་ཕེབས་ནས་འབྲས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། གཞུང་ཆེན་པོད་ལྔ་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་རྩ་གསུམ་སྐབས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ཀེ་ཏ་ཀའི་གོང་འོག་རྣམས་སུ་ལུང་རིག་ཡང་དག་དང་འགལ་ཚབས་ཆེ་བ་མང་ཙམ་གཟིགས་པ་ཀླན་ཀ་བགྱིས་པ་དང་། ལོ་དེ་ནང་དུ{{ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ}}གསར་དུ་བརྩམས། ཁྲི་ཆེན་རྡོ་རྗེ་འཆང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་རྩ་བདུན་ཐོག་མདོ་སྨད་དུ་བྱོན་ཏེ་ཧོར་ཁོག་དགོན་དུ་གཞུང་པོད་ལྔའི་རྩོད་གྲྭ་དང་། གསང་སྔགས་ཀྱི་རྒྱུད་གྲྭ་གསར་དུ་བཙུགས་ཏེ་དེ་ཁུལ་ཡུལ་གྲུ་སྟོད་སྨད་ཀྱི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་ཆར་ཕབ། བཀའ་རྩོམ{{བྱང་ཆུབ་ལམ་གྱི་རིམ་པ་ཀུན་ཕན་བདུད་རྩིའི་ཆུ་རྒྱུན}} {{སྨྱུང་གནས་བླ་མ་རྒྱུད་པའི་རྣམ་ཐར་ཡིག་དྲུག་དང་སྨྱུང་གནས་ཀྱི་ཕན་ཡོན་བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་མཛེས}} {{རྒྱུད་སྡེ་བཞིའི་རྣམ་གཞག་དང་ས་ལམ་གྱི་བགྲོད་ཚུལ་ཇི་ལྟ་བ་བཞིན་འཆད་པ་རྒྱུད་སྡེ་ནོར་བུའི་བང་མཛོད}} {{འདུལ་བའི་རྩ་བའི་སྤྱི་དོན་དང་དཀའ་གནད་རབ་ཏུ་བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ}} {{ཕར་ཕྱིན་རྣམ་བཤད་སྙིང་པོའི་རྒྱན་གྱི་དཀའ་བའི་གནད་རྣམ་པ་འབྱེད་པའི་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང}}སྐབས་དང་པོ་ནས་བརྒྱད་པ་བར། {{དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ}} དེ་བཞིན་ཚད་མ་དང་། གྲུབ་མཐའི་སྐོར་གྱི་ཕྱག་རྩོམ་སོགས་ཁྱོན་པོད་འབྲིང་དགུ་ཙམ་བཞུགས། འདས་ལོ་དང་སྐུ་ཚེ་སྨད་ཀྱི་མཛད་པ་མ་རྙེད།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།