རྗེ་བཙུན་ཤིང་བཟའ་པཎྜི་ཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་གསུང་འབུམ་དཀར་ཆག་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-14 17:11:51         ཀློག་ཐེངས།  

པོད་དང་བོའི་དཀར་ཆག

༄༅། །ཁྲིད་ཡིག་དང་གཞུང་འགྲེལ་སྣ་ཚོགས་ཀྱི་སྐོར།

༡    བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོའི་ཁྲིད་ཡིག་ཐར་བའི་ལམ་བཟང་ཞེས་བྱ་བཞུགས་སོ། །

༢    མཎྜལ་གྱི་ཁྲིད་ཡིག

༣    བཤེས་གཉེན་བསྟེན་ཚུལ་གྱི་རིམ་པ།

༤    ལས་འབྲས་རྣམ་བཞག་ཐུབ་བསྟན་ཉིན་བྱེད།

༥    བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པའི་བཤད་སྦྱོར་བཞུགས་སོ། །

༦    དམིགས་བརྩེ་མའི་དོན་བསྡུས་པ།

༧    མ་ཎིའི་སྔགས་དོན་དང་། དེ་ལ་བརྟེན་ནས་སྡིག་སྒྲིབ་སྦྱང་ཚུལ་མདོར་བསྡུས་སུ་བཀོད་པ།

༨    མངོན་རྟགས་རྒྱན་གྱི་ཟིན་བྲིས་མདོར་བསྡུས་བཞུགས་སོ། །

༩    འོད་དཔག་མེད་ཀྱི་འཕོ་ཁྲིད།

༡༠   ཚེམ་བུ་ལུགས་ཀྱི་དམར་ཁྲིད་ཟིན་ཐོ།

༡༡   སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དམ་པའི་ཞལ་ལུང་ཡེ་ཤེས་སྣང་བ་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །

༡༢   དམིགས་བརྩེ་མའི་བསྙེན་པ་བྱེད་ཚུལ་མདོར་བསྡུས་སུ་བཀོད་པ་ལེགས་བཤད་ཐེམ་སྐས་བཞུགས་སོ། །

༡༣   མ་ཎིའི་ཕན་ཡོན་བསྡུས་པ་ཤེལ་དཀར་མེ་ལོང་བྱ་བ་བཞུགས་སོ། །

༡༤   ཤོག་དྲིལ་སྙན་བརྒྱུད་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

༡༥   ལྟུང་བཤགས་ཀྱི་མཆན་འགྲེལ་མདོར་བསྡུས།

༡༦   བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོའི་མཆན་འགྲེལ་མདོར་བསྡུས་བཞུགས་སོ། །

༡༧   གདུགས་དཀར་མཆོག་གྲུབ་མའི་མཆན་འགྲེལ་མདོར་བསྡུས།

༡༨   སྒྲོལ་མའི་མཆན་འགྲེལ་མདོར་བསྡུས།

༄༅། །ལྷག་ལྷ་དུ་མའི་སྒྲུབ་ཐབས་སོགས་ཀྱི་སྐོར།

༡༩   བདེ་ལམ་བླ་མའི་ཞལ་རྒྱུན་མན་ངག་གནད་ཀྱི་སྙིང་བོ་བཞུགས་སོ། །

༢༠   གནས་བཅུའི་ཕྱག་མཆོད་འཁྱེར་བདེར་བཀོད་པ་དམ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

༢༡   ཐེག་ཆེན་གསོ་སྦྱོང་ལེན་ཚུལ་མདོར་བསྡུས་བཞུགས་སོ། །

༢༢   ཐུན་དྲུག་བླ་མའི་རྣལ་འབྱོར་འཁྱེར་བདེ་ཞེས་བྱ་བ་བཞུགས་སོ། །

༢༣   ཐུན་དྲུག་རྣལ་འབྱོར་བསྡུས་པ་བཞུགས་སོ། །

༢༤   གཉན་ཐོག་རིན་པོ་ཆེའི་གསུང་ལ་རྗེ་ཉིད་ཀྱིས་ཁ་བསྐངས་པའི་ཚེ་སྒྲུབ་བསྡུས་པ་བཞུགས་སོ། །

༢༥   ཚེ་སྦྱིན་འཕགས་མའི་སྒོ་ནས་ཞིང་ཁྱད་པར་ཅན་ལ་བརྟན་བཞུགས་འབུལ་བའི་ཆོ་ག་དངོས་གྲུབ་མཆོག་སྩོལ་བཞུགས་སོ། །

༢༦   འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་སྒྲུབ་ཐབས་མདོར་བསྡུས་བཞུགས་སོ། །

༢༧   ཐབས་ཤེས་གཅོད་ཀྱི་སྙིང་བོ་ལམ་ཟབ་རྒྱུན་གྱི་རྣལ་འབྱོར་འཁྱེར་བདེ་ཞེས་བྱ་བ་བཞུགས་སོ། །

༢༨   མ་ཅིག་ཁྲོས་མ་ནག་མོའི་སྒོ་ནས་བཀྲུ་བྱབས་བསྲུང་གསུམ་བྱེད་ཚུལ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

༢༩   འཇམ་དབྱངས་དམར་སེར་གྱི་རྗེས་ཆོག

༣༠   འཇམ་དབྱངས་ནག་པོའི་སྒྲུབ་ཐབས་བསྡུས་པ་ཉམས་གྲིབ་ཀུན་སེལ་བཞུགས་སོ། །

༣༡   རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒོམ་བཟླས་བཞུགས་སོ། །

༣༢   ནཱ་ག་རཀྵའི་རྒྱུན་བསྡུས་པ།

༣༣   ཁྱུང་ནག་གི་རྒྱུན་འཁྱེར་བསྡུས་པ་བཞུགས་སོ། །

༣༤  བྱབས་ཁྲུས་བསྡུས་པ།

༣༥   སྒྲོལ་མ་བསྡུས་པ།

༣༦   ཚ་གསུར་བསྡུས་པ།

༣༧   རྒྱལ་མཚན་རྩེ་མོའི་དཔུང་རྒྱན་བསྡུས་པ།

༄༅། །བླ་མའི་རྣལ་འབྱོར་དང་བསྟོད་སྨོན་སོགས་ཀྱི་སྐོར།

༣༨   བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། །

༣༩   བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག

༤༠   བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་དད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །

༤༡   སྟོན་པ་ཐུབ་པའི་དབང་བོ་ལ་གསོལ་འདེབས་བསྟོད་ཚིག

༤༢   གླང་ཆེན་འགྱིང་རི་ནས་བྲིས་པའི་སྨོན་ཚིག

༤༣   ཞིས་ཧྲང་པཱ་ན་ནས་བྲིས་པའི་སྨོན་ཚིག

༤༤   སྨོན་དོན་མྱུར་འགྲུབ།

༤༥   པར་བྱང་སྨོན་ཚིག

༤༦   ཇོ་སྐུ་མཐོང་བ་དོན་ལྡན་གྱི་རྟེན་ཐོ་གར་གྱིས་དྲངས་པའི་མཛུབ་ཆུང་ཞེས་བྱ་བ་བཞུགས་སོ། །

༤༧   ནན་ཧེའི་པོ་ཏ་ལར་འཕགས་པ་ཐུགས་རྗེ་ཆེན་པོར་གསོལ་འདེབས་འདོད་གསོལ་གྱི་བསྟོད་ཚིག་མེ་ཏོག་ཆུན་པོ་ཞེས་བྱ་བ་བཞུགས་སོ། །

༤༨   ཐུགས་རྗེ་ཆེན་པོའི་ལྷ་ཁང་མཐོང་བ་དོན་ལྡན་གྱི་དཀར་ཆག་དབུགས་དབྱུང་དྲི་ཟའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །

༤༩   རྗེའི་བསམ་པ་ལྷུན་གྲུབ་མ་བཞུགས་སོ། །

༥༠   རྗེའི་བསམ་པ་ལྷུན་གྲུབ་བསྡུས་པ།

༥༡   འཕགས་པ་སའི་སྙིང་བོའི་བསྟོད་པ།

༥༢   འཕགས་མ་རིག་བྱེད་མའི་བསྟོད་པ་བྱིན་རླབས་འདོད་དགུ་འབྱུང་བའི་གཏེར་ཆེན་ཞེས་བྱ་བ་བཞུགས་སོ། །

༥༣   དམ་བཅའ་འགྲུབ་པའི་སྨོན་ཚིག

༥༤   དུས་འཁོར་སྨོན་ཚིག་བྱིན་རླབས་དངོས་གྲུབ་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །

༥༥   དུས་འཁོར་སྨོན་ལམ་བདེན་ཚིག་གྲུབ་པའི་དབྱངས་སྙན་བཞུགས་སོ། །

༥༦   ཡིད་བཞིན་འཁོར་ལོའི་བསྟོད་པ།

༥༧   དབྱངས་ཅན་མའི་བསྟོད་པ།

༄༅། །བརྟན་གསོལ་དང་ཚེ་རབས་རྗེས་འཛིན་སོགས་ཀྱི་སྐོར།

༥༨   གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་སྐལ་བཟང་དོན་གྲུབ་རྒྱ་མཚོ་དཔལ་བཟང་བོའི་གསང་བ་མཆོག་གི་རྣམ་པར་ཐར་བ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། །

༥༩   བཀའ་དྲིན་མཚུངས་མེད་རྗེ་བཙུན་སྐལ་བཟང་དཀོན་མཆོག་རྒྱ་མཚོ་དཔལ་བཟང་བོའི་གསང་བའི་རྣམ་པར་ཐར་བ་དད་ལྡན་ཡིད་ཀྱི་པད་ཚལ་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

༦༠   ཐུ་མེད་གསེར་ཁྲི་རིན་པོ་ཆེའི་སྐྱེས་ཕྲེང་གསོལ་འདེབས་བཞུགས་སོ། །

༦༡   གཉན་རྩེ་དཔོན་སློབ་མཁན་ཆེན་ངག་དབང་ཆོས་འཕེལ་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་བཞུགས་སོ། །

༦༢   རྒྱ་ནག་པ་ནོམ་ཆི་མཁན་རིན་པོ་ཆེའི་མྱུར་བྱོན་སྨོན་ཚིག་བཞུགས་སོ། །

༦༣   དཔལ་ཤེས་པའི་མྱུར་བྱོན་སྨོན་ཚིག་བཞུགས་སོ། །

༦༤   བློ་བཟང་བསྟན་པའི་ཉི་མའི་མྱུར་བྱོན་གསོལ་འདེབས།

༦༥   ཞབས་བརྟན་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ། །

༦༦   ཞབས་བརྟན་གསོལ་འདེབས་ལེགས་ཚོགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

༦༧   ཞབས་བརྟན་གསོལ་འདེབས་གཆོག་གསུང་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །

༦༨   ཞབས་བརྟན་གསོལ་འདེབས་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

༦༩   ཞབས་བརྟན་གསོལ་འདེབས་ལེགས་ཚོགས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །

༧༠   ཞབས་བརྟན་གསོལ་འདེབས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

༧༡   ཞབས་བརྟན་གསོལ་འདེབས་ཡིད་བཞིན་ལྷུན་གྲུབ་བཞུགས་སོ། །

༧༢   ཞབས་བརྟན་གསོལ་འདེབས་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །

༧༣   ཞབས་བརྟན་གསོལ་འདེབས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

༧༤  ཞབས་བརྟན་གསོལ་འདེབས་འདོད་དོན་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

༧༥   མཁན་ཆེན་ཀརྨ་བསོད་ནམས་དཔལ་འབྱོར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདོད་དོན་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །

༧༦   བླ་མའི་རྣལ་འབྱོར་དང་འབྲེལ་བར་ཚེ་རབས་རྗེས་སུ་འཛིན་པའི་སྨོན་ཚིག་བཞུགས་སོ། །

༧༧   རྩ་བའི་བླ་མ་རྣམས་ཀྱི་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་སྨོན་ཚིག་དད་པའི་ཉི་མ་ཞེས་བྱ་བ་བཞུགས་སོ། །

༧༨   ཡོངས་འཛིན་བློ་བཟང་བཀྲ་ཤིས་པའི་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་བཞུགས་སོ། །

༧༩   ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་བཞུགས་སོ། །

༨༠   ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་བཞུགས་སོ། །

༨༡   ཚེ་རབས་རྗེས་སུ་འཛིན་པའི་སྨོན་ཚིག་འདོད་དོན་མྱུར་འགྲུབ་བཞུགས་སོ། །

༨༢   ཚེ་རབས་རྗེས་འཛིན་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

༨༣   གཉན་ཐོག་མཆོག་སྤྲུལ་རིན་པོ་ཆེའི་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་སྨོན་ཚིག་བཞུགས་སོ། །

༨༤   ཚེ་རབས་རྗེས་འཛིན་བྱིན་རླབས་མྱུར་འཇུག་བཞུགས་སོ། །

༨༥   ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་བཞུགས་སོ། །

༨༦   ཚེ་རབས་རྗེས་འཛིན་ཚིགས་བཞི་མ།

༨༧   གསོལ་འདེབས་ཚིགས་བཅད་ཐོར་བུའི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ། །

༄༅། །བསང་ཡིག་དང་འཕྲིན་བཅོལ་སོགས་ཀྱི་སྐོར།

༨༨   ལྷ་མོའི་འཕྲིན་འཅོལ་འདོད་གསོལ་གདུང་དབྱངས་ང་རོ་བཞུགས་སོ། །

༨༩   ཐ་འོག་ཆོས་རྒྱལ་གྱི་འཕྲིན་བཅོལ།

༩༠   བསང་མཆོད་བདེ་ལེགས་རྩ་བ་མ་བཞུགས་སོ། །

༩༡   བློན་པོ་བྱ་ཁྲིའི་གསོལ་མཆོད་མདོར་བསྡུས།

༩༢   གཉན་རྒོད་རྡོ་རྗེ་གཟི་འབར་ལ་གསོལ་མཆོད་བྱ་ཐབས་དགྲ་བགེགས་འཇོམས་པའི་རུ་མཚོན་ཞེས་བྱ་བ་བཞུགས་སོ། །

༩༣   བསྟན་སྲུང་རྡོ་རྗེ་དྲག་རྒྱལ་མའི་གསོལ་མཆོད།

༩༤   རྒྱུན་བསང་མདོར་བསྡུས།

༩༥   ཆོས་སྐྱོང་སྤྱི་དང་ཡུལ་ལྷ་བཅས་ཀྱི་གསོལ་མཆོད་འདོད་དགུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །

༩༦   བསང་མཆོད་བཀྲ་ཤིས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

༩༧   དགྲ་ལྷ་ཡུལ་རྩེ་གཉན་པོའི་བསང་ཡིག

༩༨   གནས་བདག་ལྷ་ཆེན་དཔལ་འབར་གྱི་བསང་མཆོད།

 ༩༩   དགྲ་ལྷའི་རྒྱལ་བོ་སྟོང་དཔོན་དགྲ་འདུལ་གྱི་བསང་མཆོད་བཞུགས་སོ། །

༡༠༠  གཉན་ལྷ་ནོར་བུ་དགྲ་འདུལ་གྱི་བསང་མཆོད།

༡༠༡  གནས་བདག་ལྷ་ཆེན་དགའ་བ་རབ་སྣང་ལ་བསང་མཆོད་འབུལ་ཚུལ་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

༡༠༢  ལྷ་མོ་དཔལ་མཛེས་དབང་ཕྱུག་མའི་བསང་ཡིག་བཞུགས་སོ། །

༡༠༣  ཡུལ་སྐྱོང་ལྷ་གཉན་ཆེན་པོ་བལ་ཝོ་རྫ་དམར་གྱི་གསོལ་མཆོད།

༡༠༤  གཉན་རྒོད་རྡོ་རྗེ་བདུད་འཇོམས་ཀྱི་བསང་མཆོད་བསྡུས་པ།

༡༠༥  ཉིན་གྱི་དཔལ་མཁར་བསང་ཡིག

༡༠༦  དྲེགས་པའི་སྡེ་དཔོན་ཆེན་པོའི་བསང་ཡིག

༡༠༧  བསང་མཆོད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

༡༠༨  རྒྱུན་བསང་བཀྲ་ཤིས་མཆོག་སྦྱིན།

༡༠༩  གླིང་དཀར་སྟོད་ཀྱི་ཡུལ་ལྷ་སྤྱིའི་བསང་ཡིག

༡༡༠  ཆུ་འགོ་ཨེར་ཏི་ནིའི་གནས་བདག་གི་བསང་མཆོད།

༡༡༡  ལྷ་གཉན་འོད་དཀར་མཐོན་པོའི་བསང་མཆོད།

༡༡༢  བསང་མཆོད་ཀུན་འདུས་བདེ་སྐྱིད་བསམ་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །

༡༡༣  ལྷ་སྲས་དགྲ་འདུལ་ནོར་བུ་དབང་རྒྱལ་གྱི་བསང་ཡིག་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

༡༡༤  ལྷ་གཉན་བཀྲ་ཤིས་སྟོབས་ལྡན་གྱི་བསང་མཆོད་བསྡུས་པ་བཞུགས་སོ། །

༡༡༥  རྩེ་འདུས་རིའི་བསང་ཡིག་མདོར་བསྡུས་བཞུགས་སོ། །

༡༡༦  ཡུལ་ལྷ་ཀུན་འདུས་ཀྱི་གསོལ་མཆོད་དགོས་འདོད་ཆར་བ་བཞུགས་སོ། །

༡༡༧  གཉན་རྒོད་རྡོ་རྗེ་བདུད་འཇོམས་ཀྱི་བསང་ཡིག

༡༡༨  ཤིང་བཟའི་རྒྱབ་རིའི་བསང་ཡིག

༡༡༩  སྟོང་དཔོན་གྱི་བསང་ཡིག

༡༢༠  དམ་ཅན་གྱི་བསང་ཡིག

༡༢༡  དགེ་བསྙེན་གྱི་བསང་ཡིག

༡༢༢  ཡུལ་ལྷ་སོ་སོ་ལ་ཚེ་ཐར་གཏོང་བའི་རིམ་པ་བཞུགས་སོ། །

པོད་གཉིས་པའི་དཀར་ཆག

  ༄༅། །ལོ་རྒྱུས་དང་གནས་བཤད་ཀྱི་སྐོར།

༡   ཨན་ཆུང་གནམ་རྫོང་གནས་རི་དང་།དེའི་ཁོར་ཡུག་གི་སྒྲུབ་སྡེ།ཁམས་རའི་སྡེ་བཅས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་ལེགས་བཤད་ཆུ་རྒྱུན་བཞུགས་སོ། །

༢   ཇི་གིན་གནས་ཡིག་དམ་པའི་གསུང་རྒྱུན་དྲི་མ་མེད་པ་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

༣   སེར་རྒན་ཟླ་གྲགས་རིན་པོ་ཆེའི་གདན་ས་བཤད་སྒྲུབ་དར་རྒྱས་གླིང་གི་བྱུང་བ་བརྗོད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

༤   ལ་མོ་གསེར་ཁྲི་ཧོ་ཐོག་ཐུའི་བླ་རབས་ཀྱི་ལོ་རྒྱུས་མདོར་བསྡུས་བཞུགས་སོ། །

༥   དྲན་པ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་བསྡུས་པ་བཞུགས་སོ། །

༦   དཔལ་ཤེས་རབ་འབར་བ་སྐུ་ཕྲེང་དྲུག་པའི་རྣམ་ཐར་དད་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ། །

༧   ལཱ་ཁ་དགོན་པའི་དུས་འཁོར་མཆོད་རྟེན་གྱི་དཀར་ཆག་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

༨   བསྟན་པའི་མངའ་བདག་ལཱ་ཁ་ཏ་ལེ་ཧོ་ཐོག་ཐུ་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་སྐུ་གདུང་མཐོང་བ་ཀུན་གྲོལ་གྱི་དཀར་ཆག་བསྡུས་བཀོད་བཞུགས་སོ། །

༩   དེའུ་དམར་དགེ་བཤེས་ཀྱི་མཛད་རྣམ་མདོར་བསྡུས།

༡༠   སྡེ་དགེའི་ཆོས་མཛོད་པར་ཁང་ཆེན་མོ་བཀྲ་ཤིས་སྒོ་མང་གི་དཔེ་རིས་དཀར་ཆག་ཤེལ་དཀར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

༡༡   རྒྱལ་བོ་ཨ་ཤོ་ཀའི་དགོན་སྡེའི་གནས་ཚུལ་རགས་བསྡུས།

༡༢   ཀ་ཆུའི་མཆོད་རྟེན་དཀར་བོ་མཇལ་སྐབས་ཀྱི་ཟིན་ཐོ་བསྡུས་པ།

༄༅། །འགྲིག་ཡིག་དང་སྐྱབས་འཇུག་སྣ་ཚོགས་ཀྱི་སྐོར།

༡༣   བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་གི་ཟུར་རྒྱན།

༡༤   བསྟན་པའི་སྐྱོང་རབས།

༡༥   ཤིང་བཟའ་དགོན་པའི་ཆོས་ཐོག་སོ་སོའི་དུས་ཚིགས་ཀྱི་རྣམ་གཞག

༡༦   ཚོགས་གཏམ།

༡༧   ར་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་གི་བཅའ་ཡིག་ཟུར་འདེབས།

༡༨   ཨ་སྐྱིད་སེ་ར་དགོན་པ་ལ་ཕུལ་བ།

༡༩   བྲག་དམར་ཞང་སྤྱི་སྲུང་གི་བཅའ་ཡིག

༢༠   ཀུན་མཁྱེན་རིན་པོ་ཆེར་ཕུལ་བའི་སྐྱབས་ཐོ།

༢༡   ལ་མོ་གསེར་ཁྲི་ཚང་ལ་ཕུལ་བ།

༢༢   ལཱ་ཁ་ཚང་གི་སྐུ་གདུང་ལེགས་གྲུབ་མཛད་སྒོའི་སྐྱབས་འཇུག

༢༣   སྐྱབས་འཇུག་བསྡུས་པ།

༄༅། །མཎ་བཤད་དང་གསུང་བཤད་སོགས་ཀྱི་སྐོར།

༢༤   པཎ་ཆེན་རིན་པོ་ཆེ་སྟག་ཚང་ལྷ་མོར་ཕེབས་དུས་ཕུལ་བའི་མཎ་བཤད།

༢༥   ཀུན་མཁྱེན་རིན་པོ་ཆེ་མདོ་གསུམ་དུ་ཕེབས་སྐབས་ཕུལ་བའི་མཎ་བཤད།

༢༦   ལྷ་མོ་གསེར་ཁྲི་རིན་པོ་ཆེར་ཕུལ་བའི་མཎ་བཤད།

༢༧   གུང་ཐང་རིན་པོ་ཆེས་ཐོར་གོད་དུ་དུས་འཁོར་དབང་ཆེན་གནང་སྐབས་ཕུལ་བའི་མཎ་བཤད།

༢༨   གུང་ཐང་རིན་པོ་ཆེར་ཕུལ་བ།

༢༩   ལཱ་ཁ་སྐུ་ཕྲེང་བདུན་པ་མཆོག་ལ་ཕུལ་བའི་མཎ་བཤད།

༣༠   ལཱ་ཁ་སྐུ་ཕྲེང་བདུན་པ་མཆོག་ལ།

༣༡   ལཱ་ཁ་རྗེ་བཙུན་བསྟན་འཛིན་དགེ་འདུན་རྒྱ་མཚོ་མཆོག་ལ།

༣༢   གྲོ་ཚང་སྐུ་ཕྲེང་དྲུག་པ་ཁྲི་བཞུགས་སྐབས་གནང་བའི་མཎ་བཤད།

༣༣   ཚོ་འདུ་སྐུ་ཕྲེང་ལྔ་བ་མཆོག་ལ་གནང་བའི་མཎ་བཤད།

༣༤   ལ་མོ་གསེར་ཁྲི་ཚང་ལ་ཕུལ་བ།

༣༥   བརྩི་བཞག་ཆོས་འཕེལ་རྒྱ་མཚོས་ཐུགས་རྗེ་ཆེན་པོའི་དབང་གནང་སྐབས་བསྩལ་བའི་སྐབས་མཎ་བཤད།

༣༦   ཤིང་བཟའ་མཆོག་སྤྲུལ་དམ་ཆོས་རྒྱ་མཚོ་ལ་གནང་བ།

༣༧   ཨེ་ཝཾ་ཆོས་འཁོར་གླིང་གི་མཁན་ཁྲིའི་བཤད་པ་ཐར་འདོད་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

༣༨   ཐོས་པའི་ཕན་ཡོན་བརྗོད་པ་ལེགས་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །

༣༩    འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ཐར་ལམ་གསལ་བའི་སྣང་བ་ཞེས་བྱ་བ་བཞུགས་སོ། །

༤༠   ཚད་མ་རིག་པའི་འཆད་ཉན་རྟིང་སྐུལ་གྱི་ཚོགས་གཏམ།

༤༡   མཐོ་རིམ་ནང་བསྟན་སློབ་གྲྭའི་ཐེངས་དང་བོའི་མཐར་ཕྱིན་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

༄༅། །ཆབ་ཤོག་དང་སྙན་རྩོམ་སོགས་ཀྱི་སྐོར།

༤༢   གུང་ཐང་ཚང་ལ་ཕུལ་བ།

༤༣   སང་སང་སྨྱུང་གནས་པ་རིན་པོ་ཆེས་ཕྱག་ཡིག་ཕུལ་བའི་ལན་དུ་གནང་བ།

༤༤   འབྲོག་མི་བྱམས་པ་བློ་གྲོས་ལ་ཕུལ་བ།

༤༥   བྱམས་པ་འཕྲིན་ལས་ལ་ཕུལ་བ།

༤༦   ཀྲུའུ་རིན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལ་ཕུལ་བ།

༤༧   སྐལ་བཟང་ཟླ་གྲགས་ལ་གནང་བ།

༤༨   སྟོང་ཚོགས་དབང་བསྒྱུར་ལ་ཕུལ་བ།

༤༩   གྲྭ་སར་སློབ་གཉེར་བྱེད་མཁན་ཞིག་ལ་གནང་བ།

༥༠   སྟག་ཚ་མཆོག་སྤྲུལ་ལ་གནང་བ།

༥༡   ཆུ་ངོགས་གཏམ་རྒྱུད་བོད་ཡིག་ཏུ་སྒྱུར་བ་བོ་བློ་གྲོས་ལ་གནང་བ།

༥༢   ལྷ་མོ་སྐྱབས་ལ་གནང་བ།

༥༣   སྨན་པ་ཚེ་བཀྲ་ལ་གནང་བ།

༥༤   འཕྲིན་ཡིག་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན།

༥༥   ཐུ་མེད་གསེར་ཁྲི་ཐུགས་ཐག་བཅད་པའི་བརྡ་ཁྱབ།

༥༦   ཡར་ཞུའི་ཡི་གེ

༥༧   གུང་ཐང་བསྟན་པའི་དབང་ཕྱུག་མཆོག་ལ་ཕུལ་བ།

༥༨   རིག་གནས་ཕོ་བྲང་གི་སྒོ་འབྱེད་ཤིས་ཚིག

༥༩   གཅན་ཚ་མ་ཎི་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་ཞུ་ཚིག་བཀྲ་ཤིས་འོད་འབར་ཞེས་བྱ་བ་བཞུགས་སོ། །

༦༠   སྟག་ཚང་ལྷ་མོའི་གདན་རབས་ཁ་སྐོང་པད་དཀར་ཟེའུ་འབྲུའི་མཆོད་བརྗོད་དང་མཇུག་རྩོམ།

༦༡   རྟགས་བརྒྱད་དང་སྦྱར་བའི་སྙན་རྩོམ་ངོ་མཚར་དཔྱིད་ཀྱི་སྒེག་མོའི་གླུ་དབྱངས།

༦༢   ནུབ་བྱང་མི་རིགས་སློབ་གླིང་ལ་གནང་བ།

༦༣   ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ལ་གནང་བ།

༦༤   བརྩི་བཞག་ཆོས་འཕེལ་རྒྱ་མཚོ་ལ་གནང་བ།

༦༥   སྟག་ཚ་ཆོས་རྗེའི་རྣམ་ཐར་གྱི་དབུའི་ཚིགས་བཅད།

༦༦   རབ་ཏུ་བྱུང་བའི་རྟེན་འབྲེལ་དགའ་སྟོན།

༦༧   འཇིགས་མེད་མཐུན་གྲོགས་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ་ཚིག

༦༨   གཅན་ཚ་རྫོང་བོད་སྨན་དབུ་བརྙེས་པའི་མཛད་སྒོར་གནང་བ།

༦༩   སྙན་རྩོམ་ཐོར་བུའི་སྐོར།

༼ པོད་གསུམ་པའི་དཀར་ཆག ༽

༄༅། །རྒྱུད་སྡེ་བཞིའི་དབང་དང་རྗེས་གནང་གི་བཤད་པ།

༧༠   དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་སྔོན་འགྲོའི་ཆོས་བཤད།

༧༡   གསང་འདུས་ཀྱི་དབང་གི་སྔོན་འགྲོའི་བཤད་པ།

༧༢   སྟག་ཚང་ལྷ་མོར་འགྲེལ་བ་བཞི་སྦྲགས་གནང་སྐབས་ཀྱི་ཟིན་ཐོ།

༧༣   དཔལ་འཁོར་ལོ་སྡོམ་པའི་དབང་གི་སྔོན་འགྲོའི་བཤད་པ།

༧༤   བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ལྷ་སོ་བདུན་གྱི་སྨིན་བྱེད་དབང་གི་བཤད་པ།

༧༥   རྣམ་སྣང་མངོན་བྱང་གི་དབང་བཤད།

༧༦   སྔོན་འགྲོའི་འཁྲིད་ཡིག་སྨིན་གྲོལ་སྒོ་འབྱེད་ལས་ཟིན་བཏུས་བྱས་པ།

༧༧   རྟ་མགྲིན་ཡང་གསང་གི་བླ་མ་བརྒྱུད་པའི་རྣམ་ཐར་མདོ་ཙམ་བརྗོད་པ་བཞུགས་སོ། །

༧༨   ཡང་གསང་ཁྲོས་པའི་དཀྱིལ་འཁོར་གྱི་ལོ་རྒྱུས་བཞུགས་སོ། །

༧༩   རྟ་མགྲིན་ཡང་གསང་ཁྲོས་པ་ལྷ་དགུའི་དབང་གི་བཤད་པ་བཞུགས་སོ། །

༨༠   གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་གི་སྔོན་འགྲོའི་བཤད་པ་བཞུགས་སོ། །

༨༡   ཐུགས་རྗེ་ཆེན་པོ་སྒྲུབ་ཚུལ་ལོ་རྒྱུས་དང་བཅས་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

༨༢   བཅོམ་ལྡན་འདས་སྨན་གྱི་བླའི་གཟུངས་ཀྱི་ཕན་ཡོན་དང་། བདེ་བར་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་སོགས་བརྗོད་པའི་ཟིན་བྲིས།

༨༣   བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་པའི་དབང་གི་བཤད་སྦྱོར། གཅོད་ཀྱི་གདམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྗེ་བཙུན་འཇམ་པའི་དབྱངས་ནས་ཨརྱ་དེ་བ་སོགས་ལ་བརྒྱུད་ཚུལ་བཀོད་པ་བཞུགས་སོ། །

༨༤   ཞི་བ་ནམ་མཁའ་སྒོ་འབྱེད་ཀྱི་སྔོན་འགྲོའི་བཤད་པ།

༨༥   ཁྲོས་ནག་དབང་གི་བཤད་སྦྱོར་བཞུགས་སོ། །

༨༦   དབང་དོན་དེ་ཉིད་ཡང་གསལ་ལས་ཟིན་བཏུས་བྱས་པ།

༨༧   བྱང་སེམས་ཀྱི་རྩ་ལྟུང་དང་ཉེས་བྱས་ཀྱི་ངོ་བོ་གསལ་བར་བརྗོད་པ་བཞུགས་སོ། །

༨༨   སྒྲོལ་དཀར་ཚེ་ཁྲིད་ཀྱི་ལོ་རྒྱུས་བསྡུས་པ་ཨུཏྤལ་དཀར་བོའི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ། །

༨༩   རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་གི་སྔོན་འགྲོའི་བཤད་པ་བཞུགས་སོ། །

༩༠   རྡོ་རྗེ་འཆང་བསྟན་པའི་དབང་ཕྱུག་དཔལ་བཟང་བོས་གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་སྐབས་ཀྱི་ཕྱག་བཞེས་ཟིན་ཐོ།

༩༡   བླ་མེད་རྡོ་རྗེ་སེམས་དཔའི་རྗེས་བཤད།

༩༢   ཀུ་རུ་ཀུལླེའི་རྗེས་གནང་གི་སྔོན་འགྲོའི་བཤད་པ་བཞུགས་སོ། །

༩༣   རྗེས་གནང་གི་བཤད་པ་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ། །

༩༤   དམ་ཅན་ཆོས་རྒྱལ་གྱི་རྗེས་གནང་གི་བཤད་པ།

༩༥   དགའ་ལྡན་བཤད་སྒྲུབ་གླིང་གི་འཆམ་གཞུང་མ་ནོར་ཕྱག་རྒྱུན་བཞུགས་སོ། །

༩༦   ལྷ་མོའི་རྗེས་གནང་གི་བཤད་སྦྱོར།

༩༧   རྒྱལ་བོ་ཆེན་པོ་རྣམ་སྲས་ཀྱི་ལོ་རྒྱུས་མདོར་བསྡུས།

༩༨   སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྲོག་གཏད་ཀྱི་བཤད་པ།

༩༩   ཆོས་སྐྱོང་དྲེགས་པ་ལྕམ་དྲལ་གྱི་ལོ་རྒྱུས་མདོར་བསྡུས།

༡༠༠  ཐ་འོག་གི་ལོ་རྒྱུས་བསྡུས་པ།

༡༠༡   ལབ་རྩེ་དང་བསང་གསུར་གྱི་ཁུངས་མདོར་བསྡུས་སུ་བཀོད་པ་བཞུགས་སོ། །

པོད་བཞི་བའི་དཀར་ཆག

༄༅། །ཨ་སྐྱིད་དུ་དུས་འཁོར་དབང་ཆེན་གནང་སྐབས་ཀྱི་བཤད་ཟིན་ཕྱོགས་བསྒྲིགས་བཞུགས་སོ། །

༡   སློབ་མ་རྗེས་འཛིན་སྐབས་ཀྱི་ཆོས་བཤད།

༢   སྟ་གོན་དང་བྱིས་བདུན་དབང་གི་ཕྱག་ལེན་དང་བརྡ་སྦྱོར་སོགས་ཀྱི་སྐོར་བཞུགས་སོ། །

༣   དཀྱིལ་འཁོར་ཞལ་སྟོན།

༤   དུས་ཀྱི་འཁོར་ལོའི་རྒྱུད་དོན་འཆད་ཐབས།

༥   སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་ཉེ་བར་སྒྲུབ་པའི་ཡན་ལག

༦   དུས་ཀྱི་འཁོར་ལོ་དང་རྒྱུད་སྡེ་གཞན་གྱི་ཁྱད་པར་ལས་བརྩམས་པའི་བཤད་ཟིན།

༧   རྡོ་རྗེ་སློབ་དཔོན་དབང་གི་སྐབས་ཀྱི་བཤད་ཟིན།

༨   བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ཆོས་རྒྱུན་བྱུང་ཚུལ་གྱི་བཤད་ཟིན་བཞུགས་སོ། །

༩   རྡོ་རྗེ་སློབ་དཔོན་གྱི་དབང་གི་ཕྱག་ལེན།

༡༠  ཆོས་འཁོར་སྐབས་ཀྱི་བཤད་ཟིན།

༡༡  གར་འཆམ་གྱི་བཤད་པ།

༡༢  དུས་འཁོར་དབང་གི་མཎྜལ་ཁ་བསྒྱུར།

༡༣  བརྒྱུད་འདེབས་ཁ་སྐོང་།

༄༅། །བྲག་དམར་དུ་དུས་འཁོར་དབང་ཆེན་གནང་སྐབས་ཀྱི་གསུང་ཟིན་ཕྱོགས་བསྒྲིགས་བཞུགས་སོ། །

༡༤   སློབ་མ་རྗེས་འཛིན་སྐབས་ཀྱི་བཤད་པ།

༡༥   སྟ་གོན་གྱི་སྔོན་འགྲོའི་བཤད་པ།

༡༦   བྱིས་པ་ལྟར་འཇུག་པའི་དབང་བདུན་གྱི་སྔོན་འགྲོའི་ཆོས་བཤད།

༡༧   དཀྱིལ་འཁོར་ཞལ་སྟོན།

༡༨   དུས་གོ་བརྗོད་པ།

༡༩   སྡོམ་པའི་ངོ་བགྲང་།

༢༠   དབང་གོང་མ་གོང་ཆེན་གྱི་སྔོན་འགྲོའི་ཆོས་བཤད།

༢༡   དུས་འཁོར་བསྐྱེད་རྫོགས་ཀྱི་བཤད་སྦྱོར།

༢༢   རྡོ་རྗེ་སློབ་དཔོན་དབང་གི་སྔོན་འགྲོའི་ཆོས་བཤད།

༢༣   ཆོས་འཁོར་དང་སློབ་མ་ལྷ་འབུལ།

༢༤   གུང་ཐང་རིན་པོ་ཆེའི་མདུན་ནས་དུས་དབང་གསན་སྐབས་ཀྱི་ཟིན་བྲིས་བཞུགས་སོ། །

༄༅། །རྩ་མདོའི་ནང་དོན་ཉེར་མཁོ་སྡོམ་བསྡུས།

དང་བོ།   རྩ་བརྟག་བྱུང་ཚུལ་བཤད་པ།

གཉིས་པ།   རྩ་བརྟག་སྟེང་གི་སྤང་བླང་བསྟན་པ།

གསུམ་པ།   ལུས་གནས་བལྟ་རྩའི་གནས་ལུགས་མདོར་བསྟན་པ།

བཞི་བ།   བརྟག་བྱའི་ནད་ཀྱི་འབྱུང་རྐྱེན་མདོར་བསྟན་པ།

ལྔ་བ།   འཕར་རྩའི་བལྟ་གནས་ངོས་བཟུང་བ།

དྲུག་པ།   ལག་རྩ་བརྟག་ཐབས་སྤྱིར་བསྟན་པ།

བདུན་པ།   བྱེ་བྲག་བལྟ་རེག་ཉན་འདྲིའི་ནད་ངོས་བཟུང་བ་མདོར་བསྡུས།

བརྒྱད་པ།   ལག་རྩ་བལྟ་ཚུལ།

དགུ་བ།   རྒྱུན་གྱི་ལུས་གནས་རྟེན་གྱི་རྩ་རྒྱུད་སྤྱིར་བརྟག་པ།

བཅུ་བ།   བྱེ་བྲག་དུས་བཞིའི་རྒྱུན་རྩ་བརྟག་པ།

བཅུ་གཅིག་པ།  ནད་ཅན་ནད་མེད་ཀྱི་རྩའི་འཕར་ཚུལ།

བཅུ་གཉིས་པ།   རྩ་མདོའི་སྟེང་གི་རྩ་རྒྱུད་སོ་སོའི་ནད་རིགས་སྤྱི་དང་བྱེ་བྲག་པ་ངོས་བཟུང་བའི་སྡོམ་ཚིག

བཅུ་གསུམ་པ།   འཕར་རྩ་འགུལ་སྟངས་ཀྱི་མིང་དོན་ཀྲུང་དབྱི་ལུགས་ལྟར་ཕྱོགས་བཀོད་མདོར་བསྡུས།

བཅུ་བཞི་བ།   སྤྱི་རྩ་དྲུག་གིས་ཚ་གྲང་གང་གཏོགས་ཀྱི་ནད་ངོས་བཟུང་བ།

བཅོ་ལྔ་བ།   སོ་མ་རཱ་ཛའི་ནང་དོན་ལྟར་ཚ་གྲང་རྩ་དང་སྟོད་སྨད་བསྟན་པ།

བཅུ་དྲུག་པ།   ཚ་དང་གྲང་བའི་གལ་འགག་བཞི།

བཅུ་བདུན་པ།   རླུང་མཁྲིས་བད་ཀན་གསུམ་གྱི་རྩ་བརྟག་ངོས་བཟུང་བ།

བཅོ་བརྒྱད་པ།   ཁྲག་རྩ་བསྟན་པ།

བཅུ་དགུ་བ།   བྱེ་བྲག་ཚ་བའི་རྩ་བསྟན་པའི་སྐོར།

ཉི་ཤུ་བ།   གཉན་ནད་རིགས་ཀྱི་རྩ་བསྟན་པའི་སྐོར།

ཉེར་གཅིག་པ།   རིམས་ནད་རིགས་ཀྱི་རྩ་བསྟན་པའི་སྐོར།

ཉེར་གཉིས་པ།   དོན་ལྔའི་རང་བཞིན་གྱི་ནད་འགའ་བསྟན་པ།

ཉེར་གསུམ་པ།   སྣོད་དྲུག་ནད་ཀྱི་རྩའི་རྒྱུ་ཚུལ་འགའ།

ཉེར་བཞི་བ།   ཁོང་ནད་སྐྲན་གྱི་སྐོར།

ཉེར་ལྔ་བ།   དུག་ནད་རིགས་ཀྱི་རྩ་ཁ་ཤས།

ཉེར་དྲུག་པ།   ཀླད་པའི་ནད་ཁ་ཤས་ཀྱི་རྩ་བརྟག

ཉེར་བདུན་པ།   ཐོར་བུའི་ནད་རིགས་འགའི་རྩ་བརྟག

ཉེར་བརྒྱད་པ།   ནོར་བའི་འཕྲང་དྲུག་བསྟན་པ།

ཉེར་དགུ་བ།    གདགས་སྲིབས་རྩ་ལ་བརྟེན་ནས་རྒྱུན་མཐོང་ནད་རྟགས་ཁ་ཤས་བཤད་པ།

སུམ་ཅུ་བ།   བླ་སྲོག་རྩ་ཡི་རྒྱུ་ཚུལ།

སོ་གཅིག་པ།   སྡོད་འཐེན་ཐེངས་གསུམ་བསྟན་པ།

སོ་གཉིས་པ།   ནད་བཅོས་ངོས་བླང་བྱུང་མིན་བསྟན་པ།

སོ་གསུམ་པ།   ཞར་བྱུང་བྱིས་ནད་བརྟག་པ།

སོ་བཞི་བ།   ཟུར་བཀོད་སྲོག་ཆགས་འགྲོས་རྩ་བསྟན་པ།

སོ་ལྔ་བ།     མཇུག་བྱང་།

བལྟ་བརྟག་ཆུ་མདོའི་ནང་དོན་ཉེར་མཁོ་སྡོམ་བསྡུས།

དང་བོ།   བལྟ་བརྟག་བྱུང་ཚུལ་མདོ་ཙམ་བརྗོད་པ།

གཉིས་པ།   བལྟ་བརྟག་ཁག་དང་བོ་གདོང་བརྟག་སྤྱིར་བཤད་པ།

གསུམ་པ།   གཉིས་པ་གདོང་བརྟག་བྱེ་བྲག་པ་ལས་མིག་བརྟག་པ།

བཞི་བ།    སྣའི་མདོག་དབྱིབས་བརྟག་པ།

ལྔ་བ།   རྣ་བ་བརྟག་པ།

དྲུག་པ།   མཆུ་བརྟག་པ།

བདུན་པ།  སོ་བརྟག་པ།

བརྒྱད་པ།   གདོང་བརྟག་ནང་གི་གནད་གཙོ་ལྕེ་བརྟག་པ།

དགུ་བ།   དབྱིབས་ལུས་སེན་མོ་བརྟག་པ་ཕྱོགས་བསྡུས།

བཅུ་བ།   བལྟ་བརྟག་ཁག་གཉིས་པ་གཞུང་འདིའི་ཆུ་དཔྱད་སྟེང་གི་སྔོན་འགྲོ་གྲ་སྒྲིག་སྐོར།

བཅུ་གཅིག་པ།  གཅིན་འདོན་སྐྱེད་བྱེད་བརྒྱུད་རིམ་ལས་ཆུ་ཇི་ལྟར་འགྱུར་བའི་ཚུལ།

བཅུ་གཉིས་པ།   ནད་མེད་ཀྱི་ཆུ་བསྟན་པ།

བཅུ་གསུམ་པ།   ནད་ཆུ་སྤྱིར་བཤད་པའི་ནང་གི་ཚན་མོའི་དུས་བརྟག་པ།

བཅུ་བཞི་བ།    ནད་ཆུ་སྤྱིར་བཤད་པའི་ནང་གི་ངད་ཡལ་དུས་བརྟག་པ།

བཅོ་ལྔ་བ།   ནད་ཆུ་སྤྱིར་བཤད་ནང་གསེས་གྲང་མོའི་དུས་བརྟག་པ།

བཅུ་དྲུག་པ།  བྱེ་བྲག་བརྟག་པའི་བསྡུས་དོན་ཅུང་ཙམ་བཤད་པ།

བཅུ་བདུན་པ།   བྱེ་བྲག་བརྟག་པའི་གཙོ་བོ་ཚ་ཆུ་གྲང་ཆུ་གཉིས་གསལ་བར་བཤད་པ།

བཅོ་བརྒྱད་པ།   ཚབས་ཆེན་ཉེན་ཁའི་ཆུ་བསྟན་པ།

བཅུ་དགུ་བ།   ཞར་བྱུང་ཆུ་བརྟག་ཡན་ལག་འགའ་བསྟན་པ།

ཉི་ཤུ་བ།   ཆུ་དཔྱད་སྟེང་གི་བླང་དོར་བསྟན་པ།

ཉེར་གཅིག་པ།   མཇུག་དོན་ཞུ་ཚིག

པོད་ལྔ་བའི་དཀར་ཆག

༄༅། །གསོ་རིག་ཀུན་འདུས་ལས་ཡན་ལག་དང་བོ་ནད་ཉེས་གསུམ་གསོ་བའི་སྐབས།

༡   རླུང་ནད་ཀྱི་རིགས།

༢   ཁྲག་རླུང་གི་ནད་རིགས།

༣   མཁྲིས་པའི་ནད་རིགས།

༤   བད་ཀན་གྱི་ནད་རིགས།

༥   འདུས་པ་སྨུག་པོའི་ནད་རིགས།

༄༅། །ཁོང་ནད་གསོ་བའི་སྐབས།

༦   མ་ཞུ་བ་གསོ་བའི་ནད་རིགས།

༧   སྐྲན་གྱི་ནད་རིགས།

༨   སྐྱ་རྦབ་ཀྱི་ནད་རིགས།

༩   འོར་གྱི་ནད་རིགས།

༡༠  དམུ་ཆུའི་ནད་རིགས།

༡༡  གཅོང་ཆེན་ཟད་བྱེད་ཀྱི་ནད་རིགས།

༄༅། །ཚ་བ་གསོ་བའི་སྐབས།

༡༢   རིམས་ཚད་ཀྱི་ནད་རིགས།

༡༣   འབྲུམ་བུའི་ནད་རིགས།

༡༤   སིབ་བུའི་ནད་རིགས།

༡༥   ཆམ་པའི་ནད་རིགས།

༡༦   གཉན་རིམས་པར་པ་ཏ།

༡༧   གཉན་ནད་ཀླད་གཟེར།

༡༨   གཉན་ནད་གག་པའི་ནད་རིགས།

༡༩   གཉན་ནད་གཟེར་ཐུང་།

༢༠   ཕོ་བའི་གཉན་གླང་།

༢༡   གཉན་ནད་རྒྱུ་གཟེར་གྱི་ནད་རིགས།

༢༢   གཉན་ནད་མེ་དབལ།

༢༣   གཉན་རིམས་རྨེན་བུའི་ནད་རིགས།

༢༤   གཉན་ནད་བྱིན་ལོག

༢༥   ལྷོག་པའི་ནད་རིགས།

༢༦   གཉན་རིམས་འབྲས་བུའི་ནད་རིགས།

༢༧   གཉན་ནད་འཛུམ་བུ་ལྟག་དགྱེ།

༢༨   གཉན་རིམས་མཁྲིས་པ་རྩར་རྒྱུག

༢༩   གཉན་ནད་ཁོང་ལྷོག་ནག་པོ།

༣༠   གཉན་ནད་ཁ་མེད།

༣༡   གཉན་ནད་འཁྱམ་པོ།

༣༢   གཉན་འབར་འབུར།

༣༣   གཉན་ནད་རྣ་རྩ་ཕུས་འདེབས།

༣༤   གཉན་ནད་ངམ་རུའི་རིགས།

༄༅། །ལུས་སྟོད་གསོ་བའི་སྐབས།

༣༥   མགོ་བོའི་ནད་རིགས།

༣༦   ཡ་མ་མགོ་སྲིན་གྱི་ནད་རིགས།

༣༧   མིག་གི་ནད་རིགས།

༣༨   རྣ་བའི་ནད་རིགས།

༣༩   སྣ་ནད་རིགས།

༤༠   ཁ་ནད་རིགས།

༤༡   སོ་ནད་རིགས།

༤༢   ལྦ་བའི་ནད་རིགས།

༄༅། །དོན་སྣོད་གསོ་བའི་སྐབས།

༤༣   སྙིང་གི་ནད་རིགས།

༤༤   གློ་བའི་ནད་རིགས།

༤༥   བུང་ཚང་གི་ནད།

༤༦   མཆིན་པའི་ནད་རིགས།

༤༧   མཆེར་བའི་ནད་རིགས།

༤༨   མཁལ་མའི་ནད་རིགས།

༤༩   ས་བོན་འཛག་པའི་ནད་རིགས།

༥༠   ཕོ་བའི་ནད་རིགས།

༥༡   རྒྱུ་མའི་ནད་རིགས།

༥༢   རྒྱུ་རྒན་གྱི་ནད།

༥༣   ལོང་གི་ནད་རིགས།

༄༅། །གསང་ནད་གསོ་བའི་སྐབས།

༥༤   ཕོ་མཚན་གྱི་ནད་རིགས།

༥༥   མོ་མཚན་གྱི་ནད་རིགས།

༄༅། །ལྷན་སྐྱེས་རྨ་གསོ་བའི་སྐབས།

༥༦   འབྲས་ནད་ཀྱི་རིགས།

༥༧   གཞང་འབྲུམ་གྱི་ནད་རིགས།

༥༨   མེ་དབལ་གྱི་ནད་རིགས།

༥༩   སུར་ཡའི་ནད་རིགས།

༦༠   རྨེན་བུའི་ནད་རིགས།

༦༡   རླིག་རླུགས་ཀྱི་ནད་རིགས།

༦༢   རྐང་འབམ་ནད་ཀྱི་རིགས།

༦༣   མཚན་བར་རྡོལ་བའི་ནད་རིགས།

༄༅། །ཡན་ལག་གཉིས་པ་བྱིས་ནད་གསོ་བའི་སྐབས།

༦༤   བྱིས་པ་བཙའ་ཐབས།

༦༥   བྱིས་པ་ཉེར་སྤྱོད།

༦༦   བྱིས་པའི་ནད་རིགས།

༄༅། །ཡན་ལག་བཞི་བ་གདོན་ནད་གསོ་བའི་སྐབས།

༦༧   འབྱུང་བོའི་ནད་རིགས།

༦༨   སྨྱོ་བྱེད་ཀྱི་ནད་རིགས།

༦༩   བརྗེད་བྱེད་ཀྱི་ནད་རིགས།

༧༠   གཟའ་ནད་ཀྱི་རིགས།

༧༡   མཛེ་ནད་ཀྱི་རིགས།

༄༅། །ཡན་ལག་དྲུག་པ་དུག་ནད་གསོ་བའི་སྐབས།

༧༢   སྦྱར་དུག་གི་ནད་རིགས།

༧༣   གྱུར་པ་མི་འཕྲོད་པའི་དུག

༧༤   ཤ་དུག་གི་ནད་རིགས།

༧༥   དངོས་དུག་མི་རྒྱུ་བའི་ནད་རིགས།

༧༦   དངོས་དུག་རྒྱུ་བའི་ནད་རིགས།

༧༧   རེག་དུག་གི་ནད།

༄༅། །གསོ་རིག་ཐོར་བུའི་སྐོར།

༧༨   མི་ལུས་སྐྱེ་ལུགས་རིག་པའི་སྡོམ་ཚིག

༧༩   རྩི་ཤིང་རིག་པའི་རྣམ་བཞག་ཚིགས་སུ་བཅད་པ་བློ་གྲོས་ཀུན་ཏ་བཞད་པའི་ཟླ་འོད་ཅེས་བྱ་བ་བཞུགས་སོ། །

༨༠  རྒྱུད་དུ་བསྟན་པའི་རྩ་གནད་བརྒྱུད་རིམ།

༨༡   ལུས་ཀྱི་གནས་ལུགས་བསྟན་པའི་ལེའུ་རྒྱས་པར་འགྲེལ་བ།

པོད་དྲུག་པའི་དཀར་ཆག

༄༅། །རྩ་རྒྱུད་ཀྱི་མཆན་འགྲེལ།

ལེའུ་དང་བོ་གླེང་གཞི་བསྟན་པ།

ལེའུ་གཉིས་པ་གླེང་སློང་བསྟན་པ།

༄༅། །བཤད་རྒྱུད་ཀྱི་མཆན་འགྲེལ།

ལེའུ་དང་བོ།   སྡོམས་ཚིག་བསྟན་པ།

ལེའུ་གཉིས་པ།  ལུས་ཀྱི་ཆགས་ཚུལ་བསྟན་པ།

ལེའུ་གསུམ་པ།   ལུས་ཀྱི་འདྲ་དཔེ་བསྟན་པ།

ལེའུ་བཞི་བ།   ལུས་ཀྱི་གནས་ལུགས་བསྟན་པ།

ལེའུ་ལྔ་བ།    ལུས་ཀྱི་མཚན་ཉིད་བསྟན་པ།

ལེའུ་དྲུག་པ།   ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།

ལེའུ་བདུན་པ།   ལུས་ཀྱི་འཇིག་ལྟས་བསྟན་པ།

ལེའུ་བརྒྱད་པ།   ནད་ཀྱི་རྒྱུ་བསྟན་པ།

ལེའུ་དགུ་བ།    ནད་ཀྱི་རྐྱེན་བསྟན་པ།

ལེའུ་བཅུ་བ།   ནད་འཇུག་ཚུལ།

ལེའུ་བཅུ་གཅིག་པ།   ནད་ཀྱི་མཚན་ཉིད་བསྟན་པ།

ལེའུ་བཅུ་གཉིས་པ།   ནད་ཀྱི་དབྱེ་བ་བསྟན་པ།

ལེའུ་བཅུ་གསུམ་པ།   ཉིན་རེ་བཞིན་རྒྱུན་དུ་སྤྱོད་པ།

ལེའུ་བཅུ་བཞི་བ།    དུས་སུ་སྤྱོད་པ།

ལེའུ་བཅོ་ལྔ་བ།    གནས་སྐབས་ཀྱི་སྤྱོད་པ་ལམ་བསྟན་པ།

ལེའུ་བཅུ་དྲུག་པ།   ཟས་ཀྱི་ཚུལ་ཤེས་པར་བྱ་བ།

ལེའུ་བཅུ་བདུན་པ།   ཁ་ཟས་བསྡམ་པ།

ལེའུ་བཅུ་བཅོ་བརྒྱད་པ།   ཁ་ཟས་བསྲུང་བ་དང་ཟས་ཚོད་རན་པར་བཟའ་བ།

ལེའུ་བཅུ་དགུ་བ།    རོ་དང་ཞུ་རྗེས་བསྟན་པ།

ལེའུ་ཉི་ཤུ་བ།   སྨན་གྱི་ནུས་པ་བསྟན་པ།

ལེའུ་ཉེར་གཅིག་པ།   སྨན་གྱི་སྡེ་ཚན་དང་སྦྱར་ཐབས་བསྟན་པ།

ལེའུ་ཉེར་གཉིས་པ།   གཉེན་པོ་ཆ་བྱད་བསྟན་པ།

ལེའུ་ཉེར་གསུམ་པ།   མི་ན་བར་གནས་པར་བྱ་བ།

ལེའུ་ཉེར་བཞི་བ།    ཉེས་པ་དངོས་སུ་སྟོན་པ་བརྟག་པ།

ལེའུ་ཉེར་ལྔ་བ།   ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པ།

ལེའུ་ཉེར་དྲུག་པ།  སྤང་བླང་མུ་བཞིར་བརྟག་པ།

ལེའུ་ཉེར་བདུན་པ།   གསོ་ཚུལ་སྤྱིར་བསྟན་པ།

ལེའུ་ཉེར་བརྒྱད་པ།  ཁྱད་པར་གྱི་བཅོས་ཚུལ་རྒྱས་པར་བཤད་པ།

ལེའུ་ཉེར་དགུ་བ།    གསོ་ཐབས་གཉིས་བསྟན་པ།

ལེའུ་སུམ་ཅུ་བ།    གསོ་ཐབས་དངོས་བསྟན་པ།

ལེའུ་སོ་གཅིག་པ།   གསོ་བ་བོ་སྨན་པ།

༄༅། །མན་ངག་རྒྱུད་ཀྱི་མཆན་འགྲེལ།

ལེའུ་དང་བོ།   མན་ངག་རྒྱུད་ཞུས་པ།

ལེའུ་གཉིས་པ།   རླུང་གི་ནད་གསོ་བ།

ལེའུ་གསུམ་པ།   མཁྲིས་པའི་ནད་བཅོས་པ།

ལེའུ་བཞི་བ།    བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་བ།    འདུས་ནད་བད་ཀན་སྨུག་པོ་བཅོས་པ།

ལེའུ་དྲུག་པ།   ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་བཅོས་པ།

ལེའུ་བདུན་པ།  གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ།  སྐྱ་རྦབ་བཅོས་པ།

ལེའུ་དགུ་བ།   འོར་ནད་གསོ་བ།

ལེའུ་བཅུ་བ།   གཅོང་ཆེན་དམུ་ཆུ་བཅོས་པ།

ལེའུ་བཅུ་གཅིག་པ།   གཅོང་ཆེན་ཟད་བྱེད་བཅོས་པ།

ལེའུ་བཅུ་གཉིས་པ།    ཚ་བ་སྤྱི་བཅོས་པ།

ལེའུ་བཅུ་གསུམ་པ།   འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ།

ལེའུ་བཅུ་བཞི་བ།   ཚ་བའི་རི་ཐང་མཚམས་བསྟན་པ།

ལེའུ་བཅོ་ལྔ་བ།   ཚ་བ་མ་སྨིན་པ་བཅོས་པ།

ལེའུ་བཅུ་དྲུག་པ།   རྒྱས་པའི་ཚ་བ་བཅོས་པ།

ལེའུ་བཅུ་བདུན་པ།   སྟོངས་པའི་ཚ་བ་བཅོས་པ།

ལེའུ་བཅོ་བརྒྱད་པ།   གབ་པའི་ཚ་བ་བཅོས་པ།

ལེའུ་བཅུ་དགུ་བ།   ཚ་བ་རྙིངས་པ་བཅོས་པ།

ལེའུ་ཉི་ཤུ་བ།   ཚ་བ་རྙོགས་པ་བཅོས་པ།

ལེའུ་ཉེར་གཅིག་པ།   འགྲམས་ཀྱི་ཚ་བ་བཅོས་པ།

ལེའུ་ཉེར་གཉིས་པ།   འཁྲུགས་ཀྱི་ཚ་བ་བཅོས་པ།

ལེའུ་ཉེར་གསུམ་པ།    རིམས་ཀྱི་ཚ་བ་བལ་ནད་བཅོས་པ།

ལེའུ་ཉེར་བཞི་བ།    འབྲུམ་པའི་རིམས་བཅོས་པ།

ལེའུ་ཉེར་ལྔ་བ།   རྒྱུ་གཟེར་གྱི་རིམས་བཅོས་པ།

ལེའུ་ཉེར་དྲུག་པ།   གག་ལྷོག་བཅོས་པ།

ལེའུ་ཉེར་བདུན་པ།   ཆམ་རིམས་བཅོས་པ།

ལེའུ་ཉེར་བརྒྱད་པ།   མགོ་ནད་གསོ་བ།

ལེའུ་ཉེར་དགུ་བ།    མིག་ནད་བཅོས་པ།

ལེའུ་སུམ་ཅུ་བ།    རྣ་བའི་ནད་གསོ་བ།

ལེའུ་སོ་གཅིག་པ།   སྣ་ནད་གསོ་བ།

ལེའུ་སོ་གཉིས་པ།   ཁ་ནད་གསོ་བ།

ལེའུ་སོ་གསུམ་པ།   ལྦ་བ་བཅོས་པ།

ལེའུ་སོ་བཞི་བ།    སྙིང་ནད་གསོ་བ། 

ལེའུ་སོ་ལྔ་བ།    གློ་ནད་བཅོས་པ།

ལེའུ་སོ་དྲུག་པ།  མཆིན་ནད་གསོ་བ།

ལེའུ་སོ་བདུན་པ།   མཆེར་ནད་གསོ་བ།

ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

ལེའུ་སོ་དགུ་བ།   ཕོ་བའི་ནད་གསོ་བ།

ལེའུ་བཞི་བཅུ་བ།   རྒྱུ་མའི་ནད་བཅོས་པ།

ལེའུ་ཞེ་གཅིག་པ།   ལོང་ནད་གསོ་བ།

ལེའུ་ཞེ་གཉིས་པ།   ཕོ་མཚན་གྱི་ནད་གསོ་བ།

ལེའུ་ཞེ་གསུམ་པ།    མོ་མཚན་གྱི་ནད་གསོ་བ།

ལེའུ་ཞེ་བཞི་བ།    སྐད་འགགས་གསོ་བ།

ལེའུ་ཞེ་ལྔ་བ།    ཡི་ག་འཆུས་པ་གསོ་བ།

ལེའུ་ཞེ་དྲུག་པ།   སྐོམ་ནད་གསོ་བ།

ལེའུ་ཞེ་བདུན་པ།   སྐྱིགས་བུའི་ནད་གསོ་བ།

ལེའུ་ཞེ་བརྒྱད་པ།   དབུགས་མི་བདེ་བ་གསོ་བ།

ལེའུ་ཞེ་དགུ་བ།    གླང་ཐབས་བཅོས་པ།

ལེའུ་ལྔ་བཅུ་བ།    སྲིན་ནད་བཅོས་པ།

ལེའུ་ང་གཅིག་པ།    སྐྱུགས་པའི་ནད་བཅོས་པ།

ལེའུ་ང་གཉིས་པ།    འཁྲུ་བའི་ནད་བཅོས་པ།

ལེའུ་ང་གསུམ་པ།    དྲི་མ་འགགས་པ་གསོ་བ།

ལེའུ་ང་བཞི་བ།      ཆུ་འགགས་གསོ་བ།

ལེའུ་ང་ལྔ་བ།    གཅིན་སྙི་བའི་ནད་གསོ་བ།

ལེའུ་ང་དྲུག་པ།   ཚད་པའི་འཁྲུ་བ་གསོ་བ།

ལེའུ་ང་བདུན་པ།    དྲེག་ནད་གསོ་བ།

ལེའུ་ང་བརྒྱད་པ།   གྲུམ་བུའི་ནད་བཅོས་པ།

ལེའུ་ང་དགུ་བ།    ཆུ་སེར་གྱི་ནད་གསོ་བ།

ལེའུ་དྲུག་ཅུ་བ།    རྩ་དཀར་གྱི་ནད་བཅོས་པ།

ལེའུ་རེ་གཅིག་པ།   ལྤགས་ནད་གསོ་བ།

ལེའུ་རེ་གཉིས་པ།   ཕྲན་བུའི་ནད་གསོ་བ།

ལེའུ་རེ་གསུམ་པ།    འབྲས་བཅོས་པ།

ལེའུ་རེ་བཞི་བ།     གཞང་འབྲུམ་གསོ་བ།

ལེའུ་རེ་ལྔ་བ།    མེ་དབལ་བཅོས་པ།

ལེའུ་རེ་དྲུག་པ།   སུ་རྱའི་ནད་བཅོས་པ།

ལེའུ་རེ་བདུན་པ།   རྨེན་བུ་བཅོས་པ།

ལེའུ་རེ་བརྒྱད་པ།    རླིག་རླུགས་གསོ་བ།

ལེའུ་རེ་དགུ་བ།    རྐང་བམ་གྱི་ནད་བཅོས་པ།

ལེའུ་བདུན་ཅུ་བ།    མཚན་བར་རྡོལ་བ་གསོ་བ།

ལེའུ་དོན་གཅིག་པ།    བྱིས་པ་ཉེར་སྤྱོད་གསོ་བ།

ལེའུ་དོན་གཉིས་པ།    བྱིས་པའི་ནད་གསོ་བ།

ལེའུ་དོན་གསུམ་པ།   བྱིས་པའི་གདོན་གསོ་བ།

ལེའུ་དོན་བཞི་བ།    མོ་ནད་གཙོ་བོ་སྤྱི་བཅོས་པ།

ལེའུ་དོན་ལྔ་བ།    མོ་ནད་བྱེ་བྲག་བཅོས་པ།

ལེའུ་དོན་དྲུག་པ།   མོ་ནད་ཕལ་བ་བཅོས་པ།

ལེའུ་དོན་བདུན་པ།   འབྱུང་བོའི་གདོན་གསོ་བ།

ལེའུ་དོན་བརྒྱད་པ།    སྨྱོ་བྱེད་ཀྱི་གདོན་གསོ་བ།

ལེའུ་དོན་དགུ་བ།    བརྗེད་བྱེད་ཀྱི་ནད་གསོ་བ། 

ལེའུ་བརྒྱད་ཅུ་བ།    གཟའི་གདོན་ནད་བཅོས་པ།

ལེའུ་གྱ་གཅིག་པ།    གདུག་པ་ཀླུའི་གདོན་ནད་གསོ་བ།

ལེའུ་གྱ་གཉིས་པ།    རྨ་སྤྱིའི་གསོ་ཐབས།

ལེའུ་གྱ་གསུམ་པ།    མགོ་བོའི་རྨ་གསོ་བ།

ལེའུ་གྱ་བཞི་བ།    སྐེའི་རྨ་གསོ་བ།

ལེའུ་གྱ་ལྔ་བ།     བྱང་ཁོག་སྟོད་སྨད་གསོ་བ།  

ལེའུ་གྱ་དྲུག་པ།     ཡན་ལག་གི་རྨ་གསོ་བ།

ལེའུ་གྱ་བདུན་པ།    སྦྱར་བའི་དུག་བཅོས་པ། 

ལེའུ་གྱ་བརྒྱད་པ།     གྱུར་པའི་དུག་བཅོས་པ།

ལེའུ་གྱ་དགུ་བ།     རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

ལེའུ་དགུ་ཅུ་བ།    རྒས་པ་གསོ་བ་བཅུད་ལེན།

ལེའུ་གོ་གཅིག་པ།   རོ་ཙ་བར་བྱ་བ།

ལེའུ་གོ་གཉིས་པ།     བུ་མེད་པ་བཙལ་བ།

༄༅། །ཕྱི་མའི་རྒྱུད་ཀྱི་མཆན་འགྲེལ།

ལེའུ་དང་བོ།   རེག་པ་རྩ་ལ་ནད་ངོས་བཟུང་བ།

ལེའུ་གཉིས་པ།   མཐོང་བ་མེ་ལོང་ཆུ་ལ་ནད་ངོས་བཟུང་བ།

ལེའུ་གསུམ་པ།    ཐང་གི་སྡེ་ཚན་བསྟན་པ།

ལེའུ་བཞི་བ།     ཕྱེ་མའི་སྡེ་ཚན་བསྟན་པ།

ལེའུ་ལྔ་བ།     རིལ་བུའི་སྡེ་ཚན་བསྟན་པ།

ལེའུ་དྲུག་པ།    ལྡེ་གུའི་སྡེ་ཚན་བསྟན་པ།

ལེའུ་བདུན་པ།   སྨན་མར་གྱི་སྡེ་ཚན་བསྟན་པ།

ལེའུ་བརྒྱད་པ།   ཐལ་སྨན་གྱི་སྡེ་ཚན་བསྟན་པ།

ལེའུ་དགུ་བ།    ཁཎྜའི་སྡེ་བསྟན་པ།

ལེའུ་བཅུ་བ།    སྨན་ཆང་གི་སྡེ་ཚན་བསྟན་པ།

ལེའུ་བཅུ་གཅིག་པ།   རིན་པོ་ཆེ་སྦྱོར་བའི་སྡེ་ཚན་བསྟན་པ།

ལེའུ་བཅུ་གཉིས་པ།    སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

ལེའུ་བཅུ་གསུམ་པ།    ལས་ལྔའི་སྔོན་དུ་འགྲོ་བ་སྣུམ་འཆོས།

ལེའུ་བཅུ་བཞི་བ།   ལས་ལྔ་བཤལ་གྱི་སྐོར།

ལེའུ་བཅོ་ལྔ་བ།     ལས་ལྔ་སྐྱུགས་ཀྱི་སྐོར།

ལེའུ་བཅུ་དྲུག་པ།    ལས་ལྔ་སྣ་སྨན་གྱི་སྐོར།

ལེའུ་བཅུ་བདུན་པ།   ལས་ལྔ་འཇམ་རྩའི་སྐོར།

ལེའུ་བཅོ་བརྒྱད་པ།   ལས་ལྔ་ནི་རུ་ཧའི་སྐོར།

ལེའུ་བཅུ་དགུ་བ།     སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས།

ལེའུ་ཉི་ཤུ་བ།    དཔྱད་ལྔ་གཏར་ག

ལེའུ་ཉེར་གཅིག་པ།    དཔྱད་ལྔ་མེ་བཙའ།

ལེའུ་ཉེར་གཉིས་པ།    དཔྱད་ལྔ་དུགས།

ལེའུ་ཉེར་གསུམ་པ།    དཔྱད་ལྔ་ལུམས། 

ལེའུ་ཉེར་བཞི་བ།    དཔྱད་ལྔ་བྱུག་པ།

ལེའུ་ཉེར་ལྔ་བ།    དཔྱད་ཀྱི་ལོག་གནོན་ཐུར་མ།

ལེའུ་ཉེར་དྲུག་པ།   རྒྱུད་བཞིའི་མཇུག་དོན་བསྟན་པ།

ལེའུ་ཉེར་བདུན་པ།    རྒྱུད་ཡོངས་སུ་གཏད་པ།

༄༅། །བོད་ཀྱི་གསོ་རིག་མཚོ་སྔོན་དུ་དར་ཚུལ།

མཚོ་སྔོན་དུ་བོད་ཀྱི་གསོ་རིག་དར་བའི་ལོ་རྒྱུས་བཞུགས་སོ། །

པོད་བདུན་པའི་དཀར་ཆག

༡   མཆོད་བརྗོད་དང་རྩོམ་པར་དམ་བཅའ།

༢   སྟོན་པ་གང་དུ་བྱོན་པའི་འཇིག་རྟེན་དང་སྟོན་པས་ཐུགས་བསྐྱེད་ཚུལ་སོགས།

༣   སངས་རྒྱས་འཇིག་རྟེན་དུ་བྱོན་ནས་མཛད་པ་ཇི་ལྟར་མཛད་ཚུལ།

༤   བཅོམ་ལྡན་འདས་ཀྱི་མཛད་པ་བརྒྱ་བའི་རྣམ་ཐར།

༥   མཛད་པའི་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ།

༦   འཕགས་ཡུལ་དུ་བསྟན་པ་དར་ཚུལ་བཤད་པ་ལས་བསྟན་པའི་གཏད་རབས་བདུན་བྱུང་ཚུལ།

༧   རྒྱན་དྲུག་མཆོག་གཉིས་སོགས་པཎ་གྲུབ་རྣམས་ཀྱིས་བསྟན་པ་བསྐྱངས་ཚུལ།

༨   རྡོ་རྗེ་གདན་གྱི་བྱང་ཕྱོགས་གངས་ཅན་བོད་དུ་བསྟན་པ་དར་ཚུལ་ལས་བོད་ཆོས་རྒྱལ་གྱི་རབས་བྱུང་ཚུལ།

༩   བསྟན་པ་སྔ་དར་གྱི་རྣམ་བཞག་བཤད་པ།

༡༠   བསྟན་པ་ཕྱི་དར་གྱི་རྣམ་བཞག་བཤད་པ།

༡༡   བཀའ་གདམས་པའི་བསྟན་པ་བྱུང་ཚུལ།

༡༢   ཕྱི་དར་དུས་ཀྱི་གསང་སྔགས་རྙིང་མའི་ཆོས་བརྒྱུད་འཕེལ་རྒྱས་བྱུང་ཚུལ།

པོད་བརྒྱད་པའི་དཀར་ཆག

༡   བཀའ་བརྒྱུད་པ་སྤྱིའི་བྱུང་ཚུལ།

༢   བྱེ་བྲག་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཞར་བྱུང་དང་བཅས་པ་བྱུང་ཚུལ།

༣   ཞི་བྱེད་པ་དང་དེའི་ཕྱོགས་གཏོགས་གཅོད་ལུགས་ཀྱི་ཆོས་བརྒྱུད་བྱུང་ཚུལ།

༤   དཔལ་ལྡན་ས་སྐྱ་བའི་ཆོས་བརྒྱུད་བྱུང་ཚུལ།

༥   ཇོ་ནང་བའི་ཆོས་བརྒྱུད་བྱུང་ཚུལ།

༦   རི་བོ་དགེ་ལྡན་པའི་ལུགས་ཀྱི་བསྟན་པ་བྱུང་ཚུལ།

༧   ཞར་བྱུང་བོད་གནའ་རབས་ཀྱི་ཆོས་བརྒྱུད་བྱུང་ཚུལ།

༨   སོག་ཡུལ་དུ་བསྟན་པ་དར་ཚུལ་ལས་ཧོར་ཆོས་རྒྱལ་གྱི་རབས་བྱུང་ཚུལ།

༩   ཧོར་ཡུལ་དུ་བསྟན་པ་དར་ཚུལ།


༄༅། །རྗེ་བཙུན་ཤིང་བཟའ་པཎྜི་ཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་མཛད་རྣམ་མདོར་བསྡུས་བཞུགས་སོ། །


མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་སྐལ་བཟང་ཆོས་ཀྱི་རྒྱ་མཚན་དཔལ་བཟང་བོ་ཁོང་རབ་ཚེས་ཤིང་གླང་སྟེ་སྤྱི་ལོ༡༩༢༥ལོར་མཛོད་དགེ་གླིང་དཀར་སྟོད་ཀྱི་སའི་ཆ་ཨ་སྐྱིད་མདོ་ཚ་ཞེས་པའི་སྡེ་ཁྲོད་དུ་ཡབ་རྟ་མགྲིན་སྐྱབས་དང་ཡུམ་རིག་འཛིན་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། སེ་ར་སྤྲུལ་བའི་སྐུ་དང་ལྷ་མོའི་གསེར་ཁྲི། ཀུན་མཁྱེན་སྐུ་ཕྲེང་ལྔ་བ་རྗེ་བསྟན་པའི་རྒྱལ་མཚན། རྭ་རྒྱའི་ཤིང་བཟའ་རྡོ་རྗེ་འཆང་སོགས་ལྷ་དང་བླ་མའི་ལུང་ལས་ཤིང་བཟའ་བློ་བཟང་ཆོས་ཀྱི་རྒྱ་མཚོའམ་ཤིང་བཟའ་བླ་ཁོ་ཚང་གི་ཡང་སྤྲུལ་འཁྲུལ་མེད་དུ་ངེས་པ་རྙེད།

དགུང་ལོ་ལྔ་བཞེས་པ་རབ་རྒྱལ་ས་སྦྲུལ་ཏེ་སྤྱི་ལོ༡༩༢༩ལོའི་ལྷ་བབས་དུས་ཆེན་ལ་རྗེ་ཉིད་ཀྱི་གདན་ས་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་དུ་ཁྲིར་འདོན་ཞུས། ཡོངས་འཛིན་བློ་བཟང་བཀྲ་ཤིས་པའི་ཞལ་སྔ་ནས་ཡི་གེ་འབྲི་ཀློག་སོགས་ལ་བསླབ། དགུང་ལོ་བདུན་གྱི་ཐོག་གཉན་ཐོག་སྐལ་བཟང་ཐབས་མཁས་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་བསླབ་པ་དཀྱུས་གཅིག་ཏུ་བཞེས་ཏེ་མཚན་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དགུང་ལོ་དགུ་བཞེས་སྐབས་རྗེ་གཉན་ཐོག་རིན་པོ་ཆེས་སྨན་གྱི་རྒྱུད་ཆུང་གསུམ་དང་མན་ངག་བཀའ་རྒྱ་མའི་ལུང་རྫོགས་པར་གནང་སྟེ་བ་ལྟའི་བླ་སྤྲུལ་གྱི་གཟུགས་བརྙན་འཛིན་པ་ཕལ་མོ་ཆེ་ལྟར་མངོན་ཤེས་གྲུབ་རྟགས་སུ་བསྙད་བཏགས་པའི་མཛད་སྤྱོད་འཕྲལ་འཕྲུལ་གྱིས་རྨོངས་པ་མགོ་སྐོར་བ་ཙམ་ལ་མི་རེ་བར་རིག་པའི་གནས་ལ་རིས་མེད་དུ་སྦྱང་རྒྱུ་དང་། ཁྱད་པར་དུ་གསོ་བ་རིག་པའི་སྒོ་ནས་འགྲོ་དོན་སྐྱོང་དགོས་པའི་བཀའ་གནང་བ་བཞིན་ཡོངས་འཛིན་བློ་བཟང་བཀྲ་ཤིས། ཉིད་ཀྱི་ཞང་བོ་སྨན་པ་བློ་བཟང་ཆོས་གྲགས། ཨེ་མག་སྨན་རྒན་སོགས་ལས་རྩ་མདོ་ཆུ་མདོ་དང་མེ་བཙའི་ལག་ལེན་སོགས་བསླབ། སྨན་པ་མཁས་པའི་གྲོགས་དང་བཅས་སྨན་ངོས་འཛིན་སོགས་དཔེ་ཐོག་ཙམ་མ་ཡིན་པར་གཞུང་དང་མཐོང་བརྒྱུད་ཀྱི་ལག་ལེན་སྦྲགས་ནས་སྦྱངས། དགུང་ལོ་བཅུ་བར་འཛམ་ཐང་ལྷ་བཟོ་རི་ཁྲོད་པ་ལས་ལྷ་རིས་ཀྱི་ཐིག་རྩ་དང་ཐང་ག་འབྲི་ཚུལ་སོགས་བསླབ། བཅུ་གཅིག་པར་བེ་སིའི་སྨན་པ་འཇིགས་མེད་རྒྱ་མཚོ་ལས་གཙང་སྨན་ཡེ་ཤེས་བཟང་བོ་ནས་བརྒྱུད་པའི་རྒྱུད་བཞིའི་ཟབ་ཁྲིད་དང་ལག་ལེན་བཅས་ཞིབ་ཏུ་གསན། ལོ་དེར་ཨེ་མག་སྨན་རྒན་གྱི་ལག་ལེན་སྨན་ཡིག་སྣ་ཚོགས་དང་ཆ་ལག་བཅོ་བརྒྱད། དྭགས་པོའི་ཐོར་འབུམ། འཇམ་དབྱངས་སྔོ་འབུམ། གཡུ་ཐོག་སྔོ་འབུམ། ཟླ་བའི་རྒྱལ་བོ་སོགས་སྨན་དཔེ་པོད་སུམ་ཅུ་ཙམ་ལ་ལྟ་རྟོག་ཐེབས་པར་བྱས་གསུངས། གནས་མཆོག་ཇི་གིན་དུ་སྒྲོལ་དཀར་གྱི་སྐུ་མཚམས་ལ་བཞུགས་ནས་ཏཱ་རེ་དུང་ཕྱུར་གསུམ་གསུངས། རྒྱུན་རྐོང་ཆུང་ངུ་གཅིག་ཉིན་གསུམ་ལ་མི་གཟིམ་པ་སོགས་ལྷག་པའི་ལྷ་མོ་དེ་ཉིད་གྲུབ་པའི་རྟགས་མཚན་མང་བོ་བྱུང་། ཁྱད་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་དུ་བརྡོལ།

དགུང་ལོ་བཅུ་གཉིས་ཐོག་ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་དུ་ཆོས་གྲྭར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཡོན་ཏན་ཡོངས་འཛིན་དུ་བསྟེན་ཏེ་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་གཞུང་སོ་སོའི་སྤྱི་དོན། ཐལ་ཕྲེང་། ཟུར་བཀོལ་སོགས་རྗེ་ཡབ་སྲས་སང་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་ཡིག་ཆའི་སྟེང་ནས་གཞུང་ཆེན་པོད་ལྔ་ལ་ཚིག་གི་ན་ཡམས་ཙམ་དུ་མ་ལུས་པར་ཞིབ་རྩོད་དང་དོགས་གཅོད། སྐྱོར་སྦྱང་སོགས་ཆུ་བོའི་རྒྱུན་བཞིན་མཛད། ཚོགས་ཆོས་གྲྭའི་ལམ་དུ་ཡང་བྲེ་མོའི་གཏམ་དང་དོན་མེད་ཀྱི་རྩེ་དགོད་ལ་མི་གཡེང་བར་གཞུང་ལུགས་ཀྱི་དོན་ལས་བརྩམས་པའི་འཕྲོས་པ་དང་དོགས་གཅོད། གཞུང་ཚིག་སྐྱོར་སྦྱང་ལ་འབད་པ་ཤ་སྟག་གནང་བ་དང་། སྒོ་གསུམ་ཞི་དུལ་བག་ཡོད་ཀྱི་མཛད་པ་ཁོ་ནས་དུས་འདའ་བ་ཞིག་ཡོད་ཅེས་ཁོང་དང་དུས་ཐོག་མཉམ་པའི་མཁས་བླུན་ཀུན་གྱིས་མཐུན་པར་གླེང་། ཁྲི་ཆེན་རྒྱལ་མཚན་སེང་གེའི་སྐུ་དམར་གདུང་གི་མདུན་དུ་རྐྱང་ཕྱག་དང་སྦྲགས་ནས་འགྲེལ་བ་དོན་གསལ་སྟོང་ཚར་སྐྱོར་བས་མི་བརྗེད་པའི་གཟུངས་ཁྱད་པར་ཅན་བརྙེས་ཏེ་ཉིན་རེར་དཔེ་རིང་ཤོག་གྲངས་སུམ་ཅུ་ཙམ་ཐུགས་འཛིན་གནང་བ་ལ་ཚེགས་མེད་པར་གྱུར། ཤེས་བྱའི་གནས་ཅི་ཞིག་གསན་པ་མཐའ་དག་བརྗེད་ངས་རྐུན་པོའི་དབང་དུ་མི་འཆོར་བར་དངོས་སུ་ཞལ་གྱིས་བཞེས། མ་ཧཱ་པཎྜི་ཏ་རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་རིན་འབྱུང་། འཇམ་དབྱངས་ཆོས་སྐོར། ལན་ཝར་གྱི་ཡིག་གཟུགས། ཐིག་རྩ་སྣ་ཚོགས། སུམ་རྟགས། སྙན་དངགས། སྒྲ། རྩིས་དཀར་ནག་སོགས་གསན། གསེར་ཁྲིའི་ཡོངས་འཛིན་ཡོན་ཏན་རབ་རྒྱས་པའི་དྲུང་ནས་དབུ་མ་ལུང་རིག་སྒྲོན་མེའི་མཛུབ་ཁྲིད་དང་ལམ་རིམ་ཆེན་མོའི་བཤད་ལུང་། དུས་འཁོར་དབང་ཆེན་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་བོ་གསན། གཙང་བ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་པཱ་ལིའི་ཡི་གེ   བྷར་མའི་ཡི་གེ་སོགས་རྒྱལ་ཁབ་དང་མི་རིགས་གཞན་པའི་ཡིག་རིགས་བཅུ་གཉིས་ཙམ་དང་། བོད་ཡིག་གི་སྐོར་ལ། བླ་མ་རྡོ་རྗེ་གདན་པའི་ཡི་གེ   འགོས་ལོའི་ཡི་གེ  སྐྱོགས་ལོའི་ཡི་གེ  ངོ་མཚར་ཡིག་གསར།    གཏེར་ཡིག་དང་བརྡ་ཡིག་སྣ་ཚོགས་བཅས་ཡིག་རིགས་ཉི་ཤུ་ཙམ་གྱི་འབྲི་ཀློག་བསླབ། དེ་བཞིན་དུ་མཆོད་རྟེན་དང་ལྷ་རིས་ཀྱི་ཐིག་རྩ། པ་ཊའི་རིགས་སྣ་ཚོགས། གསེར་ཚ་དང་གསེར་ཆུ། གཡུ་ཆུ་བྱུག་སྡེབ་སོགས་བཟོའི་གནས་དུ་མ་བསླབ། མཁན་པོ་ངག་དབང་དཔལ་བཟང་ཚང་ལས་ཁམས་བརྒྱུད་གསོ་རིག་རྒྱུད་བཞིའི་ཁྲིད་དང་མན་ངག་ཐོར་བུའི་སྐོར་དུ་མ་གསན། མཁན་པོ་དེ་ཉིད་ཀྱི་ཞལ་བཀོད་བཞིན་ཨུ་རུ་སུའི་སྨན་པ་ཤེས་རབ་བསྟན་འཕེལ་ལས་ནུབ་ལུགས་ཀྱི་སྐྱེ་ལུགས་རིག་པ་དང་ཁམས་སྨན་པ་བཀྲ་ཤིས་དཔལ་འབར་ལས་རྒྱ་ནག་ལུགས་ཀྱི་རྩ་དང་ལྕེ་བརྟག་པ་སོགས་བསླབ། ལྷ་མོ་གསེར་ཁྲི་རིན་པོ་ཆེ་དང་། མཁས་ཤིང་གྲུབ་པའི་དབང་ཕྱུག་མཁན་ཟུར་འཇིགས་མེད་རྒྱ་མཚོ། ཁྲི་ཟུར་སྨོན་ལམ་མཐའ་ཡས་སོགས་ལས་རྒྱུད་སྡེ་གོང་འོག་གི་དབང་རྗེས་གནང་། ཁྲིད་བཤད་ལུང་། གསུང་འབུམ་སྣ་ཚོགས་ཀྱི་ལུང་། ཆོ་ག་ཕྱག་ལེན། ཐིག་རྡུལ་མཚོན་ཚུན་ཆད་ཞིབ་ཏུ་གསན།

 དགུང་ལོ་བཅོ་བརྒྱད་པར་རྗེ་གཉན་ཐོག་རིན་པོ་ཆེས་གཅོད་ཀྱི་གདམས་པ་ཡོངས་སུ་རྫོགས་པར་གནང་སྟེ་ཡི་དམ་ལྷའི་ལུང་དང་མར་མེའི་ལྟས་སོགས་གང་ལ་བརྟགས་ཀྱང་ངའི་གཅོད་ཀྱི་གདམས་ངག་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ནུས་པ་ཁྱེད་ལས་མི་འདུག་གསུངས་ནས་གདམས་ངག་དེའི་བདག་པོར་དབང་བསྐུར།

 དགུང་ལོ་ཉི་ཤུ་བར་ཕར་ཕྱིན་དམ་བཅའ་བཞག  ལོ་དེར་བཀྲ་ཤིས་འཁྱིལ་དུ་ཨ་ལགས་བླ་ཁོ་རིན་པོ་ཆེ་ལས་བསྙེན་པར་རྫོགས་ཤིང་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་དུ་མ་གསན། ཨ་ཁུ་རིན་པོ་ཆེ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་པོ་ཏི་ལྔ་སྔགས་དང་བཅས་པའི་ཞིབ་ཁྲིད་ལན་དུ་མར་ཞུས། འཇམ་མགོན་ཙོང་ཁ་བ་ཆེན་པོའི་ཐུགས་བཅུད་བདེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་གོང་འོག་གི་དབང་རྗེས་གནང་། བསྐྱེད་རྫོགས། དེ་དག་དང་འབྲེལ་བའི་རྒྱུད་དང་རྒྱ་གཞུང་གི་ལུང་དང་ཁྲིད། མན་ངག་ཐོར་བུའི་སྐོར་དང་བཅས་གདམས་པའི་རྒྱུན་བཞུགས་སོ་ཅོག་འབད་པ་ཆེན་པོས་གསན། རྔ་བ་ཆོས་རྒྱམ་ཚང་གི་མདུན་ནས་རྒྱུད་བཞིའི་ཞིབ་ཁྲིད་གསན། བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་སྨན་དཔེ་དཀོན་པོ་པོད་དྲུག་ཅུ་ལྷག་ལ་ཞིབ་ཏུ་གཟིགས། བསང་ཁོག་ཚུལ་ཁྲིམས་ཚང་། ཁྲོ་ཁོའི་རྟ་དཀར་སྨན་པ། ཆི་བི་ཤིས་རྒྱ་ལུ་སྨན་པ་སོགས་ལ་གསོ་བ་རིག་པའི་དཀའ་གནས་མང་བོའི་དོགས་གཅོད་ཞུས། དགུང་ལོ་ཉེར་ལྔ་བར་ཨ་སྐྱིད་སྡེ་དགུས་ཞུས་ངོར་དབང་རྡོར་ཕྲེང་དང་། ཉེར་དྲུག་པར་བེ་སི་ནས་དུས་འཁོར་དབང་ཆེན་གནང་། སོ་གཅིག་ནས་སོ་གསུམ་བར་དགའ་ལྡན་བཤད་སྒྲུབ་གླིང་གི་ཚོགས་ཆེན་ཁྲིར་བཞུགས་ཏེ་ཆོས་སྲིད་གཉིས་ཆ་ནས་སྐྱོང་འཁུར་ཟླ་མེད་ཞུས། ཀུན་མཁྱེན་རིན་པོ་ཆེའི་བཀའ་བཞིན་དམུ་དགེ་དགོན་པའི་ཁྲི་བར་ཕེབས། དེར་ཚོགས་པ་ཡོངས་ལ་འགྲེལ་ཆུང་དོན་གསལ་དང་སྡུད་པ་སྦྱར་བའི་བཤད་ལུང་སོགས་གནང་བས་ཁོང་གི་གསན་རྒྱ་དང་མཁྱེན་རྩལ་གྱིས་མཁས་པ་རྣམས་ཀྱི་ཐུགས་འཕྲོག་པའི་བསྔགས་བརྗོད་མེ་ཏོག་གི་ཕྲེང་བ་ཕྱོགས་སུ་གཏོར།

 ང་བརྒྱད་ལོར་དཀའ་སྡུག་གིས་མནར་བའི་ཉམ་ཐག་པའི་འགྲོ་བ་སྟོང་ཕྲག་དུ་མ་ཐབས་མཁས་ཀྱིས་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ལས་བསྐྱབས། སྤྱི་ལོ༡༩༦༣ལོར་རྨ་ལྷོའི་རྫོང་དཔོན་གཞོན་པའི་འགན་བཞེས་ཏེ་རིག་གསན་སློབ་གསོ་དང་གསོ་བ་རིག་པའི་དར་སྤེལ་དང་རྒྱུན་འཛིན་གྱི་ཕྱོགས་ལ་མཛད་རྗེས་མང་དུ་བཞག     དགུང་ལོ་ཞེ་གཅིག་པ་སྤྱི་ལོ༡༩༦༧ལོ་ནས་ལོག་སྤྱོད་པའི་ཞྭ་མོ་བསྐོན་ཏེ་ཉིན་མོའི་ལས་ཀ་མི་སེར་དཀྱུས་མ་ལས་ལྡབ་དུ་མས་ལྕི་བའི་ཐོག་དགོང་མོ་ཡང་འཐབ་རྩོད་དང་སྲིད་ཇུས་སློབ་སྦྱོང་ཤ་སྟག་ལ་དེད་ཀྱང་རྐྱེན་ངན་ལམ་འཁྱེར་གྱི་གདམས་པ་ཁོ་ན་ལ་ཐུགས་གཞོལ། སྤྱི་ལོ༡༩༧༣ལོ་ནས་དམངས་སྒྲུབ་བཟོ་གྲྭ་ཞེས་པར་ཤིང་བཟོ་བྱེད་དུ་བཅུག་སྐབས། གསང་སྟབས་ཀྱིས་མཚན་མོའི་དུས་ཚོད་ལ་བེད་སྤྱད་དེ་ལིས་ཧྲི་ཀྲིན་གྱི་སྔོ་སྨན་དཀར་ཆག་ཆེན་མོའི་ནང་ནས་བོད་ལ་མཁོ་བའི་སྨན་རྫས་སུམ་བརྒྱ་ལྷག་གི་མིང་བོད་ཡིག་ཏུ་བསྒྱུར། རྒྱུད་བཞི་དང་། ཤེལ་གོང་ཕྲེང་། ཟིན་ཏིག་གཅེས་བཏུས། མེས་པོའི་ཞལ་ལུང་། བེེ་སྔོན་སོགས་སྐབས་དེར་དཔེ་རྒྱུན་དཀོན་པ་མང་བོ་བཤུ་འབྲི་གནང་། ད་དུང་རྩ་ཆུ་བརྟག་པ་དང་། གདོང་བརྟག    ལྕེ་བརྟག་སོགས་གཞུང་དུ་མ་གསར་དུ་བརྩམས། ལོ་དེར་རྨ་ལྷོ་རྫོང་ཐོག་ཏུ་ལས་བགོ་བྱས་ཏེ་མེས་པོའི་ཞལ་ལུང་སོགས་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་མང་བོ་དག་སྒྲིག་དང་གསར་རྩོམ་གྱི་ཞར་ལ་རྫོང་ཡོངས་ཀྱི་རྐང་རྗེན་སྨན་པའི་སློབ་སྦྱོང་འཛིན་གྲྭ་ལ་བོད་སྨན་སློབ་ཁྲིད་གནང་། སྤྱི་ལོ༡༩༧༩ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི་མངགས་བཅོལ་བཞིན་ཀྲུང་གོའི་གསོ་རིག་ཀུན་འདུས་ཀྱི་ནང་ཚན་བོད་ཀྱི་གསོ་རིག་སྐོར་ལས་མན་ངག་རྒྱུད་ཀྱི་རླུང་ནད་གསོ་བ་སོགས་ལེའུ་བདུན་ཅུ་དོན་བདུན་གྱི་བརྗོད་བྱའི་གནད་བསྡུས་པ་ལ་གཞུང་ལུགས་གཞན་གྱིས་ཁ་སྐོང་དང་། གསོ་རིག་མཁས་པའི་མན་ངག་དང་ནད་ཐོག་ཉམས་མྱོང་གིས་ཟུར་བརྒྱན་པ་དེ་ཉིད་རྩོམ་སྒྲིག་མཛད།

 དགུང་ལོ་དྲུག་ཅུ་བ་སྤྱི་ལོ༡༩༨༤ལོར་བེ་སི་དང་། ཐོར་གོད། ཨ་རིག་སོགས་ཀྱི་དབུས་མཇལ་བ་སེར་སྐྱ་སྟོང་ཕྲག་བརྒལ་བའི་དབུ་མཛད་དེ་དབུས་སུ་ཕེབས། གཙུག་ལག་ཁང་། རྒྱུད་གྲྭ་སྟོད་སྨད། གདན་ས་ཆེན་པོ་བཞི། ས་སྐྱ། ཞ་ལུ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་དང་གཙུག་ལག་ཁང་སོ་སོར་ལྷ་མཆོད་མི་མཆོད་རྒྱ་ཆེར་བསྟར། དགའ་ལྡན་ཤར་བྱང་གཉིས་ཀྱི་ཡིག་ཆའི་པར་གསར་རྐོའི་འགྲོ་སོང་ཆ་ཚང་ཁོང་ཉིད་ཀྱིས་ཕུལ།

 སྤྱི་ལོ༡༩༨༤ལོ་ནས་བཟུང་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུ་སྡེབ་སྦྱོར་གྱི་མན་ངག་མདོ་སྨད་ཕྱོགས་སུ་དར་སྤེལ་གཏོང་ཆེད་དུ་མཁན་པོ་ཚེ་རྣམ་རིན་པོ་ཆེ་གདན་འདྲེན་ཆེད་དུ་ཁམས་སྡེ་དགེར་ལན་གསུམ་ཕེབས། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། སྲིད་ཇུས་གུ་དོག་པས་རིམ་པ་སོ་སོའི་འགོ་ཁྲིད་ལས་མཁན་རིན་པོ་ཆེ་མདོ་སྨད་དུ་ཕེབས་རྒྱུའི་གནང་བ་འཁྲོལ་དཀའ་བ་སོགས་ཀྱི་འོ་བརྒྱལ་དཔག་མེད་མྱངས་མཐར་སྤྱི་ལོ༡༩༨༧ལོའི་ཟླ་གསུམ་པར་མཁན་རིན་པོ་ཆེ་རྨ་ལྷོ་ཁུལ་དུ་ཕེབས་ཐུབ་པ་བྱུང་། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ནས་ཡོང་བའི་སྨན་པ་རྣམས་ལ་མཁན་རིན་པོ་ཆེ་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རཏྣ་བསམ་འཕེལ་སོགས་ཀྱི་ཕྱག་ལེན་ལེགས་པར་ཁྲིད་དེ། མདོ་སྨད་ལོ་རྒྱུས་སྟེང་གི་རིན་ཆེན་བཙོ་ཐལ་ཆེན་མོ་དང་རིན་ཆེན་རིལ་བུ་དང་བོ་ལེགས་གྲུབ་བྱུང་། ད་ལྟ་མདོ་སྨད་ཀྱི་ཡུལ་གྲུ་མང་བོར་རིན་ཆེན་རིལ་བུ་བཟོ་ཐུབ་པ་ཡང་ཁོང་ཁོ་ནའི་སྐུ་དྲིན་ཡིན་ཞེས་དཔྱོད་ལྡན་མང་བོས་བསྒྲགས། པཎ་ཆེན་རིན་པོ་ཆེའི་བཀའ་བཞིན་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུས་དགེ་རྒན་དུ་ཕེབས་ཏེ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་གྲུབ་མཐའ། ས་ལམ། ལོ་རྒྱུས་སོགས་ཁྲིད། སློབ་གླིང་གི་སློབ་གཞི་རྩོམ་སྒྲིག་ཚན་ཆུང་གི་བཀོད་སྒྲིག་བཞིན་བོད་སོག་ཆོས་འབྱུང་ཡང་བརྩམས།

 སྤྱི་ལོ༡༩༩༠ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཁོང་ལ་ཕུལ་བྱུང་ཆེད་ལས་མཁས་པའི་མཚན་སྙན་ཕུལ།  དེ་བཞིན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཀྲུང་གོའི་བོད་སྨན་ཚན་རྩལ་གྱི་གྲུབ་འབྲས་ཁྱད་འཕགས་ལོན་པའི་གཟེངས་བསྟོད་དང་དཔང་ཡིག་ཕུལ། སྤྱི་ལོ༡༩༩༡ལོར་རྒྱལ་ཁབ་མི་དོན་པུའུ་དང་འཕྲོད་བསྟེན་པུའུ། ཀྲུང་སྨན་དོ་དམ་ཅུས་ཐུན་མོང་ནས་ཀྲུང་སྨན་གཞུང་ལུགས་དང་ལག་རྩལ་གྱི་ཉམས་མྱོང་རྒྱུན་འཛིན་པར་མཛུབ་སྟོན་བྱེད་པའི་སྨན་པ་རྒན་པའི་ཕྱག་རྟགས་ཕུལ། ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་ལ་ལག་རྗེས་འབུར་ཐོན་བཞག་པའི་ཆེད་ལས་མཁས་པའི་དམིགས་བསལ་ཕོགས་སྣོན་གནང་བ་སོགས་སྲིད་གཞུང་དང་ཚོགས་པ་མང་བོས་གཟེངས་བསྟོད་དང་གོང་བཀུར་ཞུས། རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་མཚན་འཛིན་གླིང་གཙོ། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་དབུ་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་བཞེས།

 དགུང་ལོ་རེ་ལྔ་བར་ཁོང་གི་འཁྲུངས་ཡུལ་ཨ་སྐྱིད་སྡེ་དགུས་ནན་ཞུས་བཞིན་དུས་འཁོར་དབང་ཆེན་དང་། སྟག་ཚང་ལྷ་མོར་འགྲེལ་བ་བཞི་སྦྲགས་དང་རྟ་མགྲིན་ཡང་གསང་གི་དབང་། མངོན་བྱང་གི་དབང་སོགས་བཀའ་ཆོས་མང་བོ་གནང་། རེ་དྲུག་པར་དཔལ་ལྡན་བྱ་ཁྱུང་སྨན་པ་གྲྭ་ཚང་ལ་རྒྱུད་བཞིའི་དཔེ་ཁྲིད་རྫོགས་པར་གནང་། བྱ་ཁྱུང་དགོན་པས་དངོས་འབུལ་གྱ་ནོམ་པས་ཐོག་དྲངས་ནས་བྱ་ཁྱུང་ཁྲི་བའི་ཐོབ་ཕུལ་བ་སོགས་བཀུར་བཟོས་ཆེན་པོ་ཞུས། རེ་དགུ་བར་ལཱ་ཁ་དགོན་དུ་དུས་འཁོར་དབང་ཆེན་ཐེངས་གསུམ་པ་གནང་།

 དགུང་ལོ་དོན་གསུམ་པ་མེ་གླང་ལོའི་ཟླ་གཉིས་པར། ཀྲུང་གོ་དང་། ཐེ་གོ། འབར་མ་སོགས་རྒྱལ་ཁབ་ལྔས་ཞིས་ཧྲང་པན་ནཱ་ནས་སྨན་རྫས་ངོས་འཛིན་དང་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུ་བསྡུས་པར་གདན་ཞུས་བཞིན་ཕེབས། ཏུའུ་ཅང་ཡན་དུ་མཁན་ཚེ་རྣམ་རིན་པོ་ཆེ་ལས་མན་ངག་རྒྱུད་ཀྱི་བཤད་ཁྲིད་གསན། འདི་དུས་སྙུན་བབས་ཤིན་ཏུ་ལྕི་ཡང་ཉིན་རེར་བཀའ་ཆོས་ཆུ་ཚོད་དྲུག་རེ་གསུངས་པ་ལ་ཆག་མེད་དུ་ཕེབས། ཞར་ལ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་བསྟན་པ་དར་རྒྱས་སོགས་དོན་གཉེར་ཅན་རྣམས་ལ་ལྷན་ཐབས་ལྡེ་མིག་གི་ལུང་གནང་། དགུང་ལོ་དོན་བཞི་བ་རབ་གནས་ས་སྟག་ལོའི་ཧོར་ཟླ་དང་བོའི་ཚེས་བཅོ་བརྒྱད་ཉིན་མཁན་རིན་པོ་ཆེའི་བཀའ་ཆོས་ཀྱི་མཇུག་གྲུབ་ནས་གཏང་རག་གི་བསྙེན་བཀུར་ལེགས་པར་ཕུལ། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །

 དེ་ལྟར་རྗེ་བཙུན་བླ་མ་དམ་པ་ཁོང་ནི། ངེས་པའི་དོན་དུ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་ཟིན་ཀྱང་། ཐུན་མོང་བའི་ངོར་འཕགས་པའི་གནས་བརྟན་ཆེན་པོ་ཀ་ཏ་ཡ་ན། གྲུབ་དབང་པད་མ་ཀ་ར། མཐུ་སྟོབས་ནུས་པའི་མངའ་བདག་ཚ་ཁོ་ངག་དབང་གྲགས་པ། ཁྲི་ཆེན་ནམ་མཁའ་བཟང་བོ། མཁྱེན་རབ་དབང་ཕྱུག  ཤིང་བཟའ་ཞབས་དྲུང་བློ་བཟང་ཆོས་ཀྱི་རྒྱ་མཚོ་སོགས་ཀྱི་སྐུའི་སྐྱེ་བ་བཞེས་ནས་འགྲོ་བའི་དོན་མཛད། སྐུ་ཚེ་འདིར་ཡང་གཞུང་ཆེན་བཀའ་པོད་ལྔ། གསང་སྔགས་རྒྱུད་སྡེ་བཞིས་གཙོ་བྱས་པའི་ཕྱི་ནང་རིག་པའི་གནས་ཀུན་ལ་རིས་མེད་དུ་སྦྱངས། ཐོས་པའི་དོན་རྣམས་སྒྲུང་པ་སྙིང་བོར་མཛད་པས། མཚར་སྡུག་འཇིག་རྟེན་སྒྱུ་མའི་གྲོང་ཁྱེར་འདི། །མཐོང་ཚད་དངོས་པོའི་གཤིས་སུ་མ་གྲུབ་ཀྱང་། །ཐ་སྙད་ཙམ་དུ་སྣོད་བཅུད་དཀྱིལ་འཁོར་ཉིད། །རྟེན་དང་བརྟེན་པར་ཤར་འདི་བླ་མའི་དྲིན། །ཞེས་ཕྱི་ནང་གི་ཆོས་རྣམས་སྒྱུ་མ་དང་རྨི་ལམ་ལྟར་གཟིགས། སྣོད་བཅུད་མཐའ་དག་དག་པའི་རྟེན་དང་བརྟེན་པར་ཤར་བར་དངོས་སུ་ཞལ་གྱིས་བཞེས།

 སྐུ་འབུམ་བྱམས་པ་གླིང་། དཔལ་ལྡན་བཀྲ་ཤིས་འཁྱིལ། བྱ་ཁྱུང་། དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན། སྟག་ཚང་ལྷ་མོ། ཤིང་བཟའ་དགོན། གཉན་རྩེ་དགོན། ཟི་བ་དགོན། ཨ་སྐྱིད་སེ་ར་དགོན། ར་བོང་དགོན་སོགས་དགོན་སྒྲུབ་སྡེ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་སོགས་སློབ་གྲྭ་ཆེ་ཆུང་དང་། བོད་སྨན་ཞིབ་འཇུག་ཁང་སོགས་སུ་ཕེབས་ནས་མདོ་སྔགས་རིག་གནས་ཀྱི་ལེགས་པར་བཤད་པས་སྐལ་ལྡན་མང་བོའི་རེ་བ་ཡོངས་སུ་བསྐངས། གཞན་ཡང་མདོ་སྨད་ལྷོ་བྱང་གི་རུ་སྡེ་མང་བོར་ཞབས་ཀྱིས་བཅག་སྟེ་དབང་བཀའ་ཆོས་དང་ལུགས་གཉིས་ཀྱི་བསླབ་བྱ་གང་ལ་གང་འཚམ་དུ་གནང་ནས་འགྲོ་བ་མཐའ་ཡས་པར་འདི་ཕྱིའི་ལེགས་ཚོགས་ཀྱི་སྒོ་འཕར་ཡངས་པོར་ཕྱེ། དད་པས་ཕུལ་བའི་ཕྱག་རྫས་རྣམས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དུ་མའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་གསོ། དགེ་འདུན་གྱི་བསྙེན་བཀུར། དབུལ་སྐྱོར། སློབ་གསོ་སོགས་ཀྱི་ཆེད་དུ་བཏང་བ་ལས་དགྲ་འདུལ་གཉེན་སྐྱོང་དང་འཚོ་བ་རྒྱས་སྤྲོས་ལྟ་བུའི་ཆེད་དུ་ཆུད་འཛའ་བ་གཏན་མི་མངའ། མདོར་ན་ཁོང་གིས་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་པའི་ཚུལ་མཁས་དབང་ཤར་གདོང་རིན་པོ་ཆེས་མཛད་པའི་རྗེ་འདིའི་རྣམ་ཐར་དད་ལྡན་ཡིད་ཀྱི་བདུད་རྩི་སོགས་སུ་གསལ་བ་ལྟར་རོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།