མོག་ཀྱཱའི་མཁན་སྤྲུལ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་དགེ་བའི་དཔལ་གྱི་གསུམ་རྩོམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-09-14 07:21:59     རྩོམ་པ་པོ།   གཅན་རོང་ཚུལ་ཁྲིམས།    ཀློག་ཐེངས།  

བིས་མདོ་དགོན་པའི་གནས་བསྟོད་དྲི་ཟའི་བུ་མོ་ཀུན་ཏུ་དགའ་བའི་ཟློས་གར།  སྒོ་དམར་བ་བློ་བཟང་རྒྱ་མཚོའི་རྟོགས་པ་བརྗོད་པ་ངོ་མཚར་གྲུབ་པའི་གཏམ་སྙན་ཐུབ་བསྟན་མཛེས་རྒྱན།  རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་གསུམ་ད་ལྟ་དངོས་སུ་བཞུགས་ཡོད།

༧ མོག་ཀྱཱའི་མཁན་སྤྲུལ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་དགེ་བའི་དཔལ་ནི།  བོད་རབ་བྱུང་བཅུ་བཞི་བའི་ས་ཡོས་མྱོས་ལྡན་ལོ་སྟེ་སྤྱི་ལོ་༡༨༡༩  ལོར་སྐྱ་ཀྱཱ་བར་ཚིགས་ནས་འཁྲུངས།  རྗེ་ངག་དབང་ལེགས་བཤད་ཉི་མ་དང་སྒོ་དམར་བློ་བཟང་རྒྱ་མཚོ་ཡབ་རྗེ་བླ་མ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ་སོགས་བསྟེན་ཏེ་མདོ་སྔགས་རིག་པའི་གནས་མཐའ་དག་ཐུགས་སུ་ཆུབ། དགུང་ལོ་སུམ་ཅུ་ཙམ་ཞིག་ཏུ་རི་བོ་རྩེ་ལྔ་བརྒྱུད་ནས་རྒྱ་ནག་ཏུ་ཕེབས་ཏེ་སྐབས་དེའི་རྒྱའི་རྒྱལ་བོ་ཀྱཱ་ཆིན་གྱི་ཁུ་བོ་གཙོ་བྱས་པའི་རྒྱ་མི་རྣམས་སྨན་བཅོས་མཛད་པས་སྙན་གྲགས་རྒྱ་ནག་ཏུ་ཁྱབ་ཏེ་སྐྱ་ཀྱཱ་པཎ་ཊི་ཏའི་ཆོ་ལོ་དང་གཟེངས་རྟགས་ཕུལ་ཞིང་རིན་པོ་ཆེ་མང་བོས་གཏིང་རག་ཕུལ།  མཐར་དགུང་ལོ་བཞི་ཅུ་ཞེ་དགུ་སྟེ་སྤྱི་ལོ་༡༨༦༧  ལོར་སྐུ་མྱ་ངན་ལས་འདས

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།