འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:51:59     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

བར་པོད།ཤོག་གྲངས།

01117 ཀ་

1 ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་བཀའ་དྲིན་མཚུངས་མེད་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོའི་གསང་གསུམ་རྨད་དུ་བྱུང་བའི་རྟོགས་པ་བརྗོད་པ་གདུང་སེལ་སྨན་གྱི་ལྗོན་པ་ལ། 287

2 ཕ་རྒོད་རྡོ་རྗེ་འཆང་ཆེན་མི་ཕམ་དབྱངས་ཅན་དགྱེས་པའི་རྡོ་རྗེ་དཔལ་བཟང་པོའི་སྐུའི་རིང་བསྲེལ་སྙིང་པོར་བཞུགས་པའི་མཆོད་སྡོང་དཀར་ཆག་གདུང་སེལ་སྨན་གྱི་དྲི་བསུང་ལ། 36

3 རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཕ་གཅིག་རིན་འབྱུང་སྒེག་པའི་རྡོ་རྗེ་དཔལ་བཟང་པོའི་གསང་རྣམ་གསོལ་འདེབས་རིན་ཆེན་དང་པོའི་ཕྲམ་བུ་ལ། 6

4 དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཞལ་སྐྱིན་བཀའ་དྲིན་མཚུངས་མེད་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་གང་ལ་བསྟོད་པའི་རབ་ཏུ་བྱེད་པ་ལེགས་ཚོགས་རླབས་ཕྲེང་བཞད་པའི་ཆུ་གཏེར་ལ། 6

5 བཀའ་དྲིན་འཁོར་མེད་ཕ་རྒོད་རྡོ་རྗེ་འཆང་ཨ་བྷྱ་ཞབས་ཀྱི་འཁྲུངས་རབས་གསོལ་འདེབས་དད་པའི་འཁྲི་ཤིང་ལ། 3

6 རབ་འབྱམས་རྒྱལ་བའི་གདུང་འཚོབ་ཁྱབ་བདག་མི་ཕམ་དབྱངས་ཅན་དགྱེས་པའི་རྡོ་རྗེ་དཔལ་བཟང་པོའི་བཀའ་འབུམ་པར་དུ་ཇི་ལྟར་བསྒྲུབས་པའི་གཏམ་དོན་བཟང་ཛམ་བུའི་ཆེ་གསེར་ལ། 13

01118 ཁ་

1 རྫོགས་ལྡན་ཕྱི་མའི་དགའ་བ་ཉམས་སུ་མྱོང་བའི་ཆོ་ག་ལ་ཡང་དག་པར་བསམས་ནས་ཚངས་དབང་གི་མཆོད་སྦྱིན་དུ་སྤྲོས་པ་སྡེ་བཞིའི་རྒྱ་མཚོར་འཇུག་པའི་འབབ་སྟེགས་ཞེས་བྱ་བ་རིགས་ལྡན་ཉེར་ལྔ་བ་དྲག་པོ་འཁོར་ལོ་ཅན་གྱི་རྟོགས་བརྗོད་ལ། 77

2 ཕྱུག་ན་པད་མོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་པ་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ་ལ། 172

3 དཔལ་བྷཻར་ཝ་དང་གཉིས་སུ་མེད་པ་བླ་མ་གྲུབ་པའི་དབང་པོ་འཇིགས་མེད་བསམ་གཏན་པའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་ཟུང་འཇུག་གྲུབ་པའི་བདེན་གཏམ་ལ། 115

01119 ང་

1 བླ་ན་མེད་པའི་ཡོན་ཏན་གྱི་དབང་ཕྱུག་ཏུ་གྲུབ་པ་ཡབ་གཅིག་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཐུན་མོང་དུ་བསྒྲག་པར་རྗེས་སུ་གནང་བ་ལེགས་མཛད་གཏམ་གྱི་སྙིང་པོ་སྐལ་པ་བཟང་པོའི་རྣ་ཆ་ལ།239

2 བླ་ན་མེད་པའི་ཡོན་ཏན་གྱི་དབང་ཕྱུག་ཏུ་གྲུབ་པ་ཡབ་གཅིག་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཐུན་མོང་མ་ཡིན་པ་གསང་བའི་གཏམ་གྱི་སྙིང་པོ་སྐལ་པ་བཟང་པོའི་རྣ་ཆ་ལ། 6

3 འཇམ་དབྱངས་བླ་མ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་བློ་བཟང་དཔལ་ལྡན་གྱི་ཞལ་སྔ་ནས་ཀྱི་ཐུན་མོང་བའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་རྫོགས་ལྡན་དེ་ཉིད་སྣང་བ་ལ། 108

01120 ཇ་

1 དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ་རྟོགས་པ་བདུན་པ་ལ། 19

2 བཅོམ་ལྡན་འདས་འཇམ་དཔལ་ཁྲོས་པའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ཀྱི་རྩ་བའི་རྒྱུད་རྟོགས་པ་བདུན་པའི་རྒྱ་ཆེར་བཤད་པ་རྡོ་རྗེའི་ཚིག་གི་སྒོ་འབྱེད་ཅེས་བྱ་བའི་སྟོད་ཆ་ལ། 321

01121 ཉ་

1 འཇིགས་བྱེད་ཀྱི་རྩ་བའི་རྒྱུད་རྟོགས་པ་བདུན་པ་རྒྱ་ཆེར་བཤད་པ་རྡོ་རྗེའི་ཚིག་གི་སྒོ་འབྱེད་སྨད་ཆ་ལ། 336

2 གྲུབ་ཆེན་པ་ལི་ཏ་བཛྲས་མཛད་པའི་རྣལ་འབྱོར་བཞི་རིམ་ལ། 3

3 རྒྱུད་ཀྱི་རྒྱལ་པོའི་རྟོགས་པ་བདུན་པའི་དཀའ་འགྲེལ་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ་ལ། 19

01122 ཏ་

1 སྔགས་ཀྱི་དོགས་སློང་བློ་གསལ་རྩེན་པའི་རོལ་མཚོ་ལ། 9

2 རྡོ་རྗེ་ཕྲེང་བའི་དབང་གི་གསུང་བཤད་ཟིན་བྲིས་ལ། 43

3 མི་ཏྲ་བརྒྱ་རྩའི་དབང་གི་གསུང་བཤད་ཟིན་བྲིས་ལ། 56

4 དུས་ཀྱི་འཁོར་ལོ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ལ། 9

5 དུས་འཁོར་བསྟོད་ཊཱིཀ་མཁས་གྲུབ་ཞལ་གྱི་བདུད་རྩི་ལ། 19

6 དུས་འཁོར་རྣམ་དག་གི་ཚིག་ཊཱིཀ་རྒྱུད་འགྲེལ་ཞལ་བཤུས་ལ། 11

7 དུས་ཀྱི་འཁོར་ལོའི་ཚོན་ཡིག་ལ། 9

8 དུས་ཀྱི་འཁོར་ལོའི་ཐིག་རྩ་ལ། 5

9 དཔལ་གསང་བ་འདུས་པའི་རྒྱུད་ཁ་འདོན་དུ་བྱ་བའི་ཚུལ་ལ། 4

10 རྟོགས་བདུན་འདོན་ཐབས་དང་འཇིགས་བྱེད་ས་ཆོག་ཁྲོས་ནག་བདག་འཇུག་འདོན་བསྒྲིགས་བཅས་ཆབས་ཅིག་ཏུ་བཀོད་པ་ལ། 7

11 ཡི་གེ་བརྒྱ་བའི་སྒོམ་བཟླས་བྱ་ཚུལ་མན་ངག་བདུད་རྩིའི་སྙིང་པོ་ལ། 14

12 འཇིགས་བྱེད་བཅུ་གསུམ་མ་གདུགས་དཀར་ལྷ་མོ་གསུམ་གྱི་བསྙེན་ཡིག་ལ། 10

13 གསང་འཇིགས་བདེ་དུས་བཞིའི་འགྲེལ་གཏོར་དང་བླ་མ་རྒྱུད་མཆོད་སྐོར་ལ། 41

14 ཐུགས་རྗེ་ཆེན་པོའི་གཟུངས་རིང་གི་དོན་མདོར་བསྡུས་ཏེ་བཤད་པ་ལ། 6

15 གཞུང་ཆེན་མོའི་དཀའ་གནད་ལས་བརྩམས་པའི་དྲི་བ་དང་ལན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ།40

16 ཚད་མ་རྣམ་འགྲེལ་གྱི་ས་བཅད་ལ། 7

17 བེའུ་བུམ་སྔོན་པོའི་ས་བཅད་ལ། 8

18 ས་བཅད་མདོར་བསྡུས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 30

19 ཚིག་སྡུད་ཀྱི་རྣམ་གཞག་མདོ་ཙམ་བརྗེད་བྱང་དུ་མཛད་པ་ལ། 7

01123 ཐ་

1 ལམ་རིམ་སྙིང་པོ་བསྟན་འཛིན་བྱེ་བའི་འབྱུང་གནས་ལ། 53

2 བྱང་ཆུབ་ལམ་གྱི་རིམ་པའི་གདམས་པའི་གནད་དོན་ཚིགས་སུ་བཅད་པ་ལེགས་གསུང་བདུད་རྩིའི་སྙིང་པོ་ལ། 77

3 བྱང་ཆུབ་ལམ་རིམ་ཆེན་མོའི་བསྡུས་དོན་བླ་མའི་ཞལ་ཆབ་བཞིན་བཀོད་པ་ཉམས་རྟོགས་རྒྱ་མཚོ་སྤེལ་བའི་ཟླ་ཟེར་ལ། 70

4 བྱང་ཆུབ་ལམ་རིམ་ཤར་སྒོམ་བྱེད་ཚུལ་གྱི་བསྡུས་དོན་ལ། 7

5 དབེན་སའི་བླ་མའི་རྣལ་འབྱོར་བླ་མ་མཆོད་པའི་ས་བཅད་མདོར་བསྡུས་ལ། 7

6 དཔལ་སྲད་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་ཉུང་ངུར་བརྗོད་པ་སྙན་བརྒྱུད་གཏམ་གྱི་ཡང་ཞུན་ལ། 17

7 རང་གཞན་ཆོས་ལ་བསྐུལ་བའི་མགུར་དབྱངས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 48

8 བློ་སྦྱོང་དོན་བདུན་མ་ཉམས་སུ་ལེན་ཚུལ་ཤིན་ཏུ་བསྡུས་པ་སྟབས་བདེར་བཀོད་པ་ལ། 4

9 རྒྱལ་བ་ཀུན་གཟིགས་ཀྱི་མཆོད་ཆོག་ལག་ཏུ་བླང་བདེ་བར་བཀོད་པ་བསོད་ནམས་རིན་ཆེན་བདུན་གྱི་འབྱུང་གནས་ལ། 18

10 བླ་མ་རྡོ་རྗེ་འཆང་ཆེན་པོ་ནས་སྲས་མཆོག་ཤར་ཐམས་ཅད་མཁྱེན་པ་ལ་གསོལ་བའི་བཀའ་པོད་ལྔའི་ལམ་གྱི་ཆིངས་བྱང་ཆུབ་ལམ་རིམ་དང་སྦྱར་བའི་ལམ་བསྒྲིགས་ལ། 21

11 དབུ་མ་ཚིག་རབ་ཏུ་གསལ་བའི་ཐལ་བཟློག་དང་ཆོས་ཅན་མཐུན་སྣང་བའི་ཐད་ཀྱི་ས་བཅད་ལ། 14

12 རང་གཞན་གྱི་གྲུབ་པའི་མཐའ་མ་ལུས་པའི་གནད་དོན་ཚིགས་བཅད་དུ་བསྡེབས་པ་གྲུབ་མཐའ་རྒྱ་མཚོའི་འཇུག་ངོགས་ལ། 20

01124 ད་

694

1 བརྒྱད་སྟོང་དང་སྡུད་པ་སྦྱར་བའི་སྐབས་འབྱེད་ཟླ་བའི་འཁྲི་ཤིང་ལ། 4

2 སྡུད་པ་དང་ལྡན་སྦྱར་བའི་མཚམས་འབྱེད་ལྷ་ཡི་རོལ་མོ་ལ། 5

3 ཕར་ཕྱིན་ས་བཅད་མཁྱེན་གསུམ་གྱི་རྣམ་པའི་སྡོམ་རྒྱ་འགྲེལ་ཉེར་གཅིག་ཏུ་གྲགས་པའི་སྡོམ་མཆན་དང་བཅས་པ་ལ།10

4 སྒོ་མང་ཕར་ཕྱིན་མཐའ་དཔྱོད་ཀྱི་སྡོམ་ཚིག་སྦས་དོན་གཏམ་གྱི་སྙིང་པོ་ལ། 120

5 དེའི་ཟུར་རྒྱན་དོགས་སློང་མཛུབ་མོ་རི་སྟོན་ཞེས་བྱ་བ་འཕྲོ་ཅན་དུ་ལུས་པ་ལ། 14

6 ལྟ་ཁྲིད་ངེས་དོན་གནད་ཀྱི་སྙིང་པོ་ལ། 35

7 ཟབ་མོའི་ལམ་གྱི་རིམ་པ་ཚིགས་བཅད་དུ་བསྡེབས་པ་སྲིད་པའི་ནད་བརྒྱ་འཇོམས་པའི་སྨན་གཅིག་ལ། 7

8 བདེན་པ་བཞི་ལས་བརྩམས་པའི་རྩོད་ཡིག་ལེགས་པར་བཤད་པ་འཇིགས་མེད་རིགས་པའི་གད་རྒྱངས་ལ། 138

9 དབུ་མ་རྩ་བ་ཤེས་རབ་ཀྱི་སྡོམ་འཕྲོ་ཅན་དུ་ལུས་པ་ལ། 7

01125 ན་

1 དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་ཞེས་བྱ་བའི་སྟོད་ཆ་ལ། 356

01126 པ་

1 དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་ཞེས་བྱ་བའི་སྨད་ཆ་ལ། 299

01127 ཕ་

1 གཏན་ཚིགས་རིགས་པའི་སྤྱི་དོན་བྱིས་པ་དགའ་བྱེད་ལ། 50

2 སེམས་དང་སེམས་བྱུང་གི་རྣམ་གཞག་ཉམས་ལེན་གནད་ཀྱི་དོན་གསལ་རིན་ཆེན་སྒྲོན་མེ་ལ། 38

3 མ་དམིགས་པའི་འཁོར་ལོ་གསར་སྤེལ་ལ། 4

4 བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་དཀར་ཆག་ལེགས་བྱས་གཏམ་གྱི་མེ་ཏོག་ལ། 67

5 དཀར་ཆག་གི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 121

6རྣམ་འདྲེན་བླ་མ་སྐྱབས་རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་དོན་གཉིས་དཔལ་སྟེར་སོགས་གསོལ་འདེབས་ལེ་ཚན་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 8

7 ཞབས་པད་བརྟན་གསོལ་ཚེ་རབས་རྗེས་འཛིན་མྱུར་བྱོན་སྐུལ་ཚིག་འགའ་ཙམ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 14

8 དབྱར་གནས་ཀྱི་ལག་ལེན་གསལ་བར་བཀོད་པ་ལ། 5

9 དགེ་ལྡན་ལེགས་བཤད་གླིང་གི་སྒྲུབ་གྲྭ་དབེན་གནས་ཏིང་འཛིན་དོན་གྲུབ་གླིང་གི་བཅའ་ཡིག་མདོར་བསྡུས་སྒྲུབ་པའི་ཚངས་ཐིག་ལ། 5

10 མཐུ་བ་དགོན་པའི་པར་རྐོན་བཅའ་ཡིག་མདོར་བསྡུས་ལ། 4

11 དབེན་ས་བཀའ་བརྒྱུད་ཀྱི་བླ་མ་བརྒྱུད་པའི་འདྲ་ཐང་བཞེངས་ཚུལ་ལ། 5

12 བཀའ་འབུམ་ཐོར་བུ་སྣ་ཚོགས་ཕྱོགས་བསྡེབས་སུ་བཀོད་པ་ལ། 29

13 བཀའ་འགྱུར་བརྒྱུད་འདེབས་ལ། 2

01128 བ་

1 ཤར་མདོ་སྨད་པ་མི་ཕམ་དབྱངས་ཅན་དགྱེས་པའི་རྡོ་རྗེས་སྤེལ་བའི་འཕྲིན་ཡིག་གི་སྐོར་ཡིད་འཕྲོག་དྲི་ཟའི་ཟློས་གར་ལ། 153

2 བསྔགས་པར་བྱ་བའི་གནས་དམ་པ་ལ་མཆོག་ཏུ་བསྔགས་པ་ངོ་མཚར་ཀུན་ཏུ་བཟང་པོའི་འཁོར་ལོ་དབྱངས་ལྡན་འཕྲུལ་གྱི་རི་མོ་ལ། 14

3 ཀུན་བཟང་འཁོར་ལོ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 15

4 བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་བཤད་སྦྱར་བརྡ་སྤྲོད་རིག་པའི་སྙིང་པོ་ལ། 39

5 རྒྱ་བོད་གཉིས་ཀྱི་ཤགས་འགྱེད་ལ། 18

6 སྨན་གྱི་སྡོང་འགྲེམ་ཇི་ལྟར་བྱེད་ཚུལ་ལ། 15

7 དབེན་སའི་བསངས་མཆོད་སོགས་བསངས་ཆོག་ལེ་ཚན་གསུམ་ལ། 5

8 འདོད་གསོལ་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 41

9 བསྔོ་བའི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 13

10 གསང་འདུས་རྩ་རྒྱུད་བཀླགས་པའི་དགེ་བསྔོའི་སྨོན་ཚིག་སོགས་སྨོན་ཤེས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ།13

11 བདེ་བ་ཅང་གྱི་སྣོད་བཅུད་ལ་བསྟོད་ཅིང་སྨོན་པའི་ཚིག་བསྒྲིགས་བདེ་ལྡན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ལ། 6

12 བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་ཀྱི་སྙིང་པོ་ལ། 9

13 ཤབྷ་ལའི་སྨོན་འགྲེལ་ལ། 7

14 རྫོགས་ལྡན་ཕྱི་མའི་བསྟན་པ་དང་མཇལ་བའི་སྨོན་ལམ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 5

15 རྒྱལ་དབང་ཐམས་ཅད་མཁྱེན་པས་ལྗགས་བསྒྲིགས་མཛད་པའི་པར་བྱང་སྨོན་ཚིག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།འཇིགས་མེད་དམ་ཆོས་རྒྱ་མཚོ་ནི་མདོ་སྨད་ལྷོ་བརྒྱུད་གསེར་ལྗོངས་འབྲོག་སྡེའི་རིགས་སུ་ཡབ་དགེ་འདུན་བསོད་ནམས་དང༌།ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པ་པའི་ས་ཁྱི་1898 ལོ་འཁྲུངས།མཁན་སྤྲུལ་འཕྲིན་ལས་རྒྱ་མཚོའི་དྲུང་དུ་རབ་བྱུང་བསྒྲུབས།མཚན་འཇིགས་མེད་དམ་ཆོས་རྒྱ་མཚོ་ཞེས་གསོལ།དེའི་ལོར་གདན་སར་ཞུགས།ཡོངས་འཛིན་དགེ་བཤེས་ཚུལ་ཁྲིམས་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།གོང་ས་སྐུ་ཕྲེང་བཅུ་གསུམ་པ་རྒྱ་ནག་ཏུ་ཕེབས་པ་དང་སྐུ་འབུམ་དགོན་དུ་མཇལ།རོང་པོ་སྐྱབས་མགོན་གྱི་སྐུ་གདུང་དང༌།བཞུགས་ཡུལ་བཅས་པ་གསར་བཞེངས་མཛད།རྗེ་འདིས་གསུང་རབ་ཐམས་ཅད་ལ་ཉམས་བཞེས་མཛད་ནས་དབུ་མའི་འགྲེལ་པ་སོགས་བསྟན་བཅོས་མང་པོ་ལྗགས་རྩོམ་མཛད་པ་ལས།སྐུ་ཚེ་སྨད་ཀྱི་མཛད་རྣམ་སོགས་མ་རྙེད།གསུང་འབུམ་པོད་བཅོ་ལྔ་ནས་འདིར་བཅུ་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།