ཆོས་རྗེ་ངག་དབང་བློ་བཟང་དོན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:50:39     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

680

01108 ཀ་

1 ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་སྐལ་ལྡན་ཐར་འདོད་རེ་བ་སྐོང་བའི་དགའ་སྟོན་ལ། 86

2 རྗེ་བཙུན་དམ་པ་སྐུ་ཕྲེང་བཞི་པའི་ཞལ་སྔ་ནས་གསུང་པའི་ལུང་བསྟན་གསལ་བའི་རྣམ་ཐར་ཡིད་བཞིན་དབང་རྒྱལ་ལ། 13

3 བྱང་ཕྱོགས་བསྟན་འགྲོའི་པད་ཚལ་རྒྱས་པར་མཛད་པའི་རྗེ་སྐུ་ཕྲེང་ལྔ་པ་པའི་རྣམ་ཐར་སྐལ་ལྡན་གདུལ་བྱའི་ཚ་གདུང་སེལ་བར་བྱེད་པའི་གངྒྰའི་ཆུ་རྒྱུན་ལ། 25

4 རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསོལ་འདེབས་དང་པོའི་སྒོ་འབྱེད་ལ། 3

5 སྐུ་ཕྲེང་བདུན་པ་ལ་བསྟོད་ཅིང་གསོལ་འདེབས་དད་པའི་སྒོ་འབྱེད་ལ། 3

6 བླ་མ་རྡོ་རྗེ་འཆང་རྗེ་བཙུན་དམ་པ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པར་བསྟོད་ཅིང་གསོལ་འདེབས་དད་པའི་སྒོ་འབྱེད་ལ། 3

7 སྐུ་ཕྲེང་བརྒྱད་པ་ལ་བསྟོད་པའི་གསོལ་འདེབས་ལ། 2

8 སྐུ་ཕྲེང་བརྒྱད་པ་རིན་པོ་ཆེའི་གསོལ་འདེབས་སྨོན་ཚིག་གདུང་དབྱངས་ང་རོ་ལ། 1

9 ཡེ་ཤེས་མཁའ་འགྲོ་མ་ཡུམ་ཆེན་ཤེར་ཕྱིན་དཀར་མོ་ལ་བསྟོད་ཅིང་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་འདོད་དགུའི་བང་མཛོད་ལ། 2

10 བླ་མའི་རྣལ་འབྱོར་བདུད་རྩིའི་ཆུ་རྒྱུན་ལ། 2

11 དྲིན་ཅན་རྩ་བའི་བླ་མའི་རྣལ་འབྱོར་བདུད་རྩིའི་རྒྱུན་འབེབས་ལ། 2

12 བླ་མའི་རྣལ་འབྱོར་བདུད་རྩིའི་མཆོག་སྦྱིན་ལ། 2

13 སྐུ་ཕྲེང་དང་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་སྒོ་འབྱེད་ལ། 2

14 རྗེ་བཙུན་བླ་མ་སྐུ་ཕྲེང་བརྒྱད་པའི་རྣལ་འབྱོར་སྒོམ་ཚུལ་དད་པའི་ལྡེ་མིག་ལ། 4

15 རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་འཕེལ་གྱི་རིགས་བདག་བླ་མ་དང་ཡི་དམ་རིག་བྱེད་མ་གསུམ་གྱི་རྣལ་འབྱོར་སྒོམ་ཚུལ་ལ། 3

16 རིགས་གསུམ་མགོན་པོ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་མ་ལ། 2

17 འཇམ་དབྱངས་དང་བླ་མ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་མི་ཤེས་མུན་པ་སེལ་བའི་སྒྲོན་མེ་ལ། 2

18 སྣ་ཚོགས་ཡུམ་དང་འབྲེལ་བའི་བྱིན་རླབས་སྒོ་འབྱེད་ལ། 1

19 གསང་བདེ་འཇིགས་གསུམ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ལ། 3

20 གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣལ་འབྱོར་ལ། 2

21 མཁན་ཆེན་བསྟན་པའི་བདག་པོ་བློ་བཟང་དཔལ་ལྡན་ཆོས་འཕེལ་ལ་བརྟེན་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་འཆི་མེད་མཆོག་གྲོལ་མ་ལ། 3

22 བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 2

23 ཇོ་མོ་ཡེ་ཤེས་མཚོ་རྒྱལ་མའི་བླ་མའི་རྣལ་འབྱོར་བདུད་རྩིའི་ཆུ་རྒྱུན་ལ། 2

24 བླ་མའི་རྣལ་འབྱོར་དང་འབྲེལ་བའི་ལོ་མ་གྱོན་མའི་སྒྲུབ་ཐབས་བྱིན་རླབས་མྱུར་འཇུག་མ་ལ། 2

25 པདྨ་དབང་ཆེན་གྱི་རྒྱུན་ཁྱེར་གྱི་མཇུག་ཏུ་འདོན་རྒྱུའི་སྨྲེ་སྔགས་གསོལ་འདེབས་ངན་སོང་འཇིགས་སྐྱོབ་ལ། 2

26 འདུལ་བའི་ལས་ཆོག་གཅེས་བསྡུས་སྙིང་པོ་ལ། 35

27 བླ་མ་མཆོད་པའི་ཆོ་གའི་རྣམ་གཞག་ཚིག་དོན་རབ་གསལ་ཟུང་འཇུག་སྒྲུབ་པའི་མྱུར་ལམ་ལ། 146

01109 ཁ་

1 རྗེ་བཙུན་འཇམ་དབྱངས་ཀྱི་སྒོམ་བཟླས་དང་འབྲེལ་བའི་འཇམ་དཔལ་མཚན་བརྗོད་འདོན་ཐབས་ལ། 4

2 རྗེ་བཙུན་བླ་མ་དམ་པ་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པའི་བརྟན་བཞུགས་གསོལ་འདེབས་འཆི་མེད་རྡོ་རྗེའི་སྲོག་ཤིང་ལ། 3

3 ཁལ་ཁ་ས་སྟེང་ཡོངས་ཀྱི་་བདག་པོ་སྐྱབས་གནས་མཐར་ཐུགས་བཛྲ་དྷ་ར་རྒྱལ་པོ་རྗེ་བཙུན་དམ་པ་རིན་པོ་ཆེ་རྒྱལ་པོའི་ཁྲི་ལ་བཞུགས་པའི་ཞབས་བརྟན་སྨོན་ཚིག་ལ། 3

4 སྤྲུལ་སྐུ་འཆི་མེད་མཆོག་གྲོལ་གྱི་བརྟན་བཞུགས་ཚོགས་གཉིས་ཆེ་མཚོ་ལ། 3

5 ཞབས་བརྟན་གསོལ་འདེབས་ལ། 3

6 སྤྲུལ་སྐུ་སྐལ་བཟང་རྒྱ་མཚོའི་བརྟན་བཞུགས་མི་འགྱུར་བའི་གཡུང་དྲུང་ལ། 3

7 སྤྲུལ་སྐུ་འཕགས་པ་སྐྱབས་ཀྱི་ཞབས་བརྟན་གསོལ་འདེབས་ལ། 2

8 སྤྲུལ་སྐུ་ངག་དབང་དྷ་སྦྱའི་མྱུར་བྱོན་གསོལ་འདེབས་ལ། 2

9 ཨང་ཇ་སུ་སྤྲུལ་སྐུའི་མྱུར་བྱོན་གསོལ་འདེབས་དད་པའི་སྒོ་འབྱེད་ལ། 2

10 བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་མྱུར་འཇུག་མ་ལ། 2

11 ཚེ་དཔག་མེད་ལྷ་དགུའི་དབང་ཆོག་ནག་འགྲོས་སུ་བཀོད་པ་ཚེའི་བདུད་རྩིས་གང་བའི་ཀ་ལ་ཤ་ལ། 10

12 ཚེ་དཔག་མེད་ཀྱི་སྒོ་ནས་གཤིན་གསོན་ལ་དབང་བསྐུར་བའི་ཆོ་གའི་གསལ་བྱེད་ལྡེ་མིག་ལ། 3

13 ཚེ་དཔག་མེད་ཀྱི་སྒོ་ནས་གཤིན་པོའི་ལྷོ་སྒོ་བྱེད་ཚུལ་ཐར་པའི་སྒོ་འབྱེད་ལ། 25

14 བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་བདག་བསྐྱེད་ཀྱི་ཆོ་ག་འཆི་མེད་གངྒྰའི་ཆུ་རྒྱུན་ལ། 14

15 དེའི་བུམ་སྒྲུབ་བྱ་ཚུལ་འཆི་མེད་དཔལ་སྟེར་མ་ལ། 8

16 དེའི་མདུན་བསྐྱེད་ཀྱི་ཆོ་ག་འཆི་མེད་ཚེ་ཡི་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 12

17 དེའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་ཐར་བའི་ཐེམ་སྐས་ལ། 23

18 དེའི་དབང་བསྐུར་བའི་ཆོ་ག་སྐལ་ལྡན་ཉིན་བྱེད་བདུད་རྩིའི་ཆར་ཆེན་ལ། 11

19 གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་སོ་གསུམ་གྱི་ཆོ་ག་ཆ་ལག་དང་བཅས་པའི་འཆི་བདག་གཡུལ་ལས་རྒྱལ་བ་བདུད་རྩིའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ། 26

20 དེའི་སྦྱིན་སྲེག་སྙིང་རྗེའི་བུམ་བཟང་ལ། 10

21 དེའི་ལྷ་སོ་གསུམ་གྱི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་གི་ཆོ་ག་ཐུགས་རྗེའི་ཉི་འོད་མེ་ལོང་ལ། 20

22 དེའི་རྡུལ་ཚོན་ཀླུ་ལ་གཏད་པའི་ཆོ་ག་བྱ་ཚུལ་བདུད་རྩིའི་ཆུ་རྒྱུན་ལ། 6

23 དེའི་འཆི་བླུ་བྱ་ཚུལ་སྲོག་གི་ཀ་བ་བརྟན་བྱེད་རྡོ་རྗེ་ལ། 23

24 དེའི་ལྷོ་སྒོ་བྱ་ཚུལ་ཞིང་མཆོག་སྒོ་འབྱེད་ལ། 21

25 འཕགས་པ་མིག་འབྱེད་སྤྱན་རས་གཟིགས་ལ་བརྟེན་པའི་སྨྱུང་གནས་བྱ་ཚུལ་གྱི་ཆོ་ག་ཡེ་ཤེས་ཀྱི་སྤྱན་སྟེར་མ་ལ།13

26 མིག་འབྱེད་སྤྱན་རས་གཟིགས་ཀྱི་སྒོ་ནས་མིག་སྨན་སྒྲུབ་ཚུལ་ཤིན་ཏུ་དྲི་མ་མེད་པའི་ཤེལ་དཀར་མེ་ལོང་ལ། 9

27 སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་ལ། 3

28 ཕྱུག་ན་རྡོ་རྗེའི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་མྱུར་འཇུག་ལ། 2

29 ཕྱུག་རྡོར་གོས་སྔོན་གྱི་བདག་བསྐྱེད་དངོས་གྲུབ་བང་མཛོད་ལ། 9

30 དཔལ་གསང་བའི་བདག་པོའི་གོས་སྔོན་ཅན་གྱི་བླ་མེད་ལུགས་ཀྱི་སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད་ལ། 12

31 མི་ཏྲའི་ནང་གི་ཕྱུག་རྡོར་གོས་སྔོན་ཅན་གྱི་དབང་གི་སྔོན་འགྲོ་སྟ་གོན་གྱི་རིམ་པ་ཟུར་དུ་བཀོལ་བ་རིན་པོ་ཆེའི་ཐེམ་སྐས་ལ། 14

32 ཕྱུག་རྡོར་གོས་སྔོན་ཅན་གྱི་དངོས་གཞིའི་དབང་བསྐུར་ཆོ་ག་ལྟུང་བ་རྣམ་པར་དག་པའི་བདུད་རྩིའི་ཆུ་རྒྱུན་ལ། 32

33 ཕྱུག་རྡོར་གོས་སྔོན་ཅན་བླ་མེད་ལུགས་ཀྱི་རྗེས་གནང་བསྐུར་ཚུལ་བྱིན་རླབས་རོལ་མཚོ་ལ། 9

34 ཕྱུག་ན་རྡོ་རྗེ་གཏུམ་མོ་ཁྱུང་ཤམ་ཅན་ལྷ་ལྔའི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་ལ། 3

35 དེའི་སྒྲུབ་ཐབས་ཡིད་བཞིན་དབང་གི་རྒྱལ་པོ་ལ། 9

36 དེའི་བུམ་སྒྲུབ་ཀྱི་ཆོ་ག་དག་བྱེད་བདུད་རྩིའི་ཆུ་རྒྱུན་ལ། 5

37 དེའི་སྔོན་འགྲོའི་སྟ་གོན་རིམ་པ་རྣམས་གསལ་བར་བཀོད་པ་རིན་པོ་ཆེའི་དོ་ཤལ་ལ། 24

38 དེའི་དངོས་གཞིའི་དབང་བསྐུར་བའི་ཆོ་ག་སྐལ་ལྡན་ཉིན་བྱེད་བྱིན་རླབས་རོལ་མཚོ་ལ། 42

39 དེའི་སྨོན་ལམ་ཤིས་བརྗོད་ལ། 3

683

40 དཔལ་ཕྱུག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་དབང་ཆོག་མེ་ལྕེའི་ཕྲེང་བ་ལ། 14

དཀར་ཆག་ལ། 3

01110 ག་

1 བདག་འཇུག་གི་ཆོ་ག་མདོར་བསྡུས་ནོར་བུའི་བང་མཛོད་ལ། 9

2 རྡོར་ཕྲེང་ལུགས་ཀྱི་རྒྱུད་སྡེ་བཞིའི་དབང་བསྐུར་ཚུལ་ལག་ཏུ་བླང་བདེར་བཀོད་པ་བྱིན་རླབས་བདུད་རྩིའི་རོལ་མཚོ་ལ། 46

3 རྡོར་ཕྲེང་ནས་བཤད་པའི་དཀྱིལ་འཁོར་ཞེ་ལྔའི་ལྷ་ངོ་སྟོན་ཚུལ་མདོར་བསྡུས་ལ། 15

4 ཆོས་རྒྱལ་བདུན་གྱི་བསྟོད་པ་དང༌།རིགས་ལྡན་རྣམས་ཀྱི་གསོལ་འདེབས་རྣམ་འབྱུང་སྒྲ་དབྱངས་ལ། 5

5 དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་ལ། 4

6 རྡོར་ཕྲེང་ནང་གི་དུས་འཁོར་དབང་གི་བླ་བརྒྱུད་གསོལ་འདེབས་ལ། 3

7 དེའི་བདག་བསྐྱེད་ཀྱི་འདོན་བསྒྲིགས་ཤབྷ་ལར་བགྲོད་པའི་ཐེམ་སྐས་ལ། 40

8 དཔལ་དུས་ཀྱི་འཁོར་ལོའི་བུམ་པ་སྒྲུབ་ཚུལ་བདུད་རྩིའི་ཆུ་རྒྱུན་ལ། 5

9 དུས་འཁོར་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྔོན་འགྲོའི་ཆོས་བཤད་སྟ་གོན་ལ། 25

10 དེའི་དབང་ཆོག་བདེ་ཆེན་རོལ་མཚོ་ལ། 67

11 དེའི་ཚོགས་མཆོད་བདེ་ཆེན་འདོད་འཇོ་ལ། 15

12 དེའི་སྨོན་ལམ་ཤིས་བརྗོད་ལ། 13

13 སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་བསྐུར་བའི་ཆོ་ག་ལོགས་སུ་བཀར་བ་ལ། 5

14 སྒྲུབ་ཐབས་བརྒྱ་རྩ་ནས་བཤད་པའི་ཡི་དམ་ལྷ་མང་གི་སྒྲུབ་ཐབས་དང༌།སློབ་མ་རྗེས་སུ་འཛིན་པའི་རྗེས་གནང་ཆོ་ག་དངོས་གྲུབ་ཆར་འབེབས་ལ། 103

15 ཡི་དམ་ཆོས་སྐྱོང་སོ་སོའི་སྒྲུབ་ཐབས་དང་རྗེས་གནང་བྱེད་ཚུལ་དངོས་གྲུབ་འབྱུང་གནས་ལ། 56

དཀར་ཆག་ལ། 2

01111 ང་

1 སྒྲུབ་ཐབས་རྒྱ་མཚོ་ནས་བཤད་པའི་ལྷ་ཚོགས་ཀྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པའི་ཐོ་ཡིག་གི་དོན་འགྲེལ་འདོད་རྒུའི་ལྗོན་ཤིང་རིན་ཆེན་སྙེ་མའི་ཁ་སྐོང་ཡང་གསལ་བློ་གྲོས་མིག་འབྱེད་ལ། 171

2 མྱུར་མཛད་ཡེ་ཤེས་མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ལ། 14

3 དེའི་གཏོར་དབང་བར་ཆད་ཀུན་སེལ་ལ། 6

4 མགོན་པོའི་རྗེས་གནང་དབང་བཞི་བསྐུར་ཚུལ་ལ། 5

5 མགོན་པོ་གྲིབ་སེལ་གྱི་རྗེས་གནང་ལ། 9

6 བླ་མ་མགོན་པོ་དབྱེར་མེད་ཀྱི་རྗེས་གནང་ལ། 8

7 མགོན་པོའི་གནད་དབབ་ཀྱི་རྗེས་གནང་ལ། 5

8 མགོན་པོ་མཆིན་ཁའི་རྗེས་གནང་ལ། 6

9 མགོན་པོ་རྒྱ་ཅན་ནམ་གསང་སྒྲུབ་ཀྱི་རྗེས་གནང་ལ། 6

10 མགོན་པོ་དབང་རྒྱལ་གྱི་རྗེས་གནང་ལ། 6

11 ཚེ་བདག་མགོན་པོའི་རྗེས་གནང་ལ། 10

12 མགོན་པོ་ཕྱུག་དྲུག་པ་བྲམ་ཟེ་ཆེན་པོ་ས་ར་ཧའི་ལུགས་ཀྱི་རྗེས་གནང་ལ། 8

13 ལྷ་བཞིའི་དྲིལ་སྒྲུབ་ཀྱི་དབང་ལ། 9

14 མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་ལ། 9

15 མགོན་པོ་སྙིང་བཞུགས་མའི་རྗེས་གནང་གི་ཆོ་ག་ཐུན་མོང་མ་ཡིན་པ་ལ། 6

16 མགོན་པོའི་ཕྱུག་མཚན་སོགས་བརྟུལ་ཞུགས་ཀྱི་རྗེས་གནང་ལ། 4

17 མགོན་པོ་ཕྱུག་དྲུག་པའི་མངོན་རྟོགས་ལ། 4

18 སྤྱིའི་གཏོར་དབང་བྱ་ཚུལ་དང་བྱིན་རླབས་བཅས་ལ། 4

19 ཆོས་སྐྱོང་རྣམ་ཐོས་སྲས་ལྔ་ཕྲག་གསུམ་གྱི་རྗེས་གནང་བྱ་ཚུལ་གྱི་ཆོ་ག་ནག་འགྲོས་སུ་བཀོད་པ་ཟ་མ་ཏོག་ལ།101

དཀར་ཆག་ལ། 2

01112 ཅ་

1 གཙུག་ཏོར་འཁོར་བསྒྱུར་གྱི་བསྙེན་ཡིག་དངོས་གྲུབ་འདོད་འཇོ་མི་ཤིག་རྡོ་རྗེའི་གུར་ཁང་དང་བཅས་པ་ལ། 22

2 དཔལ་གཙུག་ཏོར་འཁོར་བསྒྱུར་གྱི་འཇམ་པོ་གསུམ་གྱི་སྦྱིན་སྲེག་བྱ་ཚུལ་བདེ་ཆེན་གཡས་སུ་འཁྱིལ་བའི་དུང་སྒྲ་ཞེས་བྱ་བ་ལ། 20

3 དཔལ་གཙུག་ཏོར་འཁོར་བསྒྱུར་གྱི་གཙོ་བོའི་ཁྲོ་བོ་བཅུའི་སྒོ་ནས་གཏོར་བཟློག་བྱ་ཚུལ་མཚོན་གྱི་འཁོར་ལོ་འབར་བ་ལ། 23

4 འཇམ་དཔལ་གཤིན་རྗེའི་གཤེད་ལ་ཁྲོ་བཅུས་བསྐོར་བའི་སྒོ་ནས་དྲག་པོའི་སྦྱིན་སྲེག་བྱ་ཚུལ་བསྐལ་མེའི་འཁོར་ལོ་ཞེས་པ་ལ། 20

5 གཙུག་ཏོར་འཁོར་བསྒྱུར་གྱི་ཚོགས་མཆོད་ལྷ་མཆོག་དགྱེས་པའི་དགའ་སྟོན་ལ། 3

6 གཤིན་རྗེའི་གཤེད་གཙོ་བོར་བྱས་པའི་སྟོབས་ཆེན་ཁྲོ་བོ་བཅུའི་སྲུང་འཁོར་སྒོམ་ཚུལ་འཇིགས་མེད་རྡོ་རྗེའི་གུར་ཁང་ལ། 9

7 དེའི་བཀའ་སྡོད་སྲུང་མའི་གཙོ་བོ་ཆོས་རྒྱལ་དཀར་པོའི་སྒོ་ནས་ཞི་བའི་གཏོར་སྒྲུབ་འདོད་དགུའི་དཔག་བསམ་ལྗོན་པ་ལ། 23

8 དེའི་བཀའ་སྡོད་སྲུང་མའི་གཙོ་བོ་ཆོས་རྒྱལ་སེར་པོའི་སྒོ་ནས་རྒྱས་པའི་གཏོར་སྒྲུབ་རིན་ཆེན་དཔག་བསམ་ལྗོན་པའི་སྙིང་པོ་ལ། 17

9 གསང་སྒྲུབ་ཀྱི་དབང་གི་གཏོར་སྒྲུབ་ཁམས་གསུམ་མགྲོན་དུ་འགུགས་པའི་ལྕགས་ཀྱུ་ལ། 13

10 ཆོས་རྒྱལ་རིགས་བཞིའི་སྒོ་ནས་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་བཞིའི་ཡེ་ཤེས་མེ་འོད་ལ། 45

11 དམ་ཅན་ཆོས་རྒྱལ་གྱི་ཚོགས་མཆོད་རྣལ་འབྱོར་དགྱེས་པའི་དགའ་སྟོན་ལ། 2

12 བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་སྐྱེ་བཀའ་སྡོད་ཆོས་རྒྱལ་ནང་སྒྲུབ་རིགས་ལྔའི་གཏོར་བཟློག་མེ་ལྟུང་འཁྲུགས་པའི་མཚོན་གྱི་འཁོར་ལོ་ལ། 14

13 དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་སྒྲུབ་རྐྱང་པའི་གཏོར་བཟློག་བསྟན་དགྲ་གཞོམ་པའི་མེ་ལྟུང་འབར་བའི་མཚོན་གྱི་འཕྲུལ་སྒྱོགས་ལ། 814 ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྒོ་ནས་ཞི་རྒྱས་དབང་གསུམ་གྱི་གཏོར་སྒྲུབ་བྱ་ཚུལ་འཕྲིན་ལས་བང་མཛོད་ཅེས་བྱ་བ་ལ། 18

15 བཅོམ་ལྡན་འདས་དཔལ་གསང་བའི་བདག་པོའི་སྒོ་ནས་གཏོར་བཟློག་བྱ་ཚུལ་གནམ་ལྕགས་རྡོ་རྗེའི་མཚོན་ཆ་ལ།15

16 དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་བཟློག་ནག་ཕྱོགས་གཡུལ་ལས་རྒྱལ་བའི་མཚོན་ཆ་ལ། 16

17 འཕགས་པ་འཇམ་དཔལ་ནག་པོའི་གཏོར་ཟོར་བྱེད་པའི་ཆོ་ག་མི་ཤེས་གཅོད་པའི་རལ་གྲི་ལ། 9

01113 ཆ་

1 གཡུ་ཐོག་སྙིང་ཐིག་རིགས་བསྡུས་ཀྱི་སྒྲུབ་ཐབས་བདུད་རྩིའི་སྙིང་པོའི་ཡང་སྙིང་འཆི་མེད་དཔལ་སྟེར་ལ། 12

2 སྨན་བླ་དྲིལ་སྒྲུབ་རིགས་བསྡུས་དབང་ཀུན་འདུས་པའི་སྒྲོན་མེ་གསལ་བར་བྱེད་པའི་ཉིན་བྱེད་འོད་སྟོང་ལ། 12

3 ཡི་དམ་དཔལ་ཆེན་ཕུར་བུའི་བསྙེན་ཡིག་རྩ་གསུམ་དགྱེས་པའི་རོལ་གར་ལ། 20

4 སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་དངོས་གྲུབ་རྣམ་གཉིས་ཀྱིས་བཀང་བའི་པདྨ་ར་གའི་ཟ་མ་ཏོག་ལ། 15

5 དེའི་སྟ་གོན་རིན་པོ་ཆེའི་སྙེ་མ་ལ། 15

6 དེའི་དབང་བསྐུར་ཆོ་ག་པདྨ་ར་གའི་སྲད་བུར་བརྒྱུས་པའི་བསམ་འཕེལ་དབང་གི་རྒྱལ་པོའི་ཕྲེང་བ་ལ། 61

7 དེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་མཆོད་བྱས་པའི་སྔོན་འགྲོའི་རིམ་པ་རྣམས་གསལ་བར་བཀོད་པ་པདྨ་ར་གའི་མེ་འོད་ལ། 26

8 དེའི་ཞི་རྒྱས་དབང་གསུམ་གྱི་གཏོར་སྒྲུབ་བྱ་ཚུལ་དངོས་གྲུབ་རོལ་མཚོ་ལ། 15

9 རྒྱལ་ཆེན་གནོད་སྦྱིན་ཙི་དམར་གྱི་སྒོ་ནས་གདབ་ལས་བྱེད་ཚུལ་གྱི་འདོན་བསྒྲིགས་ལ། 5

10 སྲོག་བདག་བཙན་རྒོད་ཆེན་པོའི་བསྐང་བཤགས་གསོལ་མཆོད་རྒྱས་པ་འདོད་དགུའི་རེ་སྐོང་ལ། 16

11 དེའི་ཚོགས་མཆོད་འཕྲིན་ལས་མྱུར་གྲུབ་ལ། 5

12 དེའི་བསངས་མཆོད་འདོད་དགུའི་ཆར་འབེབས་ལ། 3

13 དེའི་གསེར་སྐྱེམས་མངའ་གསོལ་བཀྲ་ཤིས་རྣམས་ལ། 3

14 ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་སྒོ་ནས་བཟློག་གཏོར་གྱི་ལས་རིམ་དམ་ཉམས་སྲོག་གཅོད་རལ་གྲི་ལ། 5

15 དེའི་གཏོར་བཟློག་རྒྱས་འབྲིང་བསྡུས་གསུམ་གྱི་ཆོ་ག་མེ་ལྟུང་འཁྲུགས་པའི་མཚོན་ཆ་ལ། 34

16 དེའི་གནོད་བྱེད་འགོངས་པོ་བསྲེག་ཆོག་འཇིགས་རུང་རྡོ་རྗེ་མེ་དཔུང་ལ། 13

17 དེའི་མི་ཁ་གཅོད་ཚུལ་འཇིགས་རུང་རལ་གྲི་ལ། 6

18 དེའི་མི་ཁ་དགྲ་བཟློག་གནོད་རྒྱལ་དམར་པོ་ལ། 6

19 དམ་ཅན་རྣམ་གསུམ་གྱི་བསངས་མཆོད་དགྱེས་པའི་མཆོད་སྤྲིན་ལ། 9

20 གསོ་བ་རིག་པའི་སྲུང་མ་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱི་སྒོ་ནས་བཟློག་ཅིང་བསྒྱུར་བའི་ཆོ་ག་ཆར་དྲག་ཐོག་མདའ་ལ། 7

21 ཞང་བློན་རྡོ་རྗེ་བདུད་འདུལ་ལ་ཚོགས་མཆོད་འབུལ་ཚུལ་དགྱེས་བསྐྱེད་དགའ་སྟོན་ལ། 3

22 འོད་ཟེར་ཅན་མའི་ཡུལ་ཁྲུས་བྱ་ཚུལ་མི་མཐུན་ཚ་གདུང་སེལ་བའི་ག་བུར་ཆུ་རྒྱུན་ལ། 6

23 བདེ་གཤེགས་བརྒྱད་ལ་བསངས་དང་མཆོད་གཏོར་འབུལ་ཏེ་འདོད་དོན་གསོལ་བ་འདེབས་པའི་ཚུལ་ལ། 3

24 ཕྱུག་ན་རྡོ་རྗེའི་རྣམ་འཕྲུལ་ཨེ་ཛིང་ཆིང་གེ་ས་རྒྱལ་པོའི་གསོལ་མཆོད་སོགས་བྱ་ཚུལ་འདོད་དགུ་འབྱུང་བའི་ཡིད་བཞིན་དབང་རྒྱལ་ལ། 5

25 བྱང་ཕྱོགས་ཧ་རུ་ལང་ཨུ་ཡ་ལ་ཞེས་པའི་ས་ཆའི་གནས་བདག་གི་གསོལ་མཆོད་དངོས་གྲུབ་ཆར་འབེབས་ལ། 4

26 བཀྲ་ཤིས་ལྷུན་པོའི་རིའི་གནས་བདག་ལ་གསོལ་མཆོད་འབུལ་ཚུལ་འདོད་དགུའི་བང་མཛོད་ལ། 3

27 བ་ཡན་ཞེས་པའི་རི་བོ་ལ་གནས་པའི་གཞི་བདག་གི་གསོལ་མཆོད་བསྐང་བཤགས་འདོད་དགུའི་བང་མཛོད་ལ། 6

28 ཇོ་གནང་ཐོར་གྲགས་པའི་རི་ཆེན་པོའི་གནས་བདག་ཡུལ་ལྷ་དཔའ་བ་ཆེན་པོའི་གསོལ་མཆོད་བསྐང་བཤགས་འཕྲིན་བཅོལ་འདོད་དགུའི་རྒྱ་མཚོ་ལ། 10

29 བྱང་ཕྱོགས་སྐྱོང་བའི་གནས་བདག་ཆེན་པོ་ཁུ་ཁེ་ཐེའི་ཧད་ཅེས་པའི་བསྐང་བཤགས་བྱ་བའི་རིམ་པ་ཡུལ་ལྷ་དགྱེས་པའི་མཆོད་པའི་སྤྲིན་ཕུང་ལ། 10

30 ཧོ་ཐ་ཧའང་ཞེས་སྨན་ཆེ་བདུད་རྩིའི་གནས་བདག་ལ་བསངས་མཆོད་འབུལ་ཚུལ་སྨན་མཆོག་བདུད་རྩི་ལ། 2

31ཧུ་ཏིར་ཁ་རུ་ལའི་གནས་གཞིའི་བདག་པོ་རྣམས་ལ་བསངས་མཆོད་འབུལ་ཚུལ་ལ། 3

32 ཨ་ར་ཀལ་ཞེས་པའི་རི་ཆེན་པོའི་གནས་བདག་ལ་གསོལ་མཆོད་དཔག་བསམ་ལྗོན་ཤིང་ལ། 3

33 རི་རྒྱལ་ཧང་འོ་ལའི་གསོལ་མཆོད་དཔག་བསམ་ལྗོན་པ་ལ། 3

34 བསྟན་སྲུང་དགྲ་ལྷ་མཆེད་དགུའི་གཏོར་བཟློག་ནག་ཕྱོགས་གཡུལ་ལས་རྒྱལ་བའི་མཚོན་ལ། 20

35 དཔལ་རྡོ་རྗེ་འཇིགས་བྱེད་དང་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་འཆི་བདག་གི་དུག་མཚོ་ལས་སྒྲོལ་བའི་གྲུ་གཟིངས་ལ། 19

36 རྒྱལ་པོ་སྐུ་ལྔའི་སྒོ་ནས་གཏོར་བཟློག་བྱ་ཚུལ་མི་མཐུན་གཡུལ་ལས་རྒྱལ་བའི་རུ་མཚོན་ལ། 26

37 ཁ་མཆེ་དཀར་ནག་ཞི་བར་བྱེད་པའི་བཟློག་བསྒྱུར་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་རུ་མཚོན་ལ། 9

38 གཟི་བརྗིད་རྒྱལ་མོའི་མཆོད་ཆོག་མདོས་ཟོར་འདོན་ཆ་གཅིག་ཏུ་བསྒྲིགས་པའི་མན་ངག་སྙིང་པོ་ལ། 15

39 རྒྱལ་ཆེན་བསེ་ཁྲབ་ཀྱི་སྒོ་ནས་འཕེན་པའི་གཤེགས་གཏོར་མི་མཐུན་གཡུལ་ལས་རྒྱལ་བའི་བ་དན་ལ། 6

40 དགེ་བཤེས་གྲྭ་པ་མངོན་ཤེས་ཀྱིས་བཀྲལ་བའི་ཟབ་གཏེར་འགོ་བའི་ལྷ་ལྔའི་འཁོར་ལོ་སྒྲུབ་སྐབས་ཀྱི་འདོན་བསྒྲིགས་ལ། 9

དཀར་ཆག་ལ། 3

0114 ཇ་

1 མྱུར་མཛད་མགོན་པོའི་བསྐང་བཤགས་མདོར་བསྡུས་ལ། 2

2 ལས་ཀྱི་མགོན་པོ་ལ་བསངས་མཆོད་འབུལ་ཚུལ་འདོད་དགུའི་དཔལ་སྟེར་ལ། 3

3 དཔལ་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་སྒོ་ནས་བཟློག་བསྒྱུར་འཕེལ་ཚུལ་གཡུལ་ལས་རྒྱལ་བའི་རུ་མཚོན་ལ། 6

4 དེའི་གཏོར་བཟློག་མཐུ་གཏད་བྲག་རི་འཇོམས་པའི་རྡོ་རྗེ་ལ། 9

5 དེའི་སྦྱིན་སྲེག་རབ་འབྱམས་འཕྲིན་ལས་སྒྲུབ་པའི་ཡེ་ཤེས་ཉི་འོད་ལ། 4

6 དེའི་གསེར་སྐྱེམས་དང་མངའ་གསོལ་ལ། 3

7 དེའི་ཞི་རྒྱས་དབང་གསུམ་གྱི་གཏོར་སྒྲུབ་བྱ་ཚུལ་དངོས་གྲུབ་གཏེར་མཛོད་གངྒྰའི་ཆུ་རྒྱུན་ལ། 9

8 ལས་ཀྱི་མགོན་པོའི་ཚོགས་མཆོད་བྱ་ཚུལ་འདོད་ཡོན་ཚིམ་བྱེད་བདུད་རྩི་ལ། 5

9 བསྟན་སྐྱོང་ཆེན་མོ་བཀྲ་ཤིས་ཚེ་རིང་མའི་བསྐང་བཤགས་བསྟོད་བསྐུལ་དང་བཅས་བསྟན་སྐྱོང་དགྱེས་པའི་ཏམྦུར་ལ། 13

10 ལྷ་མཆོག་མཧྰ་དེ་ཝའི་སྲས་མཆོག་རིག་པའི་ལྷ་མོའི་བསྐང་བཤགས་མྱུར་མགྱོགས་ཕོ་ཉ་ལ། 11

11 སྟོང་གསུམ་བདག་པོ་ཚངས་པ་ཆེན་པོའི་བསྐང་བཤགས་ལྷ་མཆོག་མཉེས་བར་བྱེད་པའི་དགའ་སྟོན་ལ། 10

12 རྗེ་བཙུན་སྒྲོལ་མའི་སྒོ་ནས་དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་ཚུལ་ངག་འདོན་ལ། 4

13 རྗེ་བཙུན་མ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་དངོས་གྲུབ་རྣམ་གཉིས་འགུགས་པའི་པདྨ་ར་གའི་ལྕགས་ཀྱུ་ལ། 15

14 ཕོངས་སེལ་སྒྲོལ་མའི་མན་ཌལ་བཞི་པ་དང་འབྲེལ་བའི་བུམ་པ་སྒྲུབ་ཚུལ་ཡིད་བཞིན་དབང་རྒྱལ་ལ། 8

15 ནོར་ལྷ་རྣམ་གཉིས་ལ་མར་གྱི་གཏོར་མ་འབུལ་ཚུལ་རིན་ཆེན་བང་མཛོད་ལ། 5

16 ནོར་ལྷ་རྣམས་ཀྱི་བུམ་སྒྲུབ་ཀྱི་ལག་ལེན་བཻཏྱའི་ཨ་དར་ཤ་ལ། 9

17 མགོན་དཀར་ཡིད་བཞིན་ནོར་བུའི་སྒོ་ནས་བུམ་པ་སྒྲུབ་ཚུལ་འདོད་པའི་རེ་སྐོང་ཡིད་བཞིན་དབང་རྒྱལ་ལ། 10

18 ནོར་ལྷ་རྣམས་ཀྱི་བུམ་སྒྲུབ་ཀྱི་འདོན་བསྒྲིགས་ནག་འགྲོས་སུ་བཀོད་པ་ཤེལ་དཀར་གྱི་སྲད་བུར་བརྒྱུས་པའི་བསམ་འཕེལ་དབང་གི་རྒྱལ་པོ་ལ། 19

19 འཕགས་པ་ཛམྦྷ་ལ་ལྷ་ལྔའི་སྒོ་ནས་བུམ་སྒྲུབ་དགོས་འདོད་རེ་བ་སྐོང་བའི་དཔག་བསམ་ལྗོན་པ་ལ། 7

20 ཛམྦྷ་ལའི་གཏོར་མ་འབུལ་ཚུལ་ལ། 2

21 ལྷ་མོ་ནོར་རྒྱུན་མའི་སྒོ་ནས་བུམ་སྒྲུབ་དགོས་འདོད་རེ་བ་སྐོང་བའི་ཡིད་བཞིན་ནོར་བུའི་བང་མཛོད་ལ། 9

22 ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་རིན་ཆེན་གཏེར་མཛོད་ལ། 5

23 རྒྱལ་ཆེན་རྣམ་སྲས་ཀྱི་བུམ་སྒྲུབ་འདོད་དགུའི་དཔལ་གཏེར་ལ། 23

24 དེའི་བུམ་པ་སྒྲུབ་ཚུལ་དགོས་འདོད་འབྱུང་བའི་དཔག་བསམ་ལྗོན་པ་ལ། 12

25 རྒྱལ་ཆེན་རྣམ་སྲས་མདུང་དམར་ཅན་གྱི་གཏོར་སྒྲུབ་ཀྱི་ཆོ་ག་དགོས་འདོད་ཡིད་བཞིན་ནོར་བུའི་བང་མཛོད་ལ། 17

26 རྣམ་སྲས་རྟ་སྔོན་མདུང་དམར་ཅན་གྱི་གཏོར་བཟློག་གི་ཆོ་ག་གཡུལ་ལས་རྒྱལ་བའི་རུ་མཚོན་ལ། 8

27 རྒྱལ་ཆེན་མདུང་དམར་ཅན་ལ་མཆོད་གཏོར་འབུལ་ཚུལ་མདོར་བསྡུས་རྒྱལ་ཆེན་མཉེས་པའི་དགའ་སྟོན་ལ། 4

28 རྣམ་སྲས་མདུང་དམར་ཅན་གྱི་མཆོད་འབུལ་རབ་འབྱམས་ཞིང་ཀུན་འགེངས་པའི་རྒྱལ་ཆེན་དགྱེས་པའི་མཆོད་སྤྲིན་ལ། 3

29 དེའི་མངའ་གསོལ་ཆོས་དུང་གཡས་འཁྱིལ་གྱི་རང་སྒྲ་ལ། 2

30 གསང་སྤྱོད་སྙན་བརྒྱུད་ལས་དཀར་འགྱེད་སོགས་ཀྱི་དམིགས་པ་རྣམས་ངག་འདོན་ཏུ་བསྒྲིགས་པ་འཛད་མེད་ལུས་ཀྱི་མཆོད་སྦྱིན་ལ། 5

31 རྗེ་བཙུན་ཁྲོས་མ་ནག་མོའི་སྒོ་ནས་མེ་ལྷའི་བསྙེན་པ་དང་དེའི་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་གྱི་འདོན་བསྒྲིགས་ལ། 9

32 ཡུམ་ཆེན་མོ་མ་ཅིག་ཁྲོས་མ་ནག་མོའི་བཅུ་ཆའི་སྦྱིན་སྲེག་གི་འདོན་བསྒྲིགས་ཉེར་མཁོའི་ཡིག་ཆུང་དང་བཅས་པ་ལ། 13

33 ཡུམ་ཆེན་མོ་མ་ཅིག་ཁྲོས་མ་ནག་མོའི་རྒྱས་པའི་སྦྱིན་སྲེག་གི་འདོན་བསྒྲིགས་ལ། 5

34 རྗེ་བཙུན་ཁྲོས་མ་ནག་མོའི་སྒོར་ནས་འཆི་བ་བླུ་བའི་ཆོ་ག་གཤིན་རྗེ་ཚོགས་རྣམས་དགྱེས་པའི་མཆོད་སྤྱིན་ལ། 24

35 བཀའ་འགྱུར་རིན་པོ་ཆེའི་འཁོར་ལོ་བཞེངས་པའི་སྨོན་ཚིག་དོན་གཉིས་དོན་གྲུབ་ལ། 9

01115 ཉ་

1 དཔལ་སྟོབས་འཕྲོག་དབང་པོ་རྡོ་རྗེ་གདོང་བཞི་པ་རྣམ་འགྱུར་མི་འདྲ་བ་དུ་མའི་རྗེས་གནང་གི་ཆོ་ག་གསལ་བར་ནག་འགྲོས་སུ་བཀོད་པ་དམ་ཉམས་ཀུན་གྱི་སྲོག་གཅོད་རལ་གྲིའི་རྣོ་ངར་ལ། 174

2 དཔལ་སྟོབས་འཕྲོག་ནག་པོ་གསང་སྒྲུབ་ཀྱི་རྗེས་གནང་གི་ཆོ་ག་ནག་འགྲོས་སུ་བཀོད་པ་དམ་ཉམས་དགྲ་བོའི་ཙིཏྟ་དམར་འབྱིན་ལ། 19

3 དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་སྒོ་ནས་སྟོབས་ཆེན་ཤུགས་བཟློག་བྱ་ཚུལ་དགྲ་བགེགས་བྱད་མ་ཐལ་བར་བརླག་པའི་གནམ་ལྕགས་རྡོ་རྗེའི་ཐོག་ཆར་ལ། 32

4 དཔལ་མགོན་ཞལ་བཞིའི་གཏོར་མ་དང་འབྲེལ་བའི་བན་བོན་མཚན་གསོལ་ནག་ཕྱོགས་གཡུལ་ལས་རྒྱལ་བའི་རུ་མཚོན་ལ། 22

5 ཞིང་སྐྱོང་ཆེན་པོའི་ལས་བཞིའི་འཕྲིན་བཅོལ་རྡོ་རྗེ་སྒྲ་དབྱངས་ལ། 5

6 ཕྱུག་ན་རྡོ་རྗེ་གོས་སྔོན་ཅན་གྱི་ས་ཆོག་བྱ་བའི་ཆོ་ག་གསལ་བར་བཀོད་པ་ཕྱུག་ན་རྡོ་རྗེའི་ཞལ་བཟང་བལྟ་བའི་བཻེཏྱའི་ཨ་དརྴ་ལ། 21

7 དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་སྒྲུབ་ཀྱི་རྗེས་གནང་བསྐུར་ཚུལ་ལ། 8

8 དེའི་ནང་སྒྲུབ་ཀྱི་རྗེས་གནང་བསྐུར་ཚུལ་ལ། 15

9 དེའི་གསང་སྒྲུབ་ཀྱི་རྗེས་གནང་བསྐུར་ཚུལ་ལ། 11

10 དཔལ་ལྡན་ལྷ་མོའི་སྒོ་ནས་མི་ཁ་དགྲ་བཟློག་བྱ་ཚུལ་གནམ་ལྕགས་རྡོ་རྗེའི་ལྷུན་བརྩེགས་ལ། 11

11 མདོ་སྡེ་བརྒྱད་བརྒྱ་བའི་འདོན་ཐབས་བཻེཏྱའི་ཞིང་ཁམས་སུ་བགྲོད་པའི་ལམ་བཟང་ལ། 3

12 རྒྱལ་བ་བྱམས་པའི་ལྷ་བཤོས་འབུལ་ཆོག་བྱམས་མགོན་དགྱེས་པའི་དགའ་སྟོན་ལ། 7

13 མི་གཡོ་མགོན་པོ་ལྷ་དགུའི་སྒོ་ནས་གཏོར་བཟློག་བྱ་ཚུལ་བསྟན་དགྲ་རྗེས་མེད་དུ་བརླག་པའི་གནམ་ལྕགས་ཐོག་ཆར་ལ། 42

14 བཀའ་འགྱུར་འདོན་པའི་སྨོན་ཚིག་ལ། 2

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཆོས་རྗེ་ངག་དབང་བློ་བཟང་དོན་གྲུབ་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་འཁྲུངས།སྤྱི་ལོ་1910 ནང་ཁོང་གིས་གསུང་འབུམ་བཀའ་རྩོམ་གནང་འདུག་མཛད་རྣམ་ཞིབ་པ་མ་རྙེད།གསུང་འབུམ་པོད་བརྒྱད་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།