རྟ་ཚག་སྐུ་ཕྲེང་བཅུ་པ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག
པར་པོད།ཤོག་གྲངས།
01058
ཨོ། ལྷ་དང་བཅས་པའི་སྐྱེ་རྒུ་མ་ལུས་པའི་གཙུག་ནོར་རྟ་ཚག་རྗེ་དྲུང་ཧོ་ཐོག་ཐུ་ཡོངས་འཛིན་སྲིད་སྐྱོང་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་སྲིད་ཞིའི་མཛེས་ལྡན་ལ། 60
ཀསྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བླ་བརྒྱུད་གསོལ་འདེབས་དང༌།ཚེ་རིལ་སྒྲུབ་ཚུལ།སྨོན་ལམ་བཅས་ལ། 3
ཁབླ་མའི་རྣལ་འབྱོར་དངོས་གྲུབ་ཆོག་གྲོལ་ལ། 2
གཆབ་ཤོག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 13
ངདངུལ་ཆུ་བླ་མ་རིན་པོ་ཆེ་འཇམ་དབྱངས་རྡོ་རྗེ་ལ་སྤྲུལ་བའི་ཞུ་འཕྲིན་སྙན་ཚིག་ལ། 3
ཅགོང་ས་རྒྱལ་དབང་འཕྲིན་ལས་རྒྱ་མཚོར་བཅུ་གསུམ་དགུང་སྐེག་གི་ཞབས་བརྟན་སྤྲུལ་བའི་མན་ཌལ་བཤད་ཟིན་ལ།22
ཆགོང་མ་ཆེན་མོར་ཞབས་བརྟན་འབུལ་སྐབས་མན་ཌལ་བཤད་པ་འདོད་པའི་རེ་སྐོང་ལ། 3
ཇབྱ་ཕུད་དགེ་ལྡན་མདོ་སྔགས་དར་རྒྱས་གླིང་གི་བཅའ་ཡིག་ལ། 9
ཉདགེ་ལྡན་ཐུབ་བསྟན་དར་རྒྱས་གླིང་གི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་ལ། 9
ཏབཀྲ་ཤིས་ཆོས་འཁོར་གླིང་གི་བཅའ་ཡིག་གསལ་བའི་མེ་ལོང་ལ། 8
ཐདགེ་ལྡན་ལུགས་བཟང་རྣམ་པར་རྒྱལ་བའི་སྡེ་གསར་འཛུགས་བགྱིས་པའི་དགེ་འདུན་རྣམས་ཀྱི་་བཅའ་ཁྲིམས་ཀུན་གསལ་སྒྲོན་མེ་ལ། 8
དཆོས་སྡེ་ཆེན་པོ་ཞྭ་ལུ་རི་ཕུག་གི་བཅའ་ཁྲིམས་ཡི་གེ་རབ་གསལ་ནོར་བུ་ལ། 11
ནབླ་མ་ཆོས་སྲུང་རྣམས་ལ་སྙན་ཤལ་སོགས་འབུལ་སྐབས་སྨོན་ཚིག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ཚོགས་གཉིས་གསེར་གྱི་སྙེ་མ་ལ། 34
པམངའ་རིས་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་དྲང་སྲོང་བདེན་ཚིག་ལ། 12
ཕརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་འཁྲུངས་ལྷའི་གསོལ་མཆོད་དགེ་མཚན་ཚེ་དཔལ་འགུགས་པའི་ལྕགས་ཀྱུ་ལ། 3
བརྡོ་རྗེ་ཀུན་གྲགས་མའི་མཆོད་གཏོར་འབུལ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། 7
དཀར་ཆག་ལ། 2
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅།།རྟ་ཚག་སྐུ་ཕྲེང་བཅུ་པ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ནི་ཡུལ་ཡར་ལུང་སྡེ་པ་ཡབ་ཚེ་རིང་དར་རྒྱས་དང༌།ཡུམ་ཨ་ལགས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་1850 ལོར་འཁྲུངས།མཚན་ནོར་བུ་དོན་གྲུབ་གསོལ།དགུང་ལོ་བཞི་ལ་ཕེབས་སྐབས་ལྷ་ས་ཀུན་བདེ་གླིང་དུ་གདན་དྲངས།རྭ་སྒྲེང་སྐུ་ཕྲེང་བཞི་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ལ་གཙུག་ཕུད་སྤྲུལ་བར་མཚན་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དུ་གསོལ།རྒྱུད་སྟོད་མཁན་ཟུར་ངག་དབང་ནོར་བུ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་བྲིས་ཀློག་དང་ཆོས་སྤྱོད་སོགས་ཀྱི་རིམ་པ་རྣམས་གསན་སྦྱོང་མཛད།དགུང་ལོ་དྲུག་ལ་བླ་བྲང་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་དབུ་ཚུགས།དགུང་ལོ་བཅུ་དགུ་ལ་ལྷོ་གནས་སུ་ཕེབས།དགུང་ལོ་ཉི་ཤུ་ལ་འོན་རྒྱལ་སྲས་ངག་དབང་ཐོགས་མེད་བསྟན་འཛིན་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་བསྒྲུབས།བྲག་རི་བློ་བཟང་ཆོས་འབྱོར་དང་ཕུར་ཅོག་བྱམས་པ་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་གསན།དགུང་ལོ་ཉེར་གཉིས་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཚན་རྟགས་མཛད།དགུང་ལོ་ཉེར་དྲུག་ནས་སོ་བདུན་བར་བོད་ཀྱི་རྒྱལ་ཚབ་མཛད།དགུང་ལོ་ཉེར་དགུ་ལ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡང་སྲིད་ངོས་འཛིན་གནང་སྟེ་གསེར་ཁྲིར་གདན་དྲངས།དགུང་ལོ་སོ་གསུམ་ལ་རྒྱལ་བའི་ཡོངས་འཛིན་མཛད་ནས་གོང་ས་མཆོག་གི་རབ་བྱུང་གི་སྡོམ་བཞེས།དགུང་ལོ་སོ་བདུན་ཏེ་མེ་ཁྱི་1886 ལོར་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn