བློ་བཟང་བསྟན་པ་ཆོས་འཕེལ་ལམ་འཁྲུལ་ཞིག་པ་གར་དབང་གི་གསུང་འབུམ་གྱི་དཀར་ཆག
པར་པོད།ཤོག་གྲངས།
01055 ཀ་
1 བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ཉམས་སུ་ལེན་ཚུལ་བཀའ་གདམས་མེས་པོའི་ཞལ་ལུང་ལ།15
2 བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཁྲིད་ཡིག་ལག་ལེན་དུ་བཀོད་པ་དངོས་གྲུབ་ཀུན་འབྱུང་ལ། 13
3 དུས་གསུམ་རྒྱལ་བ་ཀུན་གྱི་གཅིག་ཏུ་བསྡུས་པ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ལས་བཞིའི་འཁོར་ལོའི་རྣམ་གཞག་ལག་ཏུ་བླང་བ་མན་ངག་ནོར་བུའི་གན་མཛོད་ལ། 33
4 རང་དང་གཞན་གྱི་གྲུབ་པའི་མཐའི་རྣམ་པར་གཞག་པ་ལེགས་པར་བཤད་པ་རབ་གསལ་ཤེལ་དཀར་མེ་ལོང་ལ། 51
5 ལྷན་ཐབས་དབང་གི་རྒྱལ་པོའི་ཟུར་རྒྱན་སྙིང་ནོར་ལ། 42
6 སྨན་མར་གྱི་ལག་ལེན་བཅུད་དུ་བསྡུས་པ་བདུད་རྩི་ཞེས་བྱ་བ་ལ། 4
7 དུག་བཅོས་ཀྱི་མན་ངག་གཽ་རཀྵའི་གསུང་རྒྱུན་ཟུར་འདེབས་དངུལ་དཀར་དྭངས་པའི་ཨྰ་དརྴ་ཞེས་བྱ་བ་ལ། 5
8 ལབ་སྐྱབས་མགོན་མདོ་རྒྱུད་རྒྱ་མཚོས་མཛད་པའི་ཁྱུང་ལྔའི་ལག་ལེན་དང༌།ཆེང་དཔྱད་མཛེས་པའི་འཁོར་ལོ་བཤལ་གྱི་ལག་ལེན་རྡོ་རྗེ་ཕ་ལམ་བཅས་ཕྱོགས་གཅིག་ཏུ་བཀོད་པ་ལ། 12
9 བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་ཀྱི་ལྷན་ཐབས་དཔལ་གྲུབ་དབང་གུ་ཎྰའི་ཞལ་ལུང་འཆི་མེད་ཚེ་ཡི་བདུད་རྩིའི་ཟིལ་མངར་ལ། 75
10 འཕགས་ཡུལ་གྲུབ་པའི་རིག་འཛིན་དྲང་སྲོང་ཆེན་པོའི་མན་ངག་སྙན་བརྒྱུད་བཀའ་རྒྱ་མ་བཀླག་ཆོག་ཏུ་བཀོད་པ་དུག་རིགས་དྲི་མ་འཁྲུད་བྱེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་ལ། 11
11 འཕགས་མཆོག་ཛམྦྷ་ལ་སེར་པོའི་སྒོ་ནས་མི་འཛད་ནམ་མཁའི་མཛོད་ལ་མངའ་བསྒྱུར་བ་གཏེར་ཆེན་པོའི་བུམ་པ་བཟང་པོ་སྒྲུབ་པའི་ཆོ་ག་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ལ། 26
12 ཆེ་སྦྱིན་ལ། 2
13 དཔལ་དབང་ཆེན་གར་གྱི་དབང་ཕྱུག་དགྱེས་རབ་རྡོ་རྗེའི་རྟོགས་བརྗོད་འཇིགས་མེད་སྙན་འགྱུར་རྡོ་རྗེའི་སྒྲ་དབྱངས་ལ། 6
14 དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་རྗེ་བཙུན་བླ་མ་ལུང་དུ་བསྟན་པའི་ཚུལ་བཤད་པ་དད་པ་རྒྱ་མཚོའི་འབྱུང་གནས་ལ། 15
15 དཔལ་རྟ་མཆོག་རོལ་པའི་རྒྱུད་ལས་དབང་ཆེན་མིའི་གར་གྱི་དབང་ཕྱུག་གསང་ཆེན་དགྱེས་གུར་རབ་ཏུ་སྤེལ་བའི་རྡོ་རྗེ་སློབ་དཔོན་ཇི་ལྟར་བྱུང་བའི་ཚུལ་ལུང་དུ་བསྟན་པའི་ལུང་བསྟན་གྱི་རྣམ་པར་བཤད་པ་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་ལ། 7
16 སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་བསྡུས་པ་བྱིན་རླབས་འདོད་དགུའི་ཆར་འབེབས་ལ། 4
01056 ཁ་
1 ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་བསྟན་བཅོས་མངོན་པར་རྟོགས་པའི་ལྡན་གྱི་རྣམ་བཤད་གཉིས་ཀྱི་དཀའ་གནད་གསལ་བར་བཤད་པ་ཕར་ཕྱིན་གྱི་གཞུང་འགྲེལ་མི་ཕམ་ཞལ་ལུང་ལེགས་བཤད་མཁས་པའི་དགོངས་ལྡན་ལ།145
2 བསྟན་བཅོས་ཆེན་མོ་དབུ་མ་ལ་འཇུག་པའི་གཞུང་ལ་ཐོས་བསམ་བྱ་བའི་ཚུལ་འཇམ་དབྱངས་ཞལ་ལུང་མཁས་པའི་དགོངས་ལྡན་ལ། 168
01057 ག་
1 རྒྱུད་དོན་བསྡུས་པའི་བླ་མ་ལྔ་བཅུ་པ་པན་ཌི་ཏ་ཆེན་པོ་བློ་གྲོས་རྣམ་པར་བཀྲ་བའི་མཛད་པ་ལ་མཆན་འགྲེལ་གསུང་བཤད་ཟིན་བྲིས་སུ་བཏབ་པ་དགྱེས་པའི་ཀུན་བཟང་མཆོད་སྤྲིན་ལ། 21
2 སྦྱོང་རྒྱུད་རྣམ་སྣང་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པའི་སྟ་གོན་གྱི་ཆོ་ག་ལ། 17
3 ཁྱབ་བདག་རྣམ་སྣང་ཆེན་པོའི་དཀྱིལ་འཁོར་དུ་བཞུགས་པའི་དངོས་གཞིའི་ཆོ་ག་ལ། 48
4 དཔལ་འཁོར་ལོ་སྡོམ་པའི་ལྷ་ལྔའི་དབང་གི་སློབ་མ་སྟ་གོན་གྱི་སྐོར་རིམ་པ་གཞུང་འགྲེལ་ལ། 18
5 དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དངོས་གཞིའི་ཆོ་ག་གཞུང་མཆན་འགྲེལ་དང་བཅས་པ་ཕྱོགས་གཅིག་ཏུ་བཀོད་པ་ལ། 42
6 དཔལ་གསང་བ་འདུས་པའི་དབང་གི་སློབ་མ་སྟ་གོན་གྱི་ཆོ་ག་ལ། 28
7 རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་གི་ཆོ་ག་ཚིག་དོན་མཆན་འགྲེལ་དང་བཅས་པ་གསལ་བར་བྱེད་པ་རིག་འཛིན་ཀུན་ད་བཞད་པའི་ཟླ་ཟེར་ལ། 94
8 སྔགས་ཀྱི་ལམ་གྱི་རྣམ་པར་གཞག་པ་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 20
9 ཐུན་མོང་མིན་པའི་རྣམ་ཐར་ཤིན་ཏུ་གསང་བ་རྟོགས་བརྗོད་འཇིགས་མེད་སྙན་འགྱུར་རྡོ་རྗེའི་སྒྲ་དབྱངས་ཀྱི་འགྲེལ་པ་ལ། 13
10 དྲག་སྔགས་མངོན་དཔྱོད་ཀྱི་རྣམ་གཞག་སྔགས་པ་ཧོམ་ཁུང་སྒོ་ནས་འཚང་རྒྱ་བའི་ལོ་རྒྱུས་དབང་ཆེན་ཁྲོས་པའི་གད་རྒྱངས་ལ། 4
11 དྲག་པོའི་ལས་ལ་བསྐུལ་བའི་མཁྱེན་དགོངས་དམ་ཉམས་གསོད་པའི་མཚོན་ཆ་ལ། 7
12 རྟོགས་པའི་ཉམས་མགུར་རྩོལ་མེད་དོན་གྲུབ་ལ། 2
13 མཁའ་འགྲོའི་རྟགས་བསྟོད་ལ། 6
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅།།བློ་བཟང་བསྟན་པ་ཆོས་འཕེལ་ལམ་འཁྲུལ་ཞིག་པ་གར་དབང་ནི་མདོ་ཁམས་ལྡན་མ་ཁུལ་དུ་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་ལ་འཁྲུངས།རྗེ་འདི་མཁན་ཆེན་ཡོན་ཏན་དཔལ་གྱི་ཀྱི་སྤྲུལ་ཡིན་པ་དང༌།སེ་རར་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་མཛད།པཎ་ཆེན་བསྟན་པའི་ཉི་མ་མཆོག་དང༌།སྐལ་རྗེ་བཟང་མཁས་གྲུབ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།ལྷག་པར་འཇམ་བཞད་སྐུ་ཕྲེང་བཞི་པའི་ཡབ་ཀྱི་ས་ནས་སྨན་
གཞུང་ལ་སྦྱོང་བ་མཛད་ནས་ན་པ་མཁས་པར་གྲགས།རྗེ་འདིས་འཇམ་བཞད་བློ་བཟང་མཁས་གྲུབ་དང་རྭ་སྒྲེང་ངག་དབང་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་ལ་ཆོས་མང་དུ་གསུངས་འདུག་འདི་ཉིད་ཀྱི་མཛད་རྣམ་ཞིབ་པ་མེད།གསུང་འབུམ་པོད་གསུམ་བཞུགས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn