རྗེ་བཙུན་ངོ་མཚར་གཞན་ཕན་ནམ་སངས་རྒྱས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 09:01:28     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་བོད།ཤོག་གྲངས།

01001

ཀ་

1ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལ་བརྟེན་པའི་ལམ་རིམ་སྔོན་འགྲོ་བྱོར་བའི་ཆོས་དྲུག་བྱིན་རླབས་ཀུན་འབྱུང་ལ། 20

2 འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལབླ་མའི་རྣལ་འབྱོར་དང་འེལ་པའི་སྟོང་མཆོད་འབུལ་བའི་ཆོ་ག་དངོས་གྲུབ་གྲུ་ཡོངས་འདུའི་སྙེ་མ་ལ། 13

3 བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་རྣམས་ཀྱི་གསོལ་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བཀོད་པ་བྱིན་རླབས་མྱུར་འཇུག་ལ། 41

4 རྗེརྒྱལ་བ་ཚང་དབྱངས་རྒྱ་མཚོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་གསེར་གྱི་བུམ་བཟང་ལ། 6

5 སྟོན་པའི་སྐྱེས་རབས་དང་སྦྱར་བའི་ཕར་ཕྱིན་དྲུག་ལྡན་གྱི་སྨོན་ཚིག་རྒྱལ་སྲས་དཔའ་བོའི་རྡོ་རྗེའི་སྒྲ་དབྱངས་ལ། 52

6 རྗེརྒྱལ་བ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ལ་བརྟེན་པའི་སྟོང་མཆོད་ཀྱི་ཆོ་ག་ཙིནྟ་མ་ནིའི་ཕྲེང་བ་ལ། 51

7 དུས་གསུམ་རྒྱལ་བའི་སྦྱི་གཙུག་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་བརྟེན་པའི་རིལ་སྒྲུབ་ཀྱི་ཆོ་ག་ལ། 10

8 སྟོན་པ་ཐུབ་པའི་དབང་པོ་ལ་བརྟེན་པའི་སྟོང་མཆོད་ཀྱི་ཆོ་ག་སྦྱོར་ཆོས་དང་འབྲེལ་པར་འཆད་པ་མུ་ཏིག་དཀར་པོའི་ཕྲེང་བ་ལ། 19

9 མདོ་མཛངས་བླུན་གྱི་རྟོགས་བརྗོད་དང་འབྲེལ་པའི་སྨོན་ལམ་འགྲོ་བའིགདུང་སེལ་རྒྱལ་སྲས་དཔའ་བོའི་རིན་ཆེན་ཐེམ་སྐས་ལ། 9

10 སྨོན་ལམ་ཤོག་གཉིས་མ་ལ། 2

11 རྟོགས་པ་བརྗོད་པ་བརྒྱ་པའི་སྡོམ་ཚིག་ཐར་པར་བགྲོད་པའི་འཇུག་ངོགས་ལ། 27

12 སྐྱེས་བུ་ཆུང་ངུའི་སྐོར་གྱི་བསླབ་བྱ་མདོར་བསྡུས་ཐར་པར་འདྲེན་བྱེད་ལ། 4

13 བློ་ལྡན་ཆོས་ལ་བསྐུལ་བྱེད་ཀྱི་མི་རྟག་པའི་གཏམ་སྦྱོར་ཡིད་འཕྲོག་རིན་ཆེན་ལ། 8

14 ཐོས་པ་རྒྱ་མཚོའི་དོན་མདོ་ཙམ་དུ་བཀྲལ་བ་ཤེས་རབ་མིག་འབྱེད་ལ། 9

15 ལས་བརྒྱ་ཐམ་པའི་སྡོམ་ཚིག་བླང་དོར་གསལ་བའི་མེ་ལོང་ལ། 32

16 སྟོན་པ་སངས་རྒྱས་འཇིག་རྟེན་ཐུགས་བརྩེ་ཅན་གྱི་སྐྱེས་རབས་སོ་བཞི་དང་སྦྱར་བའི་སྨོན་ཚིག་ལ། 6

01002ཁ་

1 ཟབ་ལམ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ལ།13

2 བླ་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་མན་ངག་ལ། 6

3 འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཆ་ལག་དང་བཅས་པའི་ཆུ་རྒྱུན་ལ། 24

4 ཡིད་བཞིན་འཁོར་ལོ་ལ་བརྟེན་པའི་ཚེའི་རིལ་སྒྲུབ་ཀྱི་ཆོ་ག་འཆི་མེད་ཕན་བདེའི་ཉིན་བྱེད་ལ། 11

5 དེའི་མན་ཌལ་བཞི་ཆོག་འཆི་མེད་བདུད་རྩིའི་མཆོག་སྦྱིན་ལ། 18

6 དེའི་བསྟོད་པ་འཆི་མེད་མཆོག་གྲལ་དང་དམ་པ་གོང་མའི་གསུང་བྱིན་ཅན་ལ། 3

7 དེའི་ཚེ་སྒྲུབ་དང་འབྲེལ་བའི་སྟོང་མཆོད་ཀྱི་ཆོ་ག་བདུད་རྩིའི་དགའ་སྟོན་ལ། 28

8 དེའི་མཐོལ་བཤགས་ལ། 1

9 དེའི་ཚེ་སྒྲུབ་འཁྱེར་བདེ་གཞན་ཕན་ལ། 15

10 དེའི་ཚོགས་མཆོད་ཀྱི་ཆོ་ག་ལ། 13

11 དེའི་བསྙེན་ཡིག་རྒྱས་པ་ལ། 42

12 དེའི་བསྙེན་པའི་ཁ་སྐོང་ཉེར་མཁོའི་སྦྱིན་སྲེག་མདོར་བསྡུས་སྲིད་ཞིའི་གདུང་སེལ་ལ། 7

13 དེའི་སྦྱིན་སྲེག་ལ། 19

14 ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་ངག་འདོན་རྣམ་བཤད་དང་བཅས་པ་མན་ངག་བདུད་རྩིའི་རྒྱུན་བཟང་ལ། 16

15 དཔལ་རྡོ་རྗེ་འཇིགས་བྱེད་དང་འཇམ་དཀར་གྱི་ཞི་ཁྲོ་སྦྲགས་སྒྲུབ་བྱ་ཚུལ་ལ། 8

01003ག་

1 སྒྲ་མི་སྙན་གྱི་ཚེ་གཟུངས་དང་འབྲེལ་བར་རིལ་སྒྲུབ་བྱ་ཚུལ་གྱི་ཆོ་ག་བདུད་རྩིའི་མཆོག་སྦྱིན་ལ། 11

2 དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བདག་འཇུག་མདོར་བསྡུས་ལ། 18

3 བླ་མགོན་དབྱེར་མེད་ལ་བརྟེན་པའི་སྒྲིབ་སྦྱོང་བྱ་ཚུལ་གྱི་མན་ངག་ལ། 6

4 ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དབང་གི་བླ་མ་བརྒྱུད་བའི་གསོལ་འདེབས་ལ། 3

5 སྤྱན་རས་གཟིགས་དབང་ཕྱུག་ལྷ་ལྔའི་དཀྱིལ་འཁོར་སྒྲུབ་མཆོད་བདག་འཇུག་དང་བཅས་པ་ལ། 60

6 དེའི་ཚོགས་མཆོད་ཀྱི་ཆོ་ག་ལ། 5

7 འཕགས་པ་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཀླུ་བརྒྱད་ཀྱི་སྦྱིན་སྲེག་གི་ཆོ་ག་ལ། 23

8 གསང་བའི་ལས་མཁན་ཆེན་མོ་རྣལ་འབྱོར་དགྲ་ལྷ་སྲོག་གི་བདག་པོ་ཙེའུ་དམར་པོའི་འཕྲིན་ལས་དབང་དྲག་དུས་ཀྱི་ཕོ་ཉ་ལ། 3

9 སྐྱོབ་པ་མཚུངས་མེད་ཚེ་ལྷ་རྣམ་གསུམ་ལ་བརྟེན་པའི་ཚེ་སྒྲུབ་དང་འབྲེལ་བའི་སྟོང་མཆོད་ཀྱི་ཆོ་ག་འཆི་མེད་འོ་མཚོའི་གསེར་གྱི་བུམ་བཟང་ལ། 10

10 ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་ལ་བརྟེན་པའི་གཏོར་བཟློག་གི་སྐབས་སུ་ཉེ་བར་མཁོ་བའི་ཟུར་རྒྱན་གནམ་ལྕགས་འབར་བའི་གྲི་གུག་ལ། 11

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།རྗེ་བཙུན་ངོ་མཚར་གཞན་ཕན་ནམ་སངས་རྒྱས་རྒྱ་མཚོ་ནི་སོག་ཡུལ་དུ་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་འཁྲུངས།སྐུ་གཞོན་དུས་དགའ་ལྡན་བསྟན་རྒྱལ་གླིང་ལ་ཆོས་ཞུགས་མཛད་ནས།གཞུང་ཆེན་ལ་གསན་བསམ་མཛད།རྗེ་འདིས་རབ་བྱུང་བཅོ་ལྔ་པ་པའི་ལྕགས་ཁྱི་1900ལོ་བརྩམས་ཆོས་ནང་གསལ།རྗེ་འདིའི་རྣམ་ཐར་མེད་པས་ཞིབ་པ་མ་འཁོད།གསུང་འབུམ་པོད་གསུམ་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།