ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག
པར་པོད།ཤོག་གྲངས།
00970 ཀ་
1 ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དྷྭ་ཛའི་མཚན་ཅན་གྱི་རྟོགས་པ་མེ་ཏོག་ཕྲེང་བ་ལ། 21
2 རྒྱལ་སྲས་སེམས་དཔའ་ཆེན་པོ་རྗེ་བློ་བཟང་ལུང་རྟོགས་ཉི་མ་དཔལ་བཟང་པོའི་རྟོགས་བརྗོད་ཨུཏྤལ་འཁྲི་ཤིང་ལ། 25
3 བཀའ་དྲིན་མཚུངས་མེད་ཞང་སྟོན་རྡོ་རྗེ་འཆང་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་གཟུར་གནས་མཁས་པའི་གཙུག་ནོར་ལ། 107
4 བཀའ་དྲིན་མཚུངས་མེད་རྗེ་བཙུན་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་སྐུ་གདུང་མཆོད་རྟེན་གྱི་དཀར་ཆག་ནོར་བུའི་ཕྲེང་བ་ལ། 5
5 ཡིག་བརྒྱ་བཟླ་ཚུལ་སྙིང་གི་ཐུར་མ་ལ། 5
6 བླ་མའི་རྣལ་འབྱོར་བྱིན་རླབས་སྒོ་འབྱེད་ལ། 6
7 བྱང་ཆུབ་ལམ་གྱི་རིམ་པའི་བཤད་པ་ལུང་སྟོང་ཕྱུགས་རྫིའི་གླིང་བུ་ལ། 29
8 བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་རང་རྒྱུད་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་ལ། 32
9 མདོ་སྡེ་པདྨ་དཀར་པོ་ལས་བཏུས་པ་ལ། 13
10 དུས་འཁོར་གྱི་སྦྱིན་སྲེག་འོད་སྙེ་ལྟར་འབུལ་ཚུལ་ཉེར་མཁོའི་ལག་ཆ་ལ། 5
11 དམིགས་བརྩེ་མར་བརྟེན་ནས་སྒྲིབ་སྦྱོང་བྱ་ཚུལ་མདོར་བསྡུས་ལ། 3
12 དགུ་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣམ་པར་ཐར་པ་པད་དཀར་འཁྲི་ཤིང་ལ། 18
13 བྱང་ཆུབ་སེམས་དཔའི་ས་ལམ་བགྲོད་ཚུལ་ལ། 6
14 ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་སྤྱན་རས་གཟིགས་ལྷ་བཅུ་གསུམ་གྱི་རིལ་སྒྲུབ་ཀྱི་ཆོག་བསྒྲིགས་ལ། 8
15 རྗེ་བླ་མ་ལ་བརྟེན་པའི་མཆོད་པའི་ཆོ་ག་སྐྱ་རེངས་སྣང་བ་ལ། 16
16 ལམ་རིམ་གྱི་གསལ་བྱེད་འཇམ་མགོན་བསྟན་པའི་ཞབས་འདེགས་ལ། 11
17 དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་བྲག་དཀར་གྱི་གནས་བཤད་ཧེ་རུ་ཀ་དཔལ་དགྱེས་པའི་མཆོད་སྤྲིན་ལ། 12
18 ཐོབ་ཡིག་ལུང་ཆོས་གཏེར་གྱི་ཁ་བྱང་ལ། 11
19 ཛམ་དཀར་གཏེར་སྒྲུབ་ཀྱི་འདོན་བསྒྲིགས་ལ། 4
20 མི་ཏྲའི་རྒྱུད་སྡེ་འོག་མ་གསུམ་གྱི་དབང་ཆོག་གཡེར་ཤོང་བའི་གསུང་ནས་བླངས་པ་ལ། 7
21 ལྷག་ལྷ་དུ་མའི་བསྙེན་ཡིག་བླ་མ་ཡབ་སྲས་ཀྱི་གསུང་ལྟར་བཀོད་པ་ལག་ལེན་རབ་གསལ་ལ། 8
22 ལམ་རིམ་ཉམས་སུ་ལེན་ཚུལ་བདེ་ལེགས་འབྱུང་གནས་ལ། 9
23 འཁྲུངས་རབས་གསོལ་འདེབས་ལ། 2
00971 ཁ་
1 རྡོ་རྗེ་འཆང་ཞང་སྟོན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་ལས་ལྷག་ལྷ་དུ་མའི་སྒྲུབ་ཐབས་སྐོར་ལ། 22
2 ཡོན་ཏན་གཞི་གྱུར་མའི་འགྲེལ་པ་ཚིག་དོན་ཀུ་མུད་བཞད་པའི་ཟླ་འོད་ལ། 7
3 སྐྱབས་མགོན་ཐམས་ཅད་མཁྱེན་པས་མཛད་པའི་ལམ་རིམ་སྨོན་ཊིཀྐ་ལ། 10
4 ཞང་སྟོན་གྱི་བཀའ་འབུམ་ལས་བསྟོད་ཚོགས་ལ། 19
5 དམིགས་བརྩེ་མའི་སྙིང་པོ་ལ། 17
6 དགེ་ལྡན་རིང་ལུགས་གསལ་བྱེད་སྙིང་པོ་ལ། 10
7 བླ་མའི་རྣལ་འབྱོར་བརྒྱུད་འདེབས་ལ། 46
8 བདེ་མཆོག་སྨོན་འགྲེལ་ཉུང་ངུ་ལ། 7
9 རྡོར་སེམས་ཡབ་ཡུམ་གྱི་ཞི་སྦྱིན་ལ། 3
10 ཐེག་ཆེན་གསོ་སྦྱོང་གི་འགྲེལ་པ་ལ། 5
11 བསྟན་པའི་སྲོག་ཤིང་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་ལ། 11
12 རྗེ་བླ་མའི་བསྟོད་འགྲེལ་ཉུང་ངུ་ལ། 26
13 རྗེ་བཙུན་ནྰ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བསྡུས་པ་ལ། 6
14 ཞང་སྟོན་བཀའ་འབུམ་ལས་འདོན་བསྒྲིགས་ཀྱི་སྐོར་ལ། 20
15 འདུལ་བའི་བསླབ་བྱ་མདོར་བསྡུས་ལག་ལེན་དམར་ཁྲིད་ལ། 16
16 འཇམ་དབྱངས་གང་བློ་མའི་འགྲེལ་པ་ལ། 5
17 མི་ཏྲ་བརྒྱ་རྩ་ལས་བྱུང་བའི་ནྰ་རོལུགས་ཀྱི་ཕག་མོ་ལྷ་བཅུ་གསུམ་གྱི་སྒྲུབ་དཀྱིལ་དབང་ཆོག་ལ། 27
18 དགེ་ལྡན་བསྟན་འབར་མའི་འགྲེལ་པ་ལ། 14
00972 ག་
1 རྡོ་རྗེ་འཆང་ཞང་སྟོན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་ལས་ཆབ་ཤོག་གི་སྐོར་ལ། 33
2 ནག་པོ་སྤྱོད་པའི་བདེ་མཆོག་གི་ཆོ་ག་ལ། 17
3 གླིང་བསྲེའི་བཤད་པ་ངག་གི་སྒོ་འབྱེད་ལ། 10
4 རྣམ་སྲས་མདུང་དམར་གྱི་གཡང་འབོད་བཀྲ་ཤིས་ལ། 4
5 བསངས་མཆོད་དགེ་ལེགས་གཡས་འཁྱིལ་ལ། 8
6 བཀའ་འབུམ་ལས་བསླབ་བྱའི་སྐོར་ལ། 21
7 སྒྲོལ་མ་ཉེར་གཅིག་གི་བདག་མདུན་ལ། 15
8 ཐིག་ལེ་བཅུ་དྲུག་གི་ཁྲིད་ཡིག་ལ། 7
9 བླ་མཆོད་ཁྲིད་ཡིག་མིག་འབྱེད་ལ། 22
10 རྗེ་བླ་མ་ལ་བརྟེན་པའི་ཆོ་ག་སྐྱ་རེངས་སྣང་བ་ལ། 16
11 རྟོགས་བརྗོད་མེ་ཏོག་ཕྲེང་བ་ལ། 21
12 སྒྲོལ་མའི་བླ་བརྒྱུད་ལ། 4
13 སྦྱིན་སྲེག་གི་ཆོ་ག་བཀླགས་པའི་དོན་གྲུབ་ལ། 8
14 བསྟོད་པ་རྣམ་དག་ནོར་བུ་ལ། 7
15 འཕགས་མའི་ཞི་བའི་སྦྱིན་སྲེག་ལ། 3
16 གོང་ས་སྐྱབས་མགོན་མཆོག་གི་གསུང་ཐོག་མའི་འགྲེལ་པ་ལ། 5
17 རྗེ་བཙུན་མའི་སྒྲུབ་ཐབས་ལྡེ་མིག་ལ། 6
18 སྒྲོལ་མའི་ལས་ཚོགས་རྣམ་བཞིའི་བང་མཛོད་ལ། 25
00973 ང་
1 རྟོགས་བརྗོད་མདུན་ལེགས་མ་ལ། 5
2 དམིགས་བརྩེ་མའི་འགྲེལ་པ་གཏེར་མཛོད་ལ། 33
3 རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལ། 30
4 དུས་འཁོར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 8
5 དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་ལ། 13
6 ལམ་གཙོའི་འགྲེལ་པ་ཚིག་དོན་གསལ་བ་ལ། 19
7 མདུན་ལེགས་མའི་འགྲེལ་པ་ལ། 11
8 བསླབ་བྱ་ནོར་བུའི་ཕྲེང་བ་ལ། 7
9 གསང་སྔགས་ཀྱི་ས་ལམ་བགྲོད་ཚུལ་ལེགས་བཤད་སྣང་བ་ལ། 77
10 དཔལ་ཀྱཻ་རྡོ་རྗེའི་རིམ་གཉིས་ཀྱི་རྣམ་གཞག་ལྡེ་མིག་ལ། 63
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅།།ཞང་སྟོན་བསྟན་པ་རྒྱ་མཚོ་ནི་མདོ་སྨད་ཁི་ཐེ་ཁོ་ཚེ་ལྷ་སྡེ་ཞེས་བྱ་བར་ཞང་ལྷ་རིགས་དཀར་པོའི་བརྒྱུད་ཡབ་སྙིང་ཁར་འབུམ་དང༌།ཡུམ་ཨ་རིག་བཟའ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་བྱ་1825 ལོ་ལ་འཁྲུངས།མཚན་པད་མ་འབུམ་དུ་བཏགས།དགུང་ལོ་ལྔ་ནས་ཡི་གེ་འབྲི་ཀློག་མཛད།དགུང་ལོ་བདུན་ཐོག་ཁྲི་ཆེན་བསོད་ནམས་གྲགས་པའི་སྤྲུལ་སྐུ་སེམས་དཔའ་ཆེན་པོ་དཀོན་མཆོགརྒྱ་མཚོའི་དྲུང་ནས་རབ་བྱུང་སྡོམ་པ་བཞེས།མཚན་དཀོན་མཆོག་ཐབས་མཁས་ཞེས་གསོལ།དགུང་ལོ་བཅུ་གསུམ་ལ་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་ཉི་ཤུ་ཐམ་པར་པཎ་ཀུན་བླ་གསར་ཚང་བསམ་གཏན་རྒྱ་མཚོ་དང་མཉམ་ཡང་དག་མཐའི་ཚོགས་གླེང་མཛད།དགུང་ལོ་ཉེར་གཅིག་ལ་འཇམ་བཞད་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་བསྒྲུབས།མཚན་བསྟན་པ་རྒྱ་མཚོ་ཞེས་གསོལ།དགུང་ལོ་
ཉེར་གཉིས་ལ་བཀའ་བཅུ་གླིང་བསྲེའི་མཚན་བཞེས།དགུང་ལོ་ཉེར་བཞི་ལ་བཀྲ་ཤིས་འཁྱིལ་ནས་རང་ཡུལ་དུ་ཕྱིར་ཕེབས།ཁོང་གིས་འཇམ་བཞད་སྐུ་ཕྲེང་གསུམ་པ་དང༌།དཔལ་མང་དཀོན་མཆོག་རྒྱལ་མཚན།སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ།རྗེ་ཤེས་རབ་རྒྱ་མཚོ།ངག་དབང་ཐུབ་བསྟན་རྒྱ་མཚོ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་གསན།སྐུ་ཚེ་ཐ་མའི་མཛད་པའི་སྐོར་ཡིག་ཆ་མ་རྙེད།གསུང་འབུམ་པོད་བཞི་བཞུགས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn