ཕུར་ཅོག་བྱམས་པ་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག
པར་བོད།ཤོག་གྲངས།
00968 དང་པོ་
ཀདགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་གངྒྰའི་ཆུ་རྒྱུན་འབབ་པའི་ཟེགས་མ་ལ།21
ཁརྗེ་རིན་པོ་ཆེ་དང༌།རྗེ་གཟིགས་པ་ལྔ་ལྡན་ལ་བརྟེན་པའི་བླ་མའི་རྣལ་འབྱོར།རྗེའི་འཁྲོ་དག་པ་རྣམ་བརྒྱད། ཇོ)་བོ་རྗེ།སྐྱབས་མགོན་རྒྱལ་དབང་འཕྲིན་ལས་རྒྱ་མཚོ།སྐྱབས་མགོན་ཐུབ་བསྟན་རྒྱ་མཚོ།རྒྱལ་ཚབ་རྟ་ཚག་ཐོང་ཤན་ཧོ་ཐོག་ཐུ།བྲག་ནག་སྤྲུལ་སྐུ།ཐོ་ཡོན་བློ་བཟང་བསྟན་པ་རབ་རྒྱས་སོགས་ལ་གསོལ་འདེབས་དང་བླ་མའི་རྣལ་འབྱོར་ལ། 32
གརྗེ་རང་ཉིད་དང༌།ལ་དྭགས་ཚུལ་ཁྲིམས་ཉི་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར།ཟབ་ལམ་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་སྒོ་འབྱེད་པའི་འཕྲུལ་གྱི་ལྡེ་མིག་བཅས་ལ། 17
ངགསང་བདེ་འཇིགས་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཇིགས་མཛད་དཔའ་བོ།རྟ་མགྲིན།མགོན་དཀར་བཅས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་གྲོལ་བཅས་ལ། 11
ཅརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱས་བསྡུས།ཀུན་རིག་གི་བླ་མའི་རྣལ་འབྱོར།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་ཐིགས་ཕྲེང༌།ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་ཕུང༌།སྒྲོལ་དཀར་གྱི་བླ་མའི་རྣལ་འབྱོར་འཆི་མེད་མཆོག་གྲལ།བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་མཛོད།སེང་ལྡེང་ནགས་སྒྲོལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐར་ལམ་སྒོ་འབྱེད་བཅས་ལ། 13
ཆའཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱས་བསྡུས།ཐོགས་མེད་ནས་བསྒྲུབ་དུས་ཀྱི་བྱམས་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱལ་སྲས་སྦྱོད་པའི་འབྱུང་གས།བྱམས་པ་ལ་གསོལ་འདེབས་དགེ་ལེགས་ཀུན་འབྱུང༌།རྗེ་བཙུན་བྱམས་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མི་ཕམ་དགྱེས་བསྐྱེད་བཅས་ལ། 11
ཇདཔལ་གསང་བ་འདུས་པའི་མངོན་རྟོགས་མདོར་བསྡུས་དང་དེའི་གཏོར་འབུལ་བཅས་ལ། 12
ཉདཔལ་འཁོར་ལོ་སྔོམ་པའི་མངོན་རྟོགས་མདོར་བསྡུས་ལ། 10
ཏདཔལ་འཇིགས་མཛད་རྡོ་རྗེ་དཔའ་བོ་གཅིག་པའི་མངོན་རྟོགས་མདོར་བསྡུས།འཇིགས་བྱེད་ལ་བརྟེན་པའི་བྱད་གྲོལ་དང་བཀའ་བསྒོ་བཅས་ལ། 13
ཐདཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་མདོར་བསྡུས་འཇམ་དཔལ་དགོངས་ལྡན་ལ། 16
དདུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་འཇུག་པའི་དབང་བསྐུར་བྱ་ཚུལ་མདོར་བསྡུས་ལ། 7
ནཉི་སྦས་ལུགས་ཀྱི་སེང་ལྡེང་ནགས་སྒྲོལ་ལ་མན་ཌལ་བཞི་ཆོག་དང་འབྲེལ་པའི་ཕྱུག་འཚལ་སྟོང་མཆོད་འབུལ་ཚུལ་ལ།12
པཐུབ་པ་དམ་ཚིག་གསུམ་བཀོད་སྐྱེ་བདག་མདུན་བུམ་པ་དབང་དང་བཅས་པའི་ཆོ་གརྒྱལ་བ་རྒྱ་མཚོ་དགྱེས་པའི་མཆོད་པའི་སྤྲིན་ཕུང་ལ། 26
ཕརྗེ་བཙུན་འཇམ་དབྱངས་ལ་བརྟེན་པའི་སྨྱུང་གནས་ཀྱི་ཆོ་ག་ལ། 10
བསྤྱན་རས་གཟིགས་ཕྱག་བཞི་པའི་སྒྲུབ་ཐབས་དང་འཕྲེལ་བའི་སྟོང་མཆོད་འབུལ་ཚུལ་ཆོ་ག་ལ། 8
མཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་རིགས་གསུམ་སྤྱི་སྒྲུབ་ལ་བརྟེན་པའི་ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་དང༌།རྗེ་
ཙོང་ཁ་པ་ཆེན་པོ་ལ་བརྟེན་པའི་བུམ་བསྐྱེད་དང་ཡུལ་ཁྲུས་བྱ་ཚུལ་བཅས་ལ། 16
ཙརྟ་མགྲིན་ཡང་གསང་ལྷ་དགུའི་ལས་བྱང་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།རྒྱ་ཅན་བླ་མ་བདེ་ཆེན་དབང་ཕྱུག་གི་གྲུ་ཐབས་འཆི་མེད་གཏེར་མཛོད།ཀུན་རིག་གི་སྒྲུབ་ཐབས་མདོར་བསྡུས།ཕྱུག་རྡོར་དྲག་པོ་གསུམ་བསྒྲིལ་གྱི་སྒོམ་བཟླས་བྱ་ཚུལ་གདོན་བགེགས་ཕྱེར་འཐག་རིགས་གསུམ་མགོན་པོའི་རྣལ་འབྱོར་མདོར་བསྡུས།སྒྲོལ་དཀར་འོད་ཟེར་དྲུག་སྐོར་གྱི་སྒྲུབ་ཐབས་མདོར་བསྡུས།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་བྱིན་རླབས་བདུད་རྩིའི་གཏེར་
མཛོད།ལོ་གྱོན་མའི་སྒོམ་བཟླས་བྱ་ཚུལ་མདོར་བསྡུས་བཅས་ལ། 12
ཚབློ་སྦྱོང་གནས་ཡུལ་མ།རང་གཞན་རྒྱུད་བསྐུལ་སྐྱེ་བསླབ་བྱ་མདོར་བསྡུས།དར་དགོན་དགེ་སློང་འཇམ་དབྱངས་གྲགས་པ་ལ་གདམས་པ།བླ་མའི་རྣལ་འབྱོར་དང་འབྲེལ་པའི་རང་བརྒྱུད་བསྐུལ་འདེབས་ཐར་པ་བགྲོད་པའི་ལམ་གྱི་སྙིང་པོ་གསལ་བར་བསྟན་པ་རྒྱལ་བ་དགྱེས་པའི་སྒྲ་དབྱངས།བློ་སྦྱོང་གསོལ་འདེབས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།བློ་སྦྱོང་སྐལ་བཟང་མགུལ་ལྡན།རང་རྒྱུད་ལ་ཕན་པའི་བསླབ་བྱ།བློ་སྦྱོང་ཕྱོགས་བཅུའི་བདེ་གཤེགས།མ་ནོར་བླང་
དོར་གསལ་བྱེད་ལྷའི་སྒྲོན་མེ།གཞན་ཕན་བསླབ་བྱ།གཞན་ཕན་བསླབ་བྱ་བླང་དོར་གསལ་བའི་མེ་ལོང༌།བསླབ་བྱ་རབ་དཀར་ལྷག་བསམ།བསླབ་བྱ་མན་ངག་གསལ་སྒྲོན།གཞན་ཕན་བསླབ་བྱ་བླང་དོར་གསལ་བའི་སྒྲོན་མེ།རང་གཞན་ཡིད་བསྐུལ་བསླབ་བྱ་ཐར་ལམ་གསལ་བྱེད་བཅས་ལ། 29
ཛཐོར་བུའི་སྐོར་ལ་རྣམ་གྲྭའི་བཅའ་ཡིག་ཚོགས་གཏམ།སྐྱབས་ཐོ་བཅས་ཀྱི་འགོ་བརྗོད།སྐྱེས་རབས་ཀྱི་ས་བཅད།ལྗགས་བསྔོའི་ཟིན་བྲིས་རྒྱས་བསྡུས།བཤད་པའི་སྔོན་འགྲོ།དུས་ཆེན་ངོས་འཛིན།རབ་གནས་ཀྱི་་བཤད་པ་ཁག་གཉིས་བཅས་ལ།17
ཝབསྙེན་རྫོགས་བརྒྱུད་འདེབས།ཡན་ལག་བདུན་པ་དང་འབྲེལ་པའི་སྨོན་ལམ།རྗེ་བལ་མལ་ཨ་གསོལ་འདེབས་སྨོན་ལམ།རྒྱལ་བསྟན་གྱི་སྤྱོད་པ་ལ་འཇུག་པའི་སྨོན་ལམ།རྒྱལ་རྩེ་ཐུབ་དང་གི་སྙལ་ཤལ་སྨོན་ཚིག་ཐུགས་རྗེའི་སྨྲེ་སྔགས་ཀྱི་པར་བྱང༌།དགེ་བ་གང་བྱས་ཀྱི་མཇུག་ག་བསྔོ་སྨོན།སེ་ར་བྱེས་ཡི་དམ་གྱི་གསེར་ཀོང་སྨོན་ཚིགརྗེ་ཧོ་ཐོག་ཐུ་བློ་བཟང་ཡེ་ཤེས་ཉི་འོད་སྐྱེ་བརྟན་བཞུགས།པཎ་ཆེན་འཁྲུངས་རབས་ཀྱི་རྒྱབ་ཡིག་ཁག་གསུམ།འབུམ་ཐང་པའི་བརྒྱད་སྟོང་གསེར་བྲིས་ཀྱི་སྨོན་ཚིགརྒྱལ་བ་རྒྱ་མཚོའི་ཤིས་བརྗོད།ཁོར་ཁྲིབ་ལ་མ་འཇམ་དབྱངས་ཚེ་རིང་གི་བརྟན་བཞུགས།རིགས་གསུམ་སྤྱི་སྒྲུབ་སྐྱེ་བརྒྱུད་འདེབས།གཉལ་པ་སྤྲུལ་སྐུའི་མྱུར་བྱོན།བསྡུས་གྲྭའི་པར་བྱང་བཅས་ལ། 12
ཞམཆོག་དམན་རྣམས་ལ་ཆབ་ཤོག་གནང་བའི་རིམ་པ་རྣམས་ཕྱོགས་བསྒྲིགས་ཁག་ལ། 24
ཟཡོངས་འཛིན་རྡོ་རྗེ་འཆང་མཆོག་གི་གསན་ཡིག་སྡོམ་ཐོ་བཀོད་པ་ལ། 8
འལ་དྭགས་བླ་མ་ཚུལ་ཁྲིམས་ཉི་མའི་རྣམ་ཐར་གྱི་བར་སྐབས་ཚིགས་བཅད་ལ། 24
ཡརྒྱལ་ཚབ་དེ་མོའི་གསུང་བཤད་ཟིན་བྲིས་ལ། 10
རཚད་མའི་གཞུང་དོན་འབྱེད་པའི་བསྡུས་གྲྭའི་རྣམ་གཞག་རིགས་ལམ་འཕྲུལ་གྱི་ལྡེ་མིག་ལས་རིགས་ལམ་ཆུང་ངུའི་རྣམ་བཤད་ལ། 23
ལརིགས་ལམ་འབྲིང་པོའི་རྣམ་བཤད་ལ། 30
ཞརིགས་ལམ་ཆེ་བའི་རྣམས་བཤད་ལ། 36
སརིགས་ལམ་ཆེ་བ་བློ་རིག་ལ། 27
ཧརིགས་ལམ་ཆེ་བ་རྟགས་རིགས་ལ25
ཨརྒྱལ་ཆེན་ཀརྨ་འཕྲིན་ལས་ཀྱི་གསོལ་མཆོད།གསེར་སྐྱེམས།བྱ་ཁྲི་བའི་གཏོར་འབུལ།བཙན་རྒོད་དགྲ་འདུལ་བསྟན་སྐྱོང་གི་གསོལ་མཆོད།གཞི་བདག་ཀོའུ་སྟུ་བའི་གསོལ་མཆོད།ལྕམ་སྲིང་སོགས་ཀྱི་གཏོར་འབུལ།ཞུ་རོ་ཐུ་ཨ་སྐུའི་གཞི་བདག་གསོ་མཆོད་བཅས་ལ།9
དཀར་ཆག་ལ།4
00969 གཉིས་པ།
ཀི་སྐྱབས་མགོན་རྒྱལ་བའི་དབང་པོ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཁྱེན་རབ་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་རྣམ
པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་མདོ་ཙམ་བྲྗ ོད་པ་ཤེལ་མེ་ལོང་ལ། 292
ཁི་སོ་སོར་ཐར་པའི་ཚིགས་སྔ་ཕྱིའི་སྡོམ་པ་འབོག་ཆོག་སྣང་གསལ་སྒྲོན་མེ་ལ། 35
གི་རྒྱལ་དབང་འཕྲིན་ལས་རྒྱ་མཚོ་ཆོ་འཕྲུལ་སྨོན་ལམ་ཚོགས་ཕེབས་ཀྱི་གསུང་བཤད་ཁག་ལ། 58
ངི་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་གི་ཚེ་དབང་དང་།རྟ་མགྲིན་དབྱུག་པ་ཅན་སྐྱེ་བདག་མདུན་རྗེས་ཆོག་བཅས་ལ། 12
ཙི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་བདུད་ལས་རྣམ་རྒྱལ་གྱི་ལས་རུང་གི་བསྙེན་པ་བྱ་ཚུལ་དང་།ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བཅས་ལ། 20
ཚི་འཕགས་མཆོག་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་སྟ་གོན་དང་བཅས་པ་ལྷ་ཡི་སྒྲོན་མེ་ལ། 38
ཛི་ཕྱུག་རྡོར་དྲག་པོ་སུམ་བསྒྲིལ་གྱི་སྦྱིན་སྲེག་དངོས་གྲུབ་མཆོག་སྦྱིན་ལ། 8
ཉི་བྱམས་མགོན་ལ་བརྟེན་པའི་འཕོ་བ།སྒྲོལ་མའི་སྒོ་ནས་ཁ་ཆར་གཅོད་ཚུལ།ཛམ་ལྷ་རིགས་གསུམ་གྱི་ཆེ་སྦྱིན།རྗེ་ཙོང་ཁ་པ་ལ་བརྟེན་པའི་བཀའ་བསྒོ།རྡོར་ཕྲེང་དང་མི་ཏྲ་གཉིས་ཀྱི་་བརྒྱུད་འདེབས་སྨོན་ལམ།ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སོན་ལམ་བཅས་གསུང་སྣ་ཚོགས་ལ།10
ཏི་མ་ཅིག་དཔལ་ལྡན་ཨཨ་ཕྱི་མ་སོགས་རང་གང་མོས་ལ་བརྟེན་པའི་ཕྲེང་མོ་འདེབས་ཚུལ་དང་། ཨ་ཕྱིའི་གསོལ་མཆོད་བཅས་ལ། 6
ཐི་དགའ་ལྡན་ཁྲི་ཆེན་ངག་དབང་ནོར་བུའི་གསོལ་འདེབས།རྗེ་དོན་གྲུབ་དཔལ་བཟང་གི་གསོལ་འདེབས།བླ་མའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས།དབུ་མའི་གཞུང་འཛིན་སྐྱོར་སྐབས་ཐོག་མཐར་སྦྱར་རྒྱུའི་སྨོན་ཚིག་རྗེས་འཛིན་སྨོན་ཏིག་ལེགས་སྨོན་འགྲུབ་པའི་བདེན་བསྐུལ་བཅས་ལ། 8
དི་ལྕང་ལུང་པན་ཌི་ཏ་ཧོ་ཐོག་ཐུ་ཆེན་པོའི་ཞབས་བརྟན་དང་།མྱུར་བྱོན་གྱི་རིམ་པ་ཕྱོགས་བསྒྲིགས་ལ། 12
ནི་ཕུར་ཅོག་རིགས་གསུམ་བྱང་ཆེ་བགླིང་དང་།སེར་རྩེ་གཞན་ཕན་གླིང་།དབུ་སྟོད་ཐང་སྐྱ་དགོན་བཅས་ཀྱི་་བཅའ་ཡིག་ཁག་ལ། 23
པི་ཆོས་སྲུང་སྤྱིའི་གཏོར་འབུལ།དུར་བདག་གི་གཏོར་འབུལ།ལྷ་མོ་དང་རྒྱལ་ཆེན་གཉིས་ལ་གཉེར་གཏད།རྣམ་སྲས་ཀྱི་གསེར་སྐྱེམས་ཁག་གཉིས།་ཆོས་སྲུང་རྣམས་ཀྱི་གཏོར་འབུལ།ཨཨོར་ཏོག་གཞི་བདག་སྙུག་རིའི་གསོལ་མཆོད་ཁག་གཉིས།ཆོས་སྲུང་ལ་རྟ་ག-ཡག་སོགས་འབུལ་ཚུལ།ཀོང་བཙུན་དེ་མོའི་གསེར་སྐྱེམས།ཧར་ཆེན་གཞི་བདག་མནྟ་བཻདྷར་ཡའི་གསོལ་མཆོད་དང་།ཐོར་རྒོད་ནས་དབུས་གཙང་བར་གྱི་གཞི་བདག་གི་གསོལ་མཆོད།གཞི་བདག་རྡོ་རྗེ་དཔལ་ལྡན་གྱི་གསོལ་མཆོད་བཅས་ལ། 17
ཕི་རྒྱལ་དབང་འཕྲིན་ལས་རྒྱ་མཚོ་ཁྲི་ཕེབས་སྐབས་བཀྲས་ལྷུན་ནས་མན་ཌལ་བཤད་པ།རབ་བྱུང་སྡོམ་བ་བཞེས་སྐབས་ལེགས་ཀྱིས་མན་ཌལ་བཤད་པ།ལྷ་རམས་སྐོར་སྐབས་ཀྱི་མན་ཌལ་བཤད་པ།གོང་ས་མཆོད་ཡོན་སྤྱན་དྲངས་པའི་མན་ཌལ་བཤད་པ།སྐྱབས་མགོན་མཆོག་བཅུ་གསུམ་དགུང་ཀེག་ལ་རྒྱལ་ཚབ་དེ་མོ་ནས་མན་ཌལ་བཤད་པ།སྐྱབས་མགོན་མཆོད་ཡོན་ཚོགས་དབུས་སྐབས་སྒྲེང་ནས་མན་ཌལ་བཤད་པ།པཎ་ཆེན་མཆོག་ཁྲི་ཕེབས་སྐབས་རྒྱལ་ཚབ་དེ་མོའི་མན་ཌལ་བཤད་པ་ཁག་གཉིས།འཕགས་ཆེན་མཆོག་ལ་སེར་ལྷོ་ནས་མན་ཌལ་བཤད་པ།གོང་ས་ཚོགས་དབུས་ཀྱི་མན་ཌལ་བཤད་པ་བཅས་ལ། 38
དཀར་ཆག་ལ། 3
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅།།ཕུར་ཅོག་བྱམས་པ་རྒྱ་མཚོ་ནི་ཁམས་རྫ་ཆེ་ཨཨོར་ཏོག་གི་འབྲོག་པ་ཡབ་བྱམས་ཆོས་དང་།ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤ ིང་བྱ་༡༨༢༥ལོར་འཁྲུངས།དགུང་ལོ་ལྔ་ལ་དབུས་སུ་གདན་དྲངས་ནས་ཕུར་ཅོག་རི་ཁྲོད་དུ་བཞུགས།གནས་བླ་མས་ཕྱུག་བྲིས་དང་།འདོན་ཆ་སོགས་སྐུ་ཡོན་བསྒྲོན།དགུང་ལོ་བཅུ་ལ་སེ་ར་ཐེག་ཆེན་གླིང་བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་མཛད།ལོ་དེར་རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ།མཚན་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ་གསོལ།དེ་ནས་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་དགེ་ཚུལ་བསྒྲུབས།ཡོངས་འཛིན་དགེ་བཤེས་གྲགས་པ་བརྩོན་འགྲུས་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད།དགུང་ལོ་བཅུ་བཞི་ལ་ཕར་ཕྱིན་ཚོགས་ལངས་མཛད།དེའི་རྗེས་ཚོགས་ཆེན་དུ་སྔ་ཕྱི་ཐེངས་གསུམ་ཙམ་ཚོགས་ལངས་མཛད།དགུང་ལོ་ཉི་ཤུ་ལ་ནོར་གླིང་དུ་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་ཉེར་གཅིག་
ལ་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་སྐོར་དམ་བཅའ་མཛད།དེ་ནས་མདོ་སྔགས་གཞུང་ལུགས་གསན་བསམ་མཛད།དགུང་ལོ་སོ་བདུན་ལ་རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་མཛད།གོང་ས་མཆོག་སེ་བླ་ལ་ཆོས་ཞུགས་དང་།ལྷོ་གནས་སོགས་ཀྱི་མཛད་སྒོར་ཞུགས།དགུང་ལོ་ང་ལྔ་ལོར་རྒྱལ་བ་སྐུར་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་གནང་།བསྙེན་རྫོགས་མཁན་སློབ་སྤྲགས་མ་བཅས་མཛད།མདོ་སྔགས་ཀྱི་དབང་ལུང་ཁྲིད་སོགས་ཆ་ཚང་འབུལ་གནང་མཛད་མཐར་དགུང་ལོ་དོན་བདུན་ཏེ་ལྕགས་གླང་༡༩༠༡ལོར་སྐུ་གཤེགས།གསུང་འབུམ་པོད་གཉིས་བཞུགས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn