དཀྱིལ་ཟུར་ཡོངས་འཛིན་བློ་བཟང་སྦྱིན་པའི་གསུང་འབུམ་གྱི་དཀར་ཆག
པར་པོད།ཤོག་གྲངས།
00966ཀ་
1 བཤེས་པའི་སྤྲིངས་ཡིག་གི་རྣམ་བཤད་འཕགས་པའི་དགོངས་པ་ཀུན་གསལ་ལ། 46
2 ལོག་རྟོགས་རི་བོ་འཇོམས་པའི་རྩོད་ལན་འཆི་མེད་དབང་པོའི་ལག་ཉལ་དང༌།རྗེ་རིན་པོ་ཆེའི་འཁོར་གྱི་ཐོག་མར་ཀྱི་བའི་སྨོན་ལམ་བཅས་ལ། 9
3 དཔལ་གསང་བ་འདུས་པ་འཕགས་ལུགས་མི་བསྐྱོད་པའི་རིམ་གཉིས་ཀྱི་རྣམ་གཞག་མདོར་བསྡུས་པཎ་ཆེན་གསུང་གིརྒྱ་མཚོའི་ཉིང་ཁུ་ལ། 22
4 སྟོན་པ་ཐུབ་པའི་དབང་པོ་ལ་བསྟོད་པ་བྱིན་རླབས་མཆོག་གྲོལ་སོགས་སངས་རྒྱས་བྱང་སེམས་ལ་བསྟོད་པའི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 19
5 རྒྱལ་བའི་བསྟན་སྲུང་ཆེན་མོ་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མ་ལ་ཀ་ལི་སུམ་ཅུའི་སྒོ་ནས་བསྟོད་པའི་རབ་ཏུ་བྱེད་པ་བདུད་དཔུང་ཟིལ་གནོན་ལ། 3
6 རྗེ་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཕུལ་བྱུང་དག་ཞིང་མ་དང་དེའི་འགྲེལ་པ་ལ། 9
7 རྗེ་རིན་པོ་ཆེའི་བསྟོད་འགྲེལ་སྐལ་བཟང་ཀྱི་བོའི་འཇུག་ངོགས་ལ། 29
8 རྟེན་འབྲེལ་བསྟོད་པའི་དོན་འགྲེལ་ཚིགས་སུ་བཅད་པ་ལྟ་ངན་རི་དྭགས་སྐྲག་བྱེད་ལེགས་བཤད་སེང་གེའི་ང་རོ་ལ།6
9 བྱམས་བསྟོད་ཟབ་ཡངས་མའི་དོན་རྣམ་པར་བཤད་པ་བྱམས་མགོན་ཞལ་བཟང་གསལ་བྱེད་ལ། 12
10 རྗེ་བཙུན་འཇམ་པའི་དབྱངས་ཀྱི་་བསྟོད་པ་གང་གི་བློ་གྲོས་མའི་ཚིག་དོན་རབ་ཏུ་གསལ་བའི་ལེགས་བཤད་སྐལ་ལྡན་རེ་སྐོང་དབང་གི་རྒྱལ་པོ་ལ། 7
11 འཕགས་པ་ཐུགས་རྗེ་ཆེན་པོའི་གསུང་གི་ཕན་ཡོན་ལ། 7
12 ཐུབ་དབང་སྣང་བསྙན་གྱིས་སྦྱི་ལམ་དུ་ཞལ་གདམས་གནང་བའི་ལེགས་བཤད་ལ། 3
13 དཀྱིལ་ཁང་སློབ་དཔོན་བློ་བཟང་སྦྱིན་པ་རང་ཉིད་རིང་འཚོའི་སྨོན་ཚིག་དད་ལྡན་རེ་བ་སྐོང་བའི་མི་འགྱུར་རྡོ་རྗེའི་ལྷུན་པོ་ལ། 2
14 ཞབས་བརྟན་གསོལ་འདེབས་ཕུན་ཚོགས་སྟོབས་བཅུ་མ་ལ།2
15 དྲིས་ལན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ཐེ་ཚོམ་ཀུན་འཇོམས་ལ། 49
16 གསུང་མགུར་བསླབ་བྱའི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 22
17 དགེ་སློང་གི་ཡོ་བྱད་རྣམས་ཀྱི་་བཤད་པ་ཚིགས་སུ་བཅད་པ་སྡོམ་ལྡན་རྣ་བའི་བདུད་རྩི་ལ། 8
18 གསུང་མགུར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 11
19 སྒྲོལ་བསྟོད་མཁྱེན་བརྩེ་དྲི་མེད་མའི་འགྲེལ་པ་འཇིགས་མེད་དཔའ་ཕོ་ལ། 19
20 ལམ་རིམ་བླ་བརྒྱུད་གསོལ་འདེབས་ཁ་སྐོང་རྗེ་ཡོངས་ལྷོ་བློ་བཟང་བསྟན་རྒྱལ་ཆོས་འཕེལ་དང་མཁས་མཆོག་རྣམ་རྒྱལ་བཟོད་པས་མཛད་པའི་ཁ་སྐོང་བཅས་ལ། 1
21 སྡོམ་གསུམ་གྱི་བསླབ་བྱར་བསྔོ་བགྲང་བྱེད་ཚུལ་ལ། 1
22 སྟོབས་བཞིའི་ངོས་འཛིན་ཚིགས་བཅད་དུ་བསྒྲིགས་པ་དང་མེ་བྱི་རི་ཁྲོད་དུ་གསེར་རྔ་རྣམས་གསར་སྦྱོར་མཛད་སྐབས་ཀྱི་སྨོན་ཚིག་བཅས་ལ། 1
23 དབེན་གནས་དགའ་ལྡན་ཆོས་གླིང་གི་གནས་བསྟོད་ནགས་ཀྱི་བུང་བའི་སྒྲ་དབྱངས་ལ། 3
24 དཔལ་རྡོ་རྗེ་རྣམ་འཇོམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་དཔལ་ལྷུན་ནས་ཐུགས་རྗེ་ཆེན་པོའི་སྣང་བརྙན་གསར་བསྐྲུན་མཛད་པའི་སྨོན་ཚིག་བཅས་ལ། 1
25 རྣམ་འཇོམས་ཀྱི་རྒྱུད་འགྲེལ་གསང་བདག་དགོངས་ལྡན་ལ། 11
26 དཔལ་རྡོ་རྗེ་འཇིགས་བྱེད་དམར་པོའི་དབང་གི་བརྒྱུད་འདེབས་ཁ་སྐོང་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་གཏོར་འབུལ་བསངས་མཆོད་བཅས་པ་ལ། 1
27 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བླ་བརྒྱུད་གསོལ་འདེབས་ཤིན་ཏུ་བསྡུས་པ་ལ། 1
28 དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བུམ་བསྐྱེད་དང་དབང་ཆོག་བསྡུས་པ་ལ། 7
29 དེའི་སྒྲུབ་ཐབས་ཟ་མ་ཏོག་གི་བསྡུས་དོན་ཡིད་བཞིན་ནོར་བུ་ལ། 12
30 དེའི་རིམ་གཉིས་ཀྱི་སྨོན་འགྲེལ་སྐུ་གསུམ་གཞལ་མེད་ཁང་གི་སྒོ་འབྱེད་ལ། 13
31 སྒྲུབ་ཐབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པའི་གྲངས་གཉིས་པར་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་སྒྲུབ་ཐབས་ལ། 3
32 རྟ་མགྲིན་སྒྲུབ་ཐབས་ལ། 1
33 ཕྱུག་རྡོར་གཏུམ་ཆེན་སྒྲུབ་ཐབས་ལ། 1
34 སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་ལ། 1
35 དེའི་རྒྱབ་ཕྱུག་རྡོར་དྲག་པོ་གསུམ་སྒྲིལ་སྒྲུབ་ཐབས་ལ། 1
36 གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་གནད་ཚང་བའི་མན་ངག་ཤིན་ཏུ་ཁྱེར་བདེ་བ་ལ།13
དཀར་ཆག་ལ། 3
00967 ཁ་
1 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་རྣམ་པར་བཤད་པ་རྒྱལ་སྲས་འཇུག་ངོགས་ཀྱི་སྙིང་པོ་ལ། 172
2 བླ་མཆོད་བདེ་སྟོང་དབྱེར་མེད་མའི་བསྡུས་དོན་སྙན་བརྒྱུད་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 14
3 གྲུབ་པའི་དབང་ཕྱུག་ཡེ་ཤེས་ཆོས་འཕེལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 1
4 བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་དངོས་གྲུབ་འགུགས་པའི་ཕོ་ཉ་ལ། 3
5 བརྟན་བཞུགས་གསོལ་འདེབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 13
6 དཀྱིལ་གྲྭའི་ཆོས་སྤྱོད་བློ་གྲོས་ནམ་ཁྱོན་མའི་ཚིག་དོན་ཀུན་གསལ་མེ་ལོང་ལ། 23
7 གཞི་ལམ་བླ་བུའི་ཕྱག་ཆེན་གྱི་དོན་རྣམ་པར་བཤད་པ་བདག་འཛིན་མཐར་སྤྲོད་ལ། 45
8 ཆོས་ཀྱི་རྒྱལ་པོ་རྒྱལ་བ་བློ་བཟང་གྲགས་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་ངག་ཐོར་བུ་ལ། 46
9 དཀར་ཆག་གི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 17
10 ཡིད་དགའ་ཆོས་འཛིན་གཉིས་པ་དཔལ་སྣར་ཐང་ཆོས་སྡེའི་གནས་ལ་བསྟོད་པ་སྐལ་བཟང་རྣ་བའི་བདུད་རྩི་ལ། 4
11 བརྟན་བཞུགས་གསོལ་འདེབས་ལ། 1
12 ལམ་རིམ་ཚིགས་བཅད་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 11
13 ཞུ་འཕྲིན་གྱི་རིམ་པ་ལ།47
14ལྟུང་གི་བསྟན་བཅོས་སོགས་ལུགས་ཟུང་གི་བསླབ་བྱ་ལ། 9
དཀར་ཆག་ལ། 2
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅།།དཀྱིལ་ཟུར་ཡོངས་འཛིན་བློ་བཟང་སྤྱིན་པ་ནི་གཙང་སྟོད་ཐང་སྤེ་ཞེས་པར་ཡབ་ཚོང་དཔོན་པ་སངས་དང༌།ཡུམ་ཆུང་ཀྱིས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲུལ་1821 ལོ་ལ་འཁྲུངས།དགུང་ལོ་བརྒྱད་ལ་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད།པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་རབ་བྱུང་བསྒྲུབས།དགུང་ལོ་བཅུ་གསུམ་ལ་གཞུང་ཆེན་བཀའ་པོད་ལ་སློབ་གཉེར་མཛད་ནས་བཀའ་བཅུའི་མཚན་རྟགས་ཐོབ།དགུང་ལོ་ཉེར་བདུན་ལ་པཎ་ཆེན་
བསྟན་པའི་ཉི་མའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་ཉེར་དགུ་པར་རབ་འབྱམས་སྨྲ་བའི་སེང་གེའི་མཚན་རྟགས་བཞེས།དེ་ནས་རྒྱུད་པ་གྲྭ་ཚང་དུ་ལོ་བཅུ་གཉིས་རིང་དབྱངས་རོལ་སོགས་གསང་སྔགས་རྣམས་ཐུགས་གཉེར་མཛད།དགུང་ལོ་ཞེ་གཅིག་པར་བཀྲས་ལྷུན་དཀྱིལ་ཁང་གྲྭ་ཚང་གི་མཁན་པོ་མཛད།དགུང་ལོ་ང་བདུན་པར་པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་ལྷ་སར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དབུ་ཕུད་མཚན་གསོལ་དུ་ཕེབས།དགུང་ལོ་དོན་གཅིག་པར་རང་རྣམ་འདི་བརྩམ་འདུག་དགུང་ལོ་ཇི་བཞུགས་ངེས་གཏན་མི་གསལ།འདིར་གསུང་འབུམ་པོད་གཉིས་བཞུགས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn