ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག
པར་པོད།ཤོག་གྲངས།
00939 ཀ་
494
1 སྐྱབས་འགྲོའི་དམིགས་ཁྲིད་སྐྱོང་ཚུལ་ཕན་བདེའི་ཆར་འབེབས་ལ། 11
2 བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ལ། 9
3 བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་ལ་གྲོལ། 1
4 ཀྱི་ཕྲེང་གསོལ་འདེབས་བྱིན་རླབས་ཕྲང་རྩིའི་འབྱུང་གནས་ལ། 3
5 གསོལ་འདེབས་དོན་གཉིས་དོན་གྲུབ་ལ། 9
6 གྲུབ་དབང་བློ་བཟང་རྒྱ་མཚོའི་གསང་བའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་དངོས་གྲུབ་ཀུན་འབྱུང་ལ། 4
7 ལྟ་བའི་དམིགས་ཁྲིད་མདོར་བསྡུས་སྒོམ་ཚུལ་ལ། 4
8 འཇམ་དབྱངས་དཀར་པོའི་ཞི་ཁྲོ་སྦྲགས་སྒྲུབ་བྱ་ཚུལ་བློ་གྲོས་མཆོག་སྦྱིན་ལ། 3
9 རྗེ་བཙུན་སྒྲོལ་མའི་མཆོད་ཆོག་མདོར་བསྡུས་ལ། 5
10 འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་སྨྱུང་བར་གནས་པའི་ཆོ་ག་བདུད་རྩིའི་སྙིང་པོ་ལ། 12
11 བླ་མ་མཆོད་པའི་ཁྲིད་ཀྱི་ས་བཅད་ལ། 7
12 འཕགས་མཆོགརྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་གཏེར་མཛོད་ལ། 24
13 འཕགས་མཆོགརྒྱལ་བ་རྒྱ་མཚོའི་རྫོགས་རིམ་ནྰ་རོཆོས་དྲུག་དང་འབྲེལ་བའི་ཁྲིད་ཡིག་དངོས་གྲུབ་སྒོ་འབྱེད་ལ།13
14 བདེ་མཆོག་ལ་བརྟེན་ནས་གཤེན་དབང་བསྐུར་ཚུལ་གྱི་ཆོ་ག་མདོར་བསྡུས་ལ། 4
15 འཕགས་མཆོགརྒྱལ་བ་རྒྱ་མཚོའི་བླ་བརྒྱུད་ལ། 5
16 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བདག་འཇུག་རྒྱུན་གྱི་རྣལ་འབྱོར་བྱ་ཚུལ་མདོར་བསྡུས་དངོས་གྲུབ་ཀུན་འབྱུང་ལ། 14
17 འཕགས་མཆོག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་ཞི་རྒྱས་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་གཏེར་མཛོད་ལ། 10
18 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཚོགས་མཆོད་བྱ་ཚུལ་འཕགས་མཆོག་མཉེས་པའི་མཆོད་སྤྲིན་ལ། 2
19 མཁའ་སྤྱོད་མའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 4
20 མཁའ་སྤྱོད་མའི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་ལ། 1
21 མཁའ་སྤྱོད་མའི་རྒྱས་པའི་སྦྱིན་སྲེག་བྱ་ཚུལ་ལ། 3
22 དཔལ་རྟ་མགྲིན་ལྕགས་རལ་ཅན་གྱི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་གི་ཆོ་ག་དགེ་ལེགས་འདབ་སྟོང་བཞད་པའི་ཉིན་བྱེད་ལ། 13
23 རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་སྒོ་ནས་བཀྲུ་བྱབས་བསྲུང་གསུམ་གྱི་དུག་དབྱུང་དང་བཅས་པ་བྱ་ཚུལ་ཉེས་ཚོགས་ཀུན་སེལ་ལ། 8
24 ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཟེར་ལ། 9
25 འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཁ་བ་ཅན་རྗེས་སུ་བཟུང་ཚུལ་དང་མཚན་དང་ཡིག་དྲུག་བརྗོད་པའི་ཕན་ཡོན་མདོར་བསྡུས་ལ། 5
26 ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་སྨྱུང་གནས་ཆོ་ག་དང་འབྲེལ་བའི་བདག་འཇུག་ལེན་ཚུལ་དགེ་ལེགས་ཀུན་འབྱུང་ལ། 12
27 འཕགས་མཆོག་སྤྱན་རས་གཟིགས་བཅུ་གཅིག་ཞལ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་གདུང་སེལ་བདུད་རྩིའི་ཆུ་རྒྱུན་ལ། 8
28 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་མདོར་བསྡུས་ཆོས་སྲུང་གཏོར་འབུལ་དང་བཅས་པ་དངོས་གྲུབ་ཀུན་འབྱུང་ལ། 10
29 སྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ་ལ། 31
00940 ཁ་
1 བླ་མའི་རྣལ་འབྱོར་ལེགས་ཚོགས་ཀུན་གྲོལ་ལ། 9
2 བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ལ། 3
3 བླ་མགོན་དབྱེར་མེད་ཕྱུག་དྲུག་པའི་རྒྱས་པའི་གཏོར་སྒྲུབ་ཀྱི་འདོན་བསྒྲིགས་ལ། 17
4 གསོལ་འདེབས་ལེགས་ཚོགས་དོན་གྲུབ་ལ། 16
5 ཟབ་དོན་གཅོད་ཀྱི་གདམས་པའི་ཁྲིད་ཡིག་མན་ངག་བདུད་རྩིའི་སྙིང་པོ་ལ། 65
6 ཆབ་གཏོར་ཤྰཀ་ཐུབ་མའི་ཁྲིད་ཡིག་འདོད་དགུའི་ཆར་འབེབས་ལ། 7
7 དཔལ་འཁོར་ལོ་སྡོམ་པའི་ཚོགས་མཆོད་མདོར་བསྡུས་བདེ་ཆེན་དཔལ་སྟེར་ལ། 2
8 མ་ཅིག་ཁྲོས་མའི་སྒྲུབ་ཐབས་རྒྱུན་ཁྱེར་དངོས་གྲུབ་ཀུན་འབྱུང་ལ། 2
9 གཅོད་ཀྱི་སྨོན་ལམ་ལ། 1
10 མཁའ་འགྲོ་སྙན་བརྒྱུད་ཀྱི་སྒོ་ནས་གཉན་ཁྲོད་བརྒྱ་རྩ་འགྲིམས་ཚུལ་གྱི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་ལ། 4
11 སྒྲོལ་དཀར་ཚེ་སྒྲུབ་མདོར་བསྡུས་འཆི་མེད་བདུད་རྩིའི་དགའ་སྟོན་ལ། 3
12 སྒྲོལ་དཀར་ཚེ་སྒྲུབ་རྒྱུན་ཁྱེར་དང་འབྲེལ་བའི་བུམ་སྒྲུབ་བཅས་ལ། 3
13 སྒྲོལ་མ་མན་ཌལ་བཞི་པའི་ཆོ་ག་ལེགས་ཚོགས་ཀུན་འབྱུང་ལ། 6
14 བསྙེན་གནས་ཀྱི་སྡོམ་པ་འབོག་ཚུལ་སྔོན་འགྲོའི་ཆོས་བཤད་མདོར་བསྡུས་ལ། 4
15 སེང་གདོང་གཙོ་འཁོར་གསུམ་པའི་ཞི་རྒྱས་སྦྱིན་སྲེག་བྱ་ཚུལ་ལེགས་ཚོགས་ཀུན་འབྱུང་ལ། 7
16 ཀུན་རིག་རྣམ་པར་སྣང་མཛད་ལ་བརྟེན་ནས་རུས་ཆོག་བྱ་ཚུལ་སྡིག་སྒྲིབ་ཀུན་སྦྱོང་བདུད་རྩིའི་བུམ་བཟང་ལ། 4
17 ཕུང་པོ་གསུམ་པའི་ཆོ་ག་ལ་བརྟེན་ནས་སྡིག་ལྟུང་སྦྱོང་ཚུལ་གྱི་ཆོ་ག་ཉེས་ལྟུང་དག་བྱེད་བདུད་རྩིའི་ཆུ་རྒྱུན་ལ། 6
18 བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་དག་ཞིང་བགྲོད་པའི་ཐེམ་སྐས་ལ། 3
19 ཐར་མདོའི་སྨོན་ལམ་དང་ཤེར་ཕྱིན་གྱི་སྨོན་ལམ་བཅས་ལ། 2
20 ཕྱུག་མཆོད་བསྐོར་བ་སོགས་བགྱིས་པའི་དགེ་བསྔོའི་སྨོན་ཚིག་ལ།
21 དགེ་བསྔོའི་སྨོན་ཚིག་འདོད་དོན་མྱུར་འགྲུ།ཤབྷ་ལའི་སྨོན་ལམ།མདོ་སྡེ་ཐར་པ་ཆེན་པོའི་པར་བྱང་སྨོན་ཚིག་སྨན་བླའི་མདོ་ཆོག་གི་མཇུག་ཏུ་སྦྱོར་རྒྱུའི་སྨོན་ཚིག་སྨོན་ཚིག་འདོད་དོན་ལྷུན་གྲུབ།རྡོ་རྗེ་གཅོད་པའི་མཇུག་ཏུ་སྦྱོར་རྒྱུའི་སྨོན་ཚིག་ལྟུང་བཤགས་ཁ་འདོན་བྱས་པའི་མཇུག་ཏུ་འདོན་རྒྱུའི་སྨོན་ལམ།བཀའ་འགྱུར་འདོན་སྐབས་དགེ་བསྔོའི་སྨོན་ཚིག་གསེར་གྱི་བརྒྱད་སྟོང་པའི་གླེགས་བམ་བཞེངས་པའི་དགེ་བསྔོའི་སྨོན་ཚིགདགེ་སྦྱོར་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་སོགས་ལ། 19
22 བར་དོ་ངོ་སྤྲོད་དང༌།འཕོ་བའི་དམིགས་རིམ་མདོར་བསྡུས་ལ། 13
23 བསྔོ་བའི་སྐོར་བྱང་ཆེན་ཐེམ་སྐས་ལ། 7
24 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་འབུལ་མདོར་བསྡུས་དང་གསེར་སྐྱེམས་འབུལ་ཚུལ་ཆོས་སྲུང་དགྱེས་པའི་མཆོད་སྤྲིན་ལ། 21
25 སྒྲུབ་བརྒྱུད་བསྟན་པའི་འབྱུང་གནས་གནས་མཆོག་བཀྲ་ཤིས་འཁྱིལ་གྱི་རྟེན་བཤད་ལ། 9
26 རྗེ་བཙུན་སེང་གེ་སྒྲའི་མངོན་རྟོགས་དང་བུམ་ཆོག་མདོར་བསྡུས་སོགས་གསུང་ཐོར་བུའི་སྐོར་ལ། 47
27 བསངས་ཀྱི་ཆོ་ག་དགེ་ལེགས་ཆར་འབེབས་ལ། 23
00941 ག་
1 རྗེ་བཙུན་བླ་མ་རྣམས་ལས་མདོ་སྔགས་ཀྱི་་བསྡུས་པའི་ཆོས་ཀྱི་་བདུད་རྩིའི་བགོ་སྐལ་ཅུང་ཟད་ཐོབ་པའི་རིམ་པ་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ལ། 1
2 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བཅུ་ཆའི་སྦྱིན་སྲེག་གི་ངག་འདོན་བཀླགས་ཆོག་ཏུ་བཀོད་པ་ལ། 10
3 དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བསྙེན་སྒྲུབ་སྦྲགས་མ་དངོས་གྲུབ་ཀྱི་རྫས་སྒྲུབ་ཚུལ་གྱི་ཆོ་ག་དངོས་གྲུབ་ཀུན་འབྱུང་ལ། 5
4 དངོས་གྲུབ་རྫས་ལེན་སྐབས་ཀྱི་འདོད་གསོལ་ལ། 1
5 འཇིག་རྟེན་པའི་མེ་ལྷའི་བསྙེན་པ་བྱེད་ཚུལ་ལ། 6
6 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྙེན་སྒྲུབ་སྦྲགས་པའི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་ལ། 4
7 སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དངོས་གྲུབ་ཀྱིར་ཛས་སྒྲུབ་ཚུལ་ལ། 3
8 འཇིག་རྟེན་པའི་མེ་ལྷའི་བསྙེན་པ་དང་བཅུ་ཆའི་སྦྱིན་སྲེག་བྱེད་ཚུལ་ལ། 4
9 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལྷ་དགུའི་བཅུ་ཆའི་སྦྱིན་སྲེག་གི་ངག་འདོན་ལ། 8
10 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་བསྙེན་ཆེན་དང་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་གྱི་འདོན་བསྒྲིགས་མདོར་བསྡུས་ལ། 7
11 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མ་ལ་བརྟེན་པའི་མེ་ལྷའི་བསྙེན་པ་དང་བཅུ་ཆའི་སྦྱིན་སྲེག་ལ། 6
12 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་ཀུན་འབྱུང་ལ། 8
13 བླ་མེད་རྡོ་རྗེ་ཐེག་པའི་ལམ་གྱི་གནད་སྟོན་པ་མན་ངག་བདུད་རྩིའི་སྙིང་པོ་ལ། 6
14 རྣལ་འབྱོར་མའི་བསྙེན་སྒྲུབ་སྦྲགས་མའི་ཆོ་ག་ལ། 8
15 དཔལ་ལྡན་ལྷ་མོར་མཆོད་གཏོར་འབུལ་ཚུལ་ལ། 5
16 ཁྲི་བཤད་ལ། 16
17 ཆོས་ལ་བསྐུལ་བའི་བསླབ་བྱ་ལ། 10
18 ཡུལ་ལྷ་སེ་ཀུ་བྱ་ཁྱུང་ལ་དབང་འཕྲིན་སྒྲུབ་ཚུལ་ལ། 5
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅།།ཨོ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ནི་མདོ་སྨད་རེབ་ཀོང་གསེར་ལྗོངས་དབེན་གནས་སེང་གེ་རྩེའི་ཉེ་འདབས་ལྕང་ལུང་ཞེས་པར་ལྡོང་གི་རིགས་སུ་ཡབ་ཆོས་འབུམ་རྒྱས་དང༌།ལུམ་ཀླུ་མོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་1805 ལོ་ལ་འཁྲུངས།དགུང་ལོ་དྲུག་ཐོག་རོང་པོ་དགོན་ཆེན་དུ་གདན་དྲངས།དགུང་ལོ་བདུན་ལ་རོང་སྤྲུལ་དགེ་འདུན་མཁྱེན་རབ་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་དགེ་འདུན་ལུང་
རིགས་རྒྱ་མཚོ་ཞེས་གསོལ།དགུང་ལོ་བརྒྱད་ཐོག་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ལུང་གསན།དགུང་ལོ་བཅུ་གཉིས་ལ་ཐོས་བསམ་ནོར་བུ་གླིང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་བཅོ་ལྔ་ལ་རྣམ་འགྲེལ་འཛིན་གྲྭར་ཕེབས།དགུང་ལོ་ཉི་ཤུ་ལ་གསེར་ཁང་བློ་བཟང་བསྟན་འཛིན་གྱི་དྲུང་དུ་བསྙེན་རྫོགས་བསྒྲུབས།མཚན་བློ་བཟང་ལུང་རིགས་རྒྱ་མཚོ་ཞེས་གསོལ།དགུང་ལོ་ཉེར་ལྔ་ལ་གཞུང་ཆེན་བཀའ་པོད་ལྔའི་གསན་བསམ་མཐར་ཕྱིན་མཛད་རྗེས་ཤིང་བཟའ་བློ་བཟང་དར་རྒྱས་དང༌།གསེར་ཁང་པ།སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་གྲགས་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།གྱང་སྐྱའི་རི་ཁྲོད་དུ་རྒྱུན་རིང་བཞུགས།དགུང་ལོ་ང་དགུའི་ཐོག་རོང་པོར་ཕེབས་ནས་ཆོས་སྐོར་རྒྱ་ཆེར་བསྐོར།དགུང་ལོ་བདུན་ཅུ་ཐམ་པར་ལྕང་ལུང་ཁྲི་རྒན་སྤྲུལ་སྐུའི་རབ་བྱུང་སྡོམ་པ་བཞེས།མཚན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ།སྐུ་ཚེ་འདིར་རབ་བྱུང་དང་བསྙེན་རྫོགས་ཀྱིས་དོམ་པ་གནང་བའི་མི་གྲངས་ལྔ་སྟོང་ཙམ་ཟིན།དགུང་ལོ་དོན་ལྔ་ལོ་སོག་ལ་དུ་ཕེབས་ནས་ཆོས་འཁོར་བསྐོར།དགུང་ལོ་གྱ་བཞི་སྟེ་ས་ཁྱི་1888 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གསུམ་བཞུགས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn