སེར་སྔགས་མཁན་ཟུར་ནམ་མཁའ་བསྟན་སྐྱོང་གི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-09-30 07:12:39         ཀློག་ཐེངས།  

པར་བོད།ཤོག་གྲངས།

00925 དང་པོ།

ཀ1 གསང་ཆེན་རྒྱུད་སྡེའི་ཡང་སྙིང་ཐུན་དྲུག་རྣལ་འབྱོར་གྱི་དམིགས་རིམ་གསལ་བར་བཀོད་པ་རྡོ་རྗེ་འཆང་བླ་མའི་ཞལ་ལུང་ལ། 16

ཀ2 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་རྒྱུན་གྱི་རྣལ་འབྱོར་ལ་ཆག་མེད་དུ་བྱ་བའི་ཚུལ་མདོར་བསྡུས་བཀླགས་ཆོག་ཏུ་བསྒྲིགས་པ་གསང་ཆེན་རྒྱུད་སྡེའི་བཅུད་བསྡུས་མཁས་གྲུབ་དགོངས་པའི་ཉིང་ཁུ་ལ།25

ཀ3 བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐྱེ་བདག་བསྐྱེད་མདོར་བསྡུས་ལ། 2

ཁཀུན་རིག་གི་བསྙེན་པ་ཇི་ལྟར་བྱ་ཚུལ་རབ་གསལ་ཉི་མའི་སྣང་བ་ལ། 12

གབཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་གའི་ངག་འདོན་གྱི་རིམ་པ་ཁྲིགས་ཆགས་སུ་བཀོད་པའི་གནད་དོན་སོར་རྩེ་ལྟར་བསྟན་པ་ཐབས་མཁས་དེད་དཔོན་ལ།85

ངདེའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་གྱི་ཆོ་ག་ལག་ལེན་གསལ་བར་བཀོད་པ་ལེགས་བཤད་རྒྱ་མཚོའི་གཅེས་བསྡུས་དོན་ཟབ་དབང་གི་རྒྱལ་པོ་ལ། 26

ཅ1 ཀུན་རིག་གི་དཀྱིལ་འཁོར་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་སྐབས་ཀྱི་ཆོ་ག་དང༌།བློས་བསླངས་ཀྱི་སྐོར་བཤད་པ་ལེགས་བཤད་ནོར་བུའི་དོ་ཤལ་ངོ་མཚར་རྒྱ་མཚོའི་བཀོད་པ་ལ། 21

ཅ2 ཀུན་རིག་གི་རྡུལ་ཚོན་དང་འབྲེལ་སྐབས་དེ་ཉིད་ཆབ་འདྲེན་གྱི་ཚེ་ཀླུ་ཆོག་བྱ་ཚུལ་ཕན་བདེའི་མཆོག་སྦྱིན་ལ། 9

ཅ3 ཀུན་རིག་གི་སྒོ་ནས་སྐྲ་རུས་ཆོ་ག་བྱ་ཚུལ་དང༌།སཙྪ་འདེབས་མཆོག་བཅས་དཀྱུས་གཅིག་ཏུ་བཀོད་པ་སྡིག་མུན་འཇོམས་བྱེད་ལེགས་བཤད་ཟླ་ཚེས་གསར་པའི་དགའ་སྟོན་ལ། 6

ཆབྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ངག་འདོན་ཆེ་འབས་སུ་བཀོད་པ་ལ། 20

ཇབྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོའི་ཟིན་བྲིས་སྦྱོར་བའི་ཆོས་དྲུག་ཐུབ་བསྟན་མཛེས་ལྡན་ལ་ཁུངས་ལྡན་མན་ངག་དུ་མས་སླར་ཡང་བལྡན་ཏེ་ཅུང་ཟད་གསལ་བར་བྱས་པ་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ཞལ་བཟང་བལྟ་བའི་དྭངས་ཤེལ་མེ་ལོང་ལ། 182

ཉརྗེ་བཙུན་དངུལ་ཆུ་བ་ཆེན་པོ་ཡབ་སྲས་རྣམས་མཇལ་ནས་གསུང་འབུམ་གྱི་ལུང་ཐོབ་ཚུལ་གྱི་དཀར་ཆག་བཅས་ཕྱོགས་གཅིག་ཏུ་བཀོད་པ་དད་པའི་གསོལ་འདེབས་ལ། 18

ཏའདམ་ཉིན་བཞུགས་ཁང་དམར་སྐོར་གྱི་ཐུབ་པའི་རིང་ལུགས་འཛིན་པའི་དགེ་འདུན་རྣམས་ཀྱིས་དབྱར་དགུན་འདུས་ཚོགས་གཉིས་ལས་འཕྲོས་པའི་དགེ་སྦྱོར་བྱ་ཚུལ་གྱི་སྤྱོད་ཚུལ་ཡོན་པོ་སྲོང་པའི་དྲང་པོའི་ཐིག་ཤིང་ལ། 22

ཐབསྟན་སྲུང་ཆེན་པོ་ཤུགས་ལྡན་འབར་བ་རྩལ་གྱི་བསྐད་འཕྲིན་མདོར་བསྡུས་བྱ་ཚུལ་ལས་བཞིའི་འཕྲིན་ལས་འགུགས་པའི་མྱུར་མགྱོགས་འཕྲུལ་གྱི་ཕོ་ཉ་ལ། 6

དལྷ་བཙན་ཆེན་པོ་ཇག་པ་མེ་ལེན་གྱི་གཏོར་ཆོག་ཉུང་དུ་ཁྱེར་བདེར་བཀོད་པ་དགྲ་དཔུང་འཇོམས་པའི་རལ་གྲིའི་འཁྲུལ་འཁོར་དང༌།རྒྱུན་ཁྱེར་གཏོར་ཆེན་དགྱེས་པའི་སྒྲ་དབྱངས་བཅས་ལ། 10

ནརུ་འདྲེན་ཆེན་པོ་སྦིད་ལྷ་དཔུང་པའི་གསོལ་མཆོད་སྙན་པའི་རྔ་གསང་ལ། 2

00926 གཉིས་པ།

ཀརྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ་ཅ་པར་བཞུགས་པའི་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ཞབས་ལུགས་ལྷ་ལྔའི་སྒྲུབ་ཐབས་སྙིང་པོ་བསྡུས་པ་བདེ་ཆེན་འབྱུང་གནས་ལ། 6

ཁདཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་མངོན་དཀྱིལ་ཆོག་བསྒྲིགས་འཁྲུལ་བྲལ་མཁས་གྲུབ་ཞལ་ང་ལ། 36

གབདེ་མཆོག་དྲིལ་བུ་ལྷ་ལྔའི་ལས་རུང་གི་བསྙེན་པ་ཇི་ལྟར་བྱ་ཚུལ་གྱི་ཡི་གེ་གནད་ཀྱི་དོན་གསལ་ལ། 9

ངདཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་མདོར་བསྡུས་བྱ་ཚུལ་ཁྱད་ཆོས་གསུམ་ལྡན་ཞེས་བྱ་བ་དང༌།ཚོགས་མཆོད་དང་ས་བཅད་བསྡུས་པ་ནང་ཐིག་བཅས་ལ། 7

ཅདྲིལ་བུ་ལྷ་ལྔའི་ཚོགས་མཆོད་བྱ་ཚུལ་ལག་ལེན་ཀུན་གསལ་དང་དཔྱིད་སྒྲ་བར་དོ་འཇིགས་སྒྲོལ་གྱི་དཔའ་བོ་བཅས་ལ། 9

དཀར་ཆག་ལ། 4

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།སེར་སྔགས་མཁན་ཟུར་ནམ་མཁའ་བསྟན་སྐྱོང་ནི་འཕན་པོ་ཐང་ཤར་པའི་རིགས་སུ་རབ་བྱུང་བཅུ་གསུམ་པ་ས་ལུག 1799 ལོ་ལ་འཁྲུངས།ཆེང་དུས་སེ་རར་ཆོས་ཞུགས་མཛད།དགུང་ལོ་ཞེ་བརྒྱད་སྐབས་གཙང་དངུལ་ཆུར་ལན་གཉིས་ཙམ་ཕེབས་ནས་རྩ་བའི་བླ་མ་དྷ་སྦྱ་བྷ་དྲ་དང༌།ཁོང་གི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་གཉིས་ཀྱི་ཞབས་སུ་གཏུགས་ནས་ཆོས་མང་དུ་གསན།སེ་ར་སྔགས་པ་གྲྭ་ཚང་གི་མཁན་པོ་ཡང་ཡུན་རིང་གནང༌།དགུང་ལོ་རེ་བརྒྱད་སྐབས་ཀུན་རིག་འདོན་ཆོག་དང༌།སྦྱོར་བའི་ཆོས་དྲུག་གི་འདོན་བསྒྲིགས་གསར་སྒྲིག་གནང༌།སྐུ་གཤེགས་པའི་ལོ་རྒྱུས་ཁ་གསལ་མེད།འདིར་གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།