ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-05 12:06:32     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

བར་བོད།ཤོག་གྲངས།

00915

1 འཁྲུངས་རབས་གསོལ་འདེབས་དགེ་ལེགས་ཚོགས་གཉིས་ལ། 2

2 ཞབས་བརྟན་གསོལ་འདེབས་བདེ་ཆེན་ཆོས་སྐུ་མ་ལ། 2

470

3 འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་ཆེ་ཤོས་ངག་དབང་བསྟན་པ་དང༌།རྗེ་གོང་མའི་རྣམ་ཐར་སྟོད་ཆ་ལ། 94

4 དེའི་སྨད་ཆ་སྐྱབས་མཆོག་ཤིང་བཟའ་རྡོ་རྗེ་འཆང་གིས་མཛད་པ་ལ། 92

5 དུས་འཁོར་དང་འབྲེལ་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་མཆོག་གི་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ།4

6 རྗེ་ཙོང་ཁ་པ་ལ་སྟོང་མཆོད་འབུལ་བའི་ཆོ་ག་ཀུན་བཟང་འཁྲི་ཤིང་ལ། 17

7 བཅོམ་ལྡན་འདས་སྨན་གྱི་བླ་མར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་བསམ་འཕེལ་ནོར་བུ་ལ། 10

8 རྒྱལ་བ་འོད་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་ནོར་བུའི་ཕྲེང་མཛེས་བདེ་ལྡན་གནས་ཀྱི་སྒོ་འབྱེད་ལ།12

9 རྒྱལ་ཡུམ་འཕགས་པ་སྒྲོལ་མ་ལ་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་འདོད་དགུའི་མཆོག་སྦྱིན་ལ། 9

10 འཕགས་མཆོག་སྤྱན་རས་གཟིགས་ལ་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་ཀུན་བཟང་མཆོད་སྤྲིན་ལ། 16

11 སངས་རྒྱས་སྨན་གྱི་བླའི་བདག་བསྐྱེད་བྱ་ཚུལ་ལ། 5

12 སྨན་བླའི་མདུན་བསྐྱེད་བྱ་ཚུལ་གྱི་ཆོ་ག་ལ། 6

13 སྨན་བླ་ལ་བརྟེན་པའི་ལྷོ་སྒོ་གཏོང་ཚུལ་གྱི་ཆོ་ག་ཉམ་ཐག་དབུགས་འབྱིན་ལ། 7

14 དུས་འཁོར་ལུགས་ཀྱི་སྡོམ་པའི་ངོ་གྲངས་བྱས་ཏེ་ཕྱིར་བཅོས་བྱ་ཚུལ་ཉེས་ལྟུང་འཁྲུད་བྱེད་གངྒྰའི་ཆུ་རྒྱུན་ལ། 4

15 དཔལ་དུས་ཀྱི་འཁོར་ལོའི་དབང་གི་བརྒྱུད་འདེབས་ལ། 2

16 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷ་བཅུ་གསུམ་པའི་བསྙེན་ཡིག་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུ་ལ། 28

17 བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་མུ་ཏིག་ཕྲེང་མཛེས་ལ། 35

18 དུས་ཀྱི་འཁོར་ལོ་ལ་བརྟེན་ནས་གསོན་གཤིན་ལ་ཁྲུས་དབང་བསྐུར་ཚུལ་གྱི་ཆོ་ག་ཐར་ལམ་སྣང་བྱེད་ལ། 16

19 རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་དང་ལྷོ་བྱང་རྣམས་སུ་བསྟན་པ་དར་ཚུལ་དང་རིགས་ལྡན་འབྱོན་ཚུལ་སོགས་གསལ་བར་བཀོད་པ་རིགས་ལྡན་དགྱེས་པའི་མཆོད་སྤྲིན་ལ། 13

20 བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་ཆེ་ཀླུང་དུ་སྤྱན་འདྲེན་པའི་ཆོ་ག་དངོས་གྲུབ་རྣམ་གཉིས་འགུགས་པའི་ཀྱོ་བ་ལ། 4

21 རྗེ་བཙུན་སྒྲོལ་མའི་ཀྰ་ཡའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་གི་ཆོག་བསྒྲིགས་ལ། 16

22 བཅོམ་ལྡན་འདས་ཀུན་རིག་ལ་བརྟེན་ནས་གསོན་པོར་སྦྱང་ཆོག་བྱ་ཚུལ་ཐར་ལམ་གསལ་བྱེད་ལ། 4

23 འཕགས་མཆོག་སྤྱན་རས་གཟིགས་དོན་ཡོད་ཞགས་པ་ལྷ་ལྔ་ལ་བརྟེན་པའི་བུམ་ཆོག་དང་འབྲེལ་བར་བཀྲུ་བྱབས་བསྲུང་གསུམ་བྱ་ཚུལ་འདོད་དགུའི་མཆོག་སྦྱིན་ལ། 10

24 རྗེ་བཙུན་བརྟན་པའི་འཁོར་ལོའི་བསྙེན་ཡིག་དང་སྦྱིན་སྲེག་འབུལ་ཚུལ་གྱི་ཆོ་ག་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་ལ། 11

25 རབ་གནས་བཀྲ་ཤིས་སྙེ་མའི་དགོངས་གསལ་ཤེལ་དཀར་མེ་ལོང་ལ། 21

26 ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ལ་གསོལ་བ་འདེབས་ཚུལ་བསམ་པ་དོན་གྲུབ་མ་ལ། 3

27 རིང་འཚོའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་མ་ལ། 3

28 པཎ་ཆེན་ཐམས་ཅད་མཁྱེན་པ་ཡབ་སྲས་སོགས་དམ་པ་རྣམས་ཀྱིས་མ་འོང་ཤབྷ་ལར་རྗེས་འཛིན་སྨོན་ཚིག་དོན་གཉིས་དོན་གྲུབ་ལ། 2

29 འཇམ་མགོན་བསྟན་པའི་སྒྲོན་མེ་དམར་སྙུང་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་འཁྲུངས་རབས་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་འཆི་མེད་དཔལ་སྟེར་ལ། 3

30 རྒྱ་ཡག་མཁན་པོའི་མྱུར་བྱོན་གསོལ་འདེབས་མཆོག་སྤྲུལ་ཉིན་བྱེད་འདྲེན་པའི་ཤིང་རྟ་ལ། 2

31 མྱུར་བྱོན་གསོལ་འདེབས་ཡང་སྲིད་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལ། 2

32 གཟིམ་ཁང་མཆོག་སྤྲུལ་རིན་པོ་ཆེའི་མྱུར་བྱོན་གསོལ་འདེབས་སྤྲུལ་སྐུའི་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལ། 2

33 རྗེ་བཙུན་བླ་མ་རྣམ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་བྱིན་རླབས་མྱུར་འཇུག་ལ། 2

34 བསྟན་པའི་གསལ་བྱེད་དམ་པ་དམར་སྙུང་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་དད་པའི་པདྨོ་འབྱེད་པའི་ཉིན་བྱེད་ལ།2

35 ཞབས་བརྟན་གསོལ་འདེབས་ཐུགས་རྒྱུད་རྔ་ཆེན་བསྐུལ་བའི་དབྱུག་གུ་ལ། 2

36 རྒྱལ་ཀུན་སྙིང་རྗེ་མ་ལ། 2

37 བཟང་སྤྱོད་སྨོན་ལམ་གྱི་འདོན་ཐབས་ཀུན་བཟང་མཆོད་སྤྲིན་ལ། 4

38 འཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་དོན་གཉིས་རབ་གསལ་མེ་ལོང་ལ། 7

39འུན་དུར་དེ་ལིའི་ཧུ་རལ་གྱི་བཅའ་བསྒྲིབས་ལ། 4

40 ལམ་རིམ་གྲྭ་ཚང་གི་ཁྲིམས་སུ་བཅའ་བའི་ཡི་གེ་ལ། 11

41 སུ་ཉིད་བཀྲ་ཤིས་དར་རྒྱས་གླིང་གི་མཚན་ཉིད་གྲྭ་ཚང་བཤད་སྒྲུབ་ཐོས་བསམ་གླིང་གི་བཅའ་ཡིག་རབ་གསལ་དངུལ་དཀར་མེ་ལོང་ལ། 10

42 དགའ་ལྡན་བསྟན་རྒྱས་གླིང་གི་སྒྲུབ་མཆོད་སྐོར་གྱི་བཅའ་བསྒྲིགས་འགྱུར་མེད་བཞི་ལྡན་ལ། 5

43 མགོན་དཀར་ཡིད་བཞིན་ནོར་བུ་ལ་མཆོད་གཏོར་འབུལ་ཚུལ་སྲིད་ཞིའི་འདོད་རྒུ་འགུགས་པའི་ལྕགས་ཀྱུ་ལ། 3

44 ཁྲོ་རྒྱལ་རྡོ་རྗེ་ཤུགས་ལ་མཆོད་གཏོར་འབུལ་ཚུལ་ལྷ་མཆོག་དགྱེས་པའི་རོལ་མོ་ལ། 3

45 གསུང་གི་རྒྱལ་པོ་ལ་གཤེགས་གཏོར་འབུལ་ཚུལ་ཁྱེར་བདེ་ལ། 3

46 ཁྲོ་རྒྱལ་རྡོ་རྗེ་ཤུགས་ལ་ཚོགས་མཆོད་འབུལ་ཚུལ་གྱི་ཆོ་ག་འདོད་དགུའི་མཆོག་སྦྱིན་ལ། 4

47 ཚོགས་ཀྱི་་བདག་པོ་ལ་མཆོད་གཏོར་འབུལ་ཚུལ་ལྷ་ཆེན་དགྱེས་པའི་སྒྲ་དབྱངས་ལ། 2

48 ཛམ་དཀར་ལྷ་ལྔ་ལ་གསོལ་མཆོད་མདོར་བསྡུས་འབུལ་ཚུལ་འདོད་རྒུའི་རེ་སྐོང་ལ། 3

49 ཆེ་རུང་ཁའི་ཡུལ་གྱི་གནས་བདག་ཐེག་བརྟན་ཞེས་གྲགས་པར་བསངས་མཆོད་འབུལ་ཚུལ་གྱི་ཆོ་ག་འདོད་རྒུའི་མཆོག་སྦྱིན་ལ། 3

50 མགོན་དཀར་ཡིད་བཞིན་ནོར་བུ་ལ་བརྟེན་པའི་གཡང་འགུགས་པའི་ཆོ་ག་སྲིད་ཞིའི་ཕུན་ཚོགས་འགུགས་པའི་ཀྱོ་བ་ལ། 6

51 ལྷ་མོ་བུ་རྫི་མ་ལ་བརྟེན་པའི་གཡང་འགུགས་ཀྱི་ཆོ་ག་སྲིད་གཡང་འགུགས་པའི་ལྕགས་ཀྱུ་ལ། 6

52 ལམ་གྱི་གཙོ་བོ་རྣམ་གསུམ་ལ་སྨོན་ལམ་བྱ་ཚུལ་དགེ་ལེགས་མཆོག་སྦྱིན་ལ། 2

53 ཡབ་རྗེརྒྱལ་བ་གཉིས་པའི་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་བསྔགས་བརྗོད་མདོར་བསྡུས་མེ་ཏོག་

གསར་པའི་ཆེན་པོ་ལ། 7

54 ཚ་གསུར་གཏོང་བའི་ཆོ་ག་སྐལ་ལྡན་རེ་སྐོང་ལ། 5

55 མགོན་པོ་འཇམ་དཔལ་དབྱངས་ཀྱི་སྒོ་ནས་ཤོ་མོ་འདེབས་ཚུལ་ལྐོག་གྱུར་གསལ་བའི་མེ་ལོང་ལ། 7

56 ལྔ་མཆོད་སྐབས་ཀྱི་མར་མེ་འབུལ་ཚུལ་གྱི་ཆོ་ག་འཇམ་མགོན་དགྱེས་པའི་མཆོད་སྤྲིན་ལ། 10

57 གནས་བདག་འཇིགས་མེད་སེང་གེའི་བསངས་མཆོད་སོགས་བསངས་མཆོད་སྐོར་ལ། 8

58 མདོ་སྨད་སྐུ་འབུམ་ཆེ་ཤོས་སྤྲུལ་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་འཁྲུངས་རབས་གསོལ་འདེབས་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་སྲིད་ཞིའི་གདུང་སེལ་ལ། 2

59 བྱ་དཀའི་ལྡན་གྱིས་སྤྲས་པའི་ཚིགས་བཅད་འདི་བྱ་ལོར་ཉི་མ་འཕུལ་ཐབས་ཙམ་དུ་བྲིས་ཞེས་པའི་རྒྱབ་བྱང་ཅན་ལ།2

60 མཁས་དབང་ཐོ་ཡོན་བླ་མ་ནས་དྲི་བ་བྱས་པའི་ལན་ཐད་ཀར་འགྲོ་མིན་ལུང་རིགས་སྒྲོ་ཟད་ཉག་ཕྲན་ལ། 8

61 ལྷ་ཆེན་ཐུགས་ཀྱི་པདྨོའི་ཚལ་ཡངས་པོར་བཞད་བྱེད་བསངས་ཆོག་འོད་སྟོང་ཅན་འདི་ཤར་ཞེས་པའི་རྒྱབ་བྱང་ཅན་ལ། 3

62 ལྷ་ཆེན་ཐུགས་ཀྱི་ཀུན་དའི་ཚལ་ཆེན་པོ་རྒྱས་བྱེད་བསངས་ཆོག་འོད་དཀར་ཅན་འདི་ཤར་ཞེས་པའི་རྒྱབ་བྱང་ཅན་ལ། 3

དཀར་ཆག་ལ། 4

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ནི་མདོ་སྨད་ཙོང་ཁ་ཆེ་རུལ་ཁ་ཞེས་པར་ཡབ་སྔགས་འཆང་ཚེ་དབང་དང༌།ཡུམ་སྐྱིད་རི་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་ལུག་1787 ལ་འཁྲུངས།མཚན་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ།ལོ་དེར་གདན་སར་གདན་དྲངས།དགུང་ལོ་དགུ་ལ་མི་ཉག་མཁན་པོ་ཚུལ་ཁྲིམས་བསྟན་པའི་ཉི་མའི་སར་དགེ་ཚུལ་སྡོམ་པ་མནོས།མཚན་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ།དགུང་ལོ་བཅུ་གསུམ་ལ་སྐུ་འབུམ་དགོན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་ལ་གསན་བསམ་མཛད།དགུང་ལོ་བཅོ་ལྔའི་ཐོག་དབུས་གཙང་དུ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་བུའི་གླིང་དུ་ཆོས་གྲྭར་ཞུགས་ནས་མཁན་པོ་གྲགས་པ་མཁས་གྲུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད།དགུང་ལོ་ཉེར་གཅིག་ལ་གྲྭ་སྐོར་མཛད།དགུང་ལོ་ཉེར་གཉིས་པར་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས།དེ་ནས་མདོ་སྨད་དུ་ཕྱིར་ཕེབས།ཤིང་བཟའ་བློ་བཟང་དར་རྒྱས་བླ་མར་བསྟེན།དགུང་ལོ་ཉེར་དྲུག་ལ་རྒྱུད་པའི་ཁྲིར་ཕེབས།དགུང་ལོ་སུམ་ཅུ་ཐམ་པར་སྐུ་འབུམ་གྱི་ཁྲི་ཆེན་ལ་ཕེབས།ཁོང་བྱང་ཕྱོགས་ཧོར་གྱི་ཡུལ་སྨད་སོག་ཏུ་ཐེངས་དྲུག་ཕེབས་ནས་ཐེངས་རྗེས་མར་ཏ་ཡན་ཆི་བླ་མའི་དགོན་པར་མཚན་ཉིད་གྲྭ་ཚང་དང༌།དར་ཧན་བེ་ལིག་དར་རྒྱས་ཆོས་གླིང་དུ་དུས་འཁོར་གྲྭ་ཚང༌།ཨ་བྷ་ཀ་དགའ་ལྡན་བཤད་སྒྲུབ་གླིང་དུ་ལམ་རིམ་གྲྭ་ཚང་སོགས་གསར་སྐྲུན་མཛད།དགུང་ལོ་དོན་གསུམ་སྟེ་ས་ལུག 1859ལོར་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn      

བརྒྱུད་འགོད།