ལྕང་ལུང་པན་ཌི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག
པར་པོད།ཤོག་གྲངས།
00877 ཀ་
1 ཟབ་ལམ་བླ་མ་མཆོད་པའི་སྙིང་པོ་ཉམས་སུ་ལེན་ཚུལ་དངོས་གྲུབ་ཀུན་འབྱུང་ལ། 15
2 དགེ་སྦྱོར་སྐྱོང་ཚུལ་རྒྱལ་བ་གཉིས་པའི་ཐུགས་ཀྱི་ཉིང་ཁུ་ཐར་པའི་ཉེ་ལམ་ལ། 3
3 སྔོན་རྒྱ་གར་དུ་ཁྱིའུ་མིག་གི་དགའ་སྟོན་དུ་སྐྱེ་བ་བཞེས་པའི་རྟོགས་བརྗོད་རིན་ཕྲེང་ལ། 6
4 སྐྱབས་གནས་རྒྱ་མཚོར་གསོལ་བ་འདེབས་པའི་སྨོན་ཚིག་འཆི་མེད་གྲུབ་པའི་བཀྲ་ཤིས་རྒྱང་སྒྲ་ལ། 3
5 སྐྱེས་རབས་དང་འབྲེལ་བའི་རིང་འཚོའི་གསོལ་འདེབས་འཆི་མེད་གྲུབ་པའི་བཅུད་ལེན་ལ། 2
6 གསོལ་འདེབས་འདོད་གསོལ་དང་བཅས་མཆོག་གསུམ་ཐུགས་རྗེ་བསྐུལ་བྱེད་ལྷའི་པི་ཝང་ལ། 3
7 བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་གྱི་རིམ་པ་ལེགས་བཤད་བདུད་རྩིའི་ཟིལ་མངར་ལ། 34
8 དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་བདག་འཇུག་རྒྱུན་གྱི་རྣལ་འབྱོར་བྱ་ཚུལ་མདོར་བསྡུས་ལ། 12
9 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ལས་རྒྱལབའི་རུ་མཚོན་ལ། 5
10 རབ་གནས་མདོར་བསྡུས་བྱ་ཚུལ་ལ། 4
11 དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ཐོབ་ཡིག་དངོས་གྲུབ་སྒོ་འབྱེད་ལ། 10
12 དམག་ཟོར་མའི་བརྒྱུད་འདེབས་ལ། 3
13 བླ་མ་དང་དཔལ་ལྡན་ལྷ་མོ་དབྱེར་མེད་ཀྱི་རྣལ་འབྱོར་སྐྱོང་ཚུལ་གྲུབ་གཉིས་རྫོགས་ལྡན་གསར་པའི་དགའ་སྟོན་ལ།9
14 དཔལ་ལྡན་ལྷ་མོའི་གཏོར་ཆོག་མ་ཅིག་དགྱེས་པའི་མཆོད་སྤྲིན་ལ། 9
15 དཔལ་ལྡན་ལྷ་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་ཌ་ཀི་མའི་ཐུགས་ཀྱི་ཟེའུ་འབྲུ་དབྱེ་བར་བྱེད་པའི་མན་ངག་གནད་དོན་གསལ་བའི་སྒྲོན་མེ་ལ། 40
16 དཔལ་ལྡན་ལྷ་མོའི་བསྙེན་ཡིག་མདོར་བསྡུས་མཁའ་འགྲོ་དགྱེས་པའི་སྒྲ་དབྱངས་ལ། 6
17 ལྷ་མོའི་ཚོགས་མཆོད་ཀྱི་ཆོ་ག་དམག་ཟོར་རོལ་པའི་དགའ་སྟོན་ལ། 4
18 དཔལ་ལྡན་དམག་ཟོར་རྒྱལ་མོའི་འཕྲིན་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རིན་པོ་ཆེའི་བང་མཛོད་ལ། 18
19 དཔལ་ལྡན་ལྷ་མོའི་འཇམ་པོ་གསུམ་གྱི་གཏོར་སྒྲུབ་བྱ་ཚུལ་དངོས་གྲུབ་གངྒྰའི་ཆུ་རྒྱུན་ལ། 16
20 ལྷ་མོའི་གཏོར་མའི་མན་ངག་འཕྲིན་ལས་རྣམ་བཞི་དོན་གྲུབ་ལ། 5
21 ལྷ་མོའི་སྒོ་ནས་གློ་བུར་ལས་བཅོལ་ཟོར་འཕེན་ཚུལ་མཁའ་འགྲོའི་ཡིད་འགུལ་ལ། 11
22 དཔལ་ལྡན་ལྷ་མོ་ལ་ཕྱི་རྟེན་འཛུགས་པའི་ལག་ལེན་ནག་འགྲོས་སུ་བཀོད་པ་བསྟན་སྲུང་དགྱེས་པའི་མཆོད་རྫས་ལ།8
23 དཔལ་ལྡན་ལྷ་མོའི་བསྒོ་ནས་བཀའ་སྒོ་བྱེད་ཚུལ་འཇིགས་མེད་ཡེ་ཤེས་གུར་ཁང་ལ། 4
24 ལྷ་མོའི་ཤོ་སྒྲུབ་དང་ཞི་བའི་ལྷ་མོ་ལ་བརྟེན་ནས་ནད་སོགས་ཞི་བའི་ཐབས་ཀྱི་བུམ་པ་སྒྲུབ་ཚུལ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་ལ། 6
25 གནས་མཆོག་བསོད་ནམས་ཀུན་སྡུད་གླིང་གི་རྟེན་གཙོ་ཇོ་བོ་མཧྰ་བོ་རྡིའི་དཀར་ཆག་ཆེད་དུ་བརྗོད་པ་དྭངས་ཤེལ་མེ་ལོང་ལ། 20
26 ཇོ་བོ་མི་བསྐྱོད་རྡོ་རྗེ་སྲིད་ཞིའི་འཇིགས་སྐྱོབ་མའི་སྣང་བརྙན་གསར་བཞེངས་ཀྱི་དཀར་ཆག་བཀྲ་ཤིས་ཚངས་དབྱངས་ལ། 6
27 གནས་མཆོག་བསོད་ནམས་ཀུན་སྡུད་གླིང་གི་དཀར་ཆག་ཀ་ལ་པིངྒྰའི་སྒྲ་དབྱངས་ལ། 33
28 ཐུབ་དབང་གསུང་བྱོན་མ།རྟ་མགྲིན་ཡང་གསང་ལྷ་དགུའི་དཀར་ཆག་ལ། 2
00878 ཁ་
1 སྟོན་པ་ཐུབ་པའི་དབང་པོ་ལ་མཆོད་ཅིང་གསོལ་བ་འདེབས་ཚུལ་མདོར་བསྡུས་ལ། 3
2 བཅོམ་ལྡན་འདས་སྨན་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་མཚན་ནས་བརྗོད་ཅིང་གཟུངས་སྔགས་བཟླ་བ་དང་
འབྲེལ་བའི་འདོད་གསོལ་སྨོན་ལམ་དང་བཅས་པ་དངོས་གྲུབ་ཀུན་འབྱུང་ལ། 5
3 དེ་བཞིན་གཤེགས་པ་བདུན་གྱི་དབང་བསྐུར་བའི་ཆོ་ག་ཕན་བདེའི་འབྱུང་གནས་ཇི་ལྟ་བ་བཞིན་ནག་འགྲོས་སུ་བཀོད་པ་ལ། 25
4 བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་བྱིན་རླབས་མཆོག་གྲོལ་ལ། 12
5 མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་མགོན་པོ་ཚེ་དཔག་མེད་ལ་བརྟེན་ནས་ཚེའི་དངོས་གྲུབ་སྒྲུབ་པའི་ཆོ་ག་འཆི་མེད་བདུད་རྩིའི་བུམ་བཟང་ལ། 16
6 ཚེ་དཔག་མེད་སྐྱེ་བསྟོད་པ་ཚེ་དཔལ་པདྨོ་བཞད་པའི་ཉིན་བྱེད་གཞོན་ནུ་ལ། 2
7 ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་ཉམས་ལེན་རྒྱུན་ཁྱེར་ལ། 4
8 ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་དབང་ཆོག་ཚེ་དཔལ་འདབ་སྟོང་རྒྱས་བྱེད་ནམ་མཁའི་ནོར་བུ་ལ། 17
9 དཔལ་ཆེན་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་མདོ་ཙམ་བརྗོད་པ་དད་པའི་སྤུ་ལོང་གཡོ་བྱེད་ངོ་མཚར་སྣང་བ་དང་དེའི་ཟུར་རྒྱན་ལ། 86
10 བླ་མ་དང་བཅོམ་ལྡན་འདས་རྟ་མགྲིན་ཡང་གསང་ཁྲོས་པ་ངོ་བོ་དབྱེར་མེད་དུ་མོས་ནས་གསོལ་འདེབས་རྣལ་འབྱོར་བྱ་བའི་རིམ་པ་དངོས་གྲུབ་ཀུན་གྲོལ་ལ། 12
11 བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བརྒྱུད་འདེབས་ལ། 4
12 ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་ཉེར་བསགས་ལ། 17
13 ཡང་གསང་ཁྲོས་པའི་བསྙེན་ཡིག་དངོས་གྲུབ་ཀུན་གྲོལ་ཡིད་བཞིན་ནོར་བུ་ལ། 13
14 ཡང་གསང་ཁྲོས་པ་ལྷ་དགུའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་རྟ་མཆོག་དགྱེས་པའི་ཞལ་ལུང་ལ།
30
15 ཡང་གསང་ཁྲོས་པའི་བཀའ་བསྒོ་བྱེད་ཚུལ་འཇིགས་བྲལ་རྡོ་རྗེའི་ཟེགས་མའི་གོ་ཆ་ལ། 4
16 ཡང་གསང་ཁྲོས་པ་ལྷ་དགུའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་སྲིད་ཞིའི་གདུང་སེལ་གཏན་བདེའི་སྣང་བ་གསར་ངོམས་ལ། 14
17 ཆོས་སྐྱོང་ཆེན་པོ་དྲེག་པ་ལྕམ་སྲིང་གི་བརྒྱུད་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་ལ། 3
18 རྒྱལ་བའི་བསྟན་སྲུང་རྒྱལ་ཆེན་སྡེ་ལྔའི་གསོལ་མཆོད་ཀྱི་ཆོ་ག་འཕྲིན་ལས་འདོད་འཇོ་ལ། 10
19 བསྟན་སྲུང་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད་ལས་བཞིའི་འདོད་འཇོ་ལ། 9
20 བཀའ་སྲུང་གིང་ལྔ་གཟའ་གདོང་གི་སྲོག་དབང་ལ། 6
21 ཆོས་སྐྱོང་རྒྱལ་པོ་སྐུ་ལྔའི་ཞི་བའི་སྦྱིན་སྲེག་ཆོ་ག་དོན་གཉིས་འབྱུང་གནས་ལ། 6
00879 ག་
1 བཅོམ་ལྡན་འདས་འཁོར་ལོ་ཆེན་པོ་བསྙེན་ཐབས་ཀྱི་མན་ངག་གསང་བདག་དགྱེས་ཞལ་བལྟ་བའི་མེ་ལོང་ལ། 26
2 དཔལ་གསང་བདག་ཕྱུག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་ཆོ་ག་དངོས་གྲུབ་བདུད་རྩིའི་བུམ་བཟང་ལ། 36
3 དཔལ་ཕྱུག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་གི་སྔོན་འགྲོའི་བཤད་པ་ལ་ཉེ་བར་མཁོ་བའི་ཡིག་ཆུང་ལ། 8
4 གསང་བདག་སྙན་བརྒྱུད་ཆེན་མོ་ལས་དཔལ་ཕྱུག་ན་རྡོ་རྗེའི་སྒྲུབ་ཐབས་དང་དོན་དམ་སེམས་བསྐྱེད་ཀྱི་རྗེས་གནང་ཆོ་ག་ཕྱུག་ན་རྡོ་རྗེ་སྐུ་ལྔའི་སྒྲུབ་ཐབས།ཕྱུག་རྡོར་གཏུམ་པོ་ཕྱུག་གཉིས་པའི་ཐུགས་ཀར་ཕྱུག་དྲུག་པ་བཀོད་པའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་གསང་བདག་དགྱེས་པའི་མཆོད་སྤྲིན་དངོས་གྲུབ་མྱུར་གྲོལ།དཔལ་ཕྱུག་རྡོར་ཞལ་གསུམ་ཕྱུག་དྲུག་གི་སྒྲུབ་ཐབས་དང༌།དཔལ་ཕྱུག་རྡོར་གཏུམ་པོ་མེ་འབར་དྲག་པོའི་སྒྲུབ་ཐབས་བྱ་ཚུལ་གསང་བདག་དགྱེས་པའི་མཆོད་སྤྲིན་དངོས་གྲུབ་རབ་གྲོལ།དཔལ་ཕྱུག་རྡོར་དྲག་པོ་གསུམ་དྲིལ་བཅས་ཀྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་གསང་བདག་དགྱེས་པའི་མཆོད་སྤྲིན་དངོས་གྲུབ་བདེ་གྲོལ་བཅས་ལ། 39
5 སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་མན་ངག་བདེ་ལྡན་ཞིང་དུ་བགྲོད་པའི་ནོར་བུའི་ཐེམ་སྐས་ལ། 33
6 སངས་རྒྱས་བྱང་སེམས་མཚན་བརྗོད་ཡང་གསང་གི་བླ་བརྒྱུད་དང་བདུད་རྩི་སྨན་མཆོད་ཀྱི་ཁ་སྐོང་གསོལ་འདེབས་མིང་བསྔགས་དང་བཅས་པ།མན་ཌལ་བཞི་ཆོག་སྒྲོལ་མ་མྱུར་མ་དཔའ་མོའི་སྒོམ་བཟླས།སོ་སོར་འབྲང་མའི་མངོན་རྟོགས།ཁྲོ་རྒྱལ་གཙུག་འབར་བའི་སྒྲུབ་ཐབས།ཆོས་སྐྱོང་གི་འཁུ་ལྡོག་ཞི་བའི་མན་ངག་རྒྱུན་ཁྱེར་ཁྱབ་བདག་ལྕང་སྐྱ་རྡོ་རྗེ་འཆང་གི་འཁྲུངས་རབས་འབྲི་ཚུལ།གཙུག་ཏོར་འབར་བའི་སྒྲུབ་ཐབས་ཉུང་ངུ།མ་ཎི་རིལ་སྒྲུབ་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་ལ་བརྟེན་ནས་ཚེ་སྒྲུབ་བྱ་ཚུལ།དཔལ་ཆེན་རྟ་མགྲིན་ཡང་གསང་དང་འབྲེལ་བའི་ཚེ་སྒྲུབ།སྐྱབས་མགོན་ལྕང་སྐྱ་རིན་པོ་ཆེ་ཡབ་སྲས་གསུམ་གྱི་འཁྲུངས་རབས།ཀློང་རྡོལ་རྗེའི་ཞལ་གདམས་བཅས་ལ། 25
7 རྗེ་བཙུན་མ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་ཨུ་ཏྤལ་གསར་པའི་མ་ལྰི་ཀྭ་ལ། 13
8 རྗེ་བཙུན་མ་ཀུ་རུ་ཀུ་ལླེའི་གསང་སྒྲུབ་ལྷ་ལྔའི་སྒྲུབ་ཐབས་ཁམས་གསུམ་དབང་དུ་སྡུད་པའི་ཡེ་ཤེས་ལྕགས་ཀྱུ་ལ། 6
9 ཁྱབ་བདག་རྡོ་རྗེ་སེམས་པའི་ངོ་བོ་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་གསུང་འབུམ་བཀའ་རྒྱ་མའི་ཐོབ་ཡིག་གསེར་གྱི་སྐུད་པར་བརྒྱུས་པའི་རིན་ཆེན་དོ་ཤལ་ལ། 4
10 བཅོམ་ལྡན་འདས་སྨན་གྱི་བླ་མའི་སྐུ་བརྙན་སྲིད་ཞིའི་མཛེས་ལྡན་གྱི་དཀར་ཆག་དད་གསུམ་གནས་ལ་འགོད་བྱེད་ལྷའི་རྔ་དབྱངས་ལ། 17
11 རྒྱལ་བ་མི་འཁྲུགས་པའི་སྣང་བརྙན་ལྷ་མིའི་གཙུག་ལྡན་གྱི་དཀར་ཆག་མངོན་དགའི་གནས་ལ་འགོད་བྱེད་ལྷའི་རོལ་མོ་ལ། 4
12 བསྐལ་བཟང་རྣམ་འདྲེན་སྟོང་གི་སྐུ་བརྙན་གསར་བཞེངས་ཀྱི་དཀར་ཆག་ཕན་བདེའི་གནས་ལ་འགོད་བྱེད་ཚངས་ཆེན་ང་རོ་ལ། 13
13 གནས་མཆོག་བསོད་ནམས་ཀུན་འདུས་གླིང་རྟེན་དང་བརྟེན་པ་བཅས་ལ་སྲི་ཞུ་བགྱིས་པའི་རིམ་པ་ཆེད་དུ་བརྗོད་པ་ངོ་མཚར་གནས་ལ་འགོད་བྱེད་ལྷའི་རྔ་བོ་ཆེ་ལ། 17
14 ཆོས་སྡེ་ཆེན་པོ་དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་གི་དཀར་ཆག་ཛམ་བུ་ནྰ་དའི་འཁྲི་ཤིང་ལ། 16
15 དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་གི་བཅའ་ཡིག་གདུང་སེལ་ཟླ་འོད་ལ། 14
16 དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་གི་སྨོན་ལམ་ཆེན་མོའི་བཅའ་ཡིག་རབ་གསལ་ནོར་བུའི་མེ་ལོང་ལ། 10
17 མཁས་གྲུབ་ཕལ་གསུམ་གྱི་སྤྱོད་ཚུལ་སྟོན་པ་ལེགས་བཤད་བུང་བའི་སྒྲ་དབྱངས་ལ། 8
18 ཚེ་རིག་འཛིན་པ་རྣམས་ཀྱི་་བསླབ་བྱ་ལྷག་བསམ་ཀུ་མུད་རྒྱས་བྱེད་ལེགས་བཤད་བསིལ་སྦྱིན་སྣང་བ་ལ། 5
19 ཡིད་ལ་བརྣག་པའི་གཏམ་གྱི་སྲད་བུར་བརྒྱུས་པའི་ལེགས་བཤད་དབང་གི་རྒྱལ་པོའི་དོ་ཤལ་ལྷག་བསམ་བརྡ་གཏོང་ལ། 6
00880 ང་
1 ལྕང་སྐྱ་རིན་པོ་ཆེ་ཡེ་ཤེས་བསྟན་པའི་རྒྱལ་མཚན་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་ཀུན་གྱི་འབྱུང་གནས་ལ། 7
2 བསྐལ་བཟང་སངས་རྒྱས་སྟོང་གི་མཆོད་ཆོག་བསམ་འཕེལ་ནོར་བུ་ལ། 3
3 ཚེ་ལྷ་རྣམ་གསུམ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ལ། 2
3 སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་འཆི་མེད་བཅུད་ལེན་ལ། 4
4 བཀའ་གདམས་ཐིག་ལེ་བཅུ་དྲུག་གི་མངོན་དཀྱིལ་གྱི་ཆོ་ག་ཕུལ་བྱུང་ཞལ་ལུང་ལ། 28
5 དེའི་དབང་གི་མཚམས་སྦྱོར་པདྨ་དཀར་པོའི་མྱུ་གུ་ལ། 6
6 འཕགས་ཡུལ་གྱི་པན་ཌི་ཏ་ལྔ་བརྒྱའི་མཚན་བརྗོད་ཡིད་བཞིན་ནོར་བུའི་ལྡན་ཕྲེང་ལ། 6
7 དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་གསོལ་བ་འདེབས་ཅིང་འཕྲིན་ལས་བཅོལ་ཚུལ་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 7
8 དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱུག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་གྱི་ཆོ་ག་སྐལ་ལྡན་ཤིང་རྟའི་ཆེ་རྒྱུན་ལ། 21
9 མགོན་དཀར་ཡིད་བཞིན་ནོར་བུའི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་ཆོ་ག་དངོས་གྲུབ་འདབ་སྟོང་བཞད་པའི་ཉི་ཟེར་ལ། 12
10 དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་སྒྲུབ་སྐྱེ་བསྙེན་པ་བྱ་ཚུལ་དངོས་གྲུབ་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལ། 4
11 དཔལ་མགོན་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་གི་ཐོ་ཡིག་དངོས་གྲུབ་ཀྱི་ཟ་མ་ཏོག་དབྱེ་བའི་རིན་ཆེན་ལྡེ་མིག་ལ། 14
12 ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་ཞི་བའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་བུམ་བཟང་ལ། 2
13 དཔལ་མགོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞི་བའི་གཏོར་སྒྲུབ་ཀྱི་ཆོ་ག་རྒུད་པ་ཀུན་སེལ་རབ་དཀར་བདུད་རྩིའི་རྒྱ་མཚོ་ལ། 9
14 དེའི་རྒྱས་པའི་གཏོར་སྒྲུབ་ཀྱི་ཆོ་ག་དགོས་འདོད་ཀུན་གྲོལ་ཡིད་བཞིན་གྱི་ནོར་བུ་འབར་བ་ལ། 9
15 དེའི་དབང་གི་གཏོར་སྒྲུབ་ཀྱི་ཆོ་ག་ཁམས་གསུམ་གཡོ་བར་བྱེད་པའི་དོན་ཡོད་ལྕགས་ཀྱུ་ལ། 9
16 དཔལ་སྟོབས་འཕྲོག་ནག་པོ་རྡོ་རྗེ་གདོང་བཞི་པ་རྣམ་འགྱུར་མི་འདྲ་བ་དུ་མའི་རྗེས་གནང་གི་ཆོག་བསྒྲིགས་ཙནྡྲ་མ་ཎིའི་དོ་ཤལ་ལ། 42
17 རྗེ་བཙུན་འཇམ་དཔལ་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་དངོས་གྲུབ་ཀུན་འབྱུང་ལ། 8
18 འཇམ་དཔལ་ནག་པོའི་སྒྲུབ་ཐབས་གནད་དོན་ཀུན་གསལ་བཻཌྰརྱ་ཞུན་མའི་མེ་ལོང་ལ། 7
19 འཇམ་དཔལ་ནག་པོའི་སྒྲུབ་ཐབས་ཉུང་གསལ་ལ། 3
20 རྗེ་བཙུན་བྱམས་པ་མགོན་པོ་ལ་མཆོད་ཅིང་གསོལ་འདེབས་སྨོན་ལམ་བྱ་བའི་རིམ་པ་བྱམས་པའི་ཐུགས་རྗེ་འགུགས་པ་ལ། 4
21 རྗེ་བཙུན་ཡིད་བཞིན་འཁོར་ལོའི་བརྒྱུད་འདེབས་ལ། 3
22 རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཐུན་མོང་མ་ཡིན་པའི་རྗེས་གནང་བྱ་ཚུལ་འདོད་དགུ་ཡིད་བཞིན་གྲོལ་བའི་བསམ་འཕེལ་ནོར་མཆོག་ལ། 18
23 རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལ་སྟོང་མཆོད་འབུལ་ཚུལ་ལ། 5
24 རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་འཆི་བླུ་བྱ་ཚུལ་ཚེ་དཔལ་པདྨོ་རྒྱས་བྱེད་བྱིན་རླབས་ཀྱི་ཉི་མ་བདུན་འབར་ལ། 14
25 རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོའི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་བློ་གསལ་ཡོངས་ཀྱི་གཅེས་ནོར་ལ། 11
26 ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་གཙོ་འཁོར་རྣམ་གསུམ་གྱི་མངོན་རྟོགས་དངོས་གྲུབ་ཀུན་གྲོལ་ལ།4
27 གནས་མཆོག་ཀུན་སྡུད་གླིང་གི་མགོན་ཁང་གཏུམ་དྲག་རོལ་པའི་དགའ་ཚལ་དུ་བཞུགས་པའི་དཔལ་ལྡན་ལྷ་མོ་དྲེལ་སྐད་མའི་ཆེ་བརྗོད་ལ། 7
28 དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་གི་གར་འཆམ་གྱི་བཅའ་བསྒྲིགས་འགྱུར་མེད་རྡོ་རྗེའི་རེ་ཁ་ལ། 5
29 རྒྱ་དཀར་ནག་རྒྱ་སེར།ཀསྦྱི་ར།བལ་བོད་ཧོར་གྱི་ཡི་གེ་དང་དཔེ་རིས་རྣམ་གྲངས་མང་བ་ལ། 39
00881 ཅ་
1 བཅོམ་ལྡན་འདས་འཕགས་མ་གདུགས་དཀར་མོའི་སྒྲུབ་ཐབས་མཆོག་གྲོལ་ནོར་བུ་ལ། 4
2 འཕགས་མ་གདུགས་དཀར་མོ་ཅན་གྱི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་བསྐུར་བའི་ཆོ་ག་དངོས་གྲུབ་གང་གངྒྰའི་ཆུ་རྒྱུན་ལ། 39
3 རྗེ་བཙུན་ཏ་ར་ན་ཐས་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་གསུངས་པའི་སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོ་ཆོས་སྲུང་རྣམས་ཀྱི་སྔགས་བཟླས་ཚུལ་ཕན་ཡོན་དང་བཅས་པ་འདོད་དགུ་འཇོ་བའི་གཏེར་གྱི་སྒྲོམ་བུ་ལ། 27
4 སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སྒྲུབ་པའི་ཆོ་ག་ལ། 3
5 གཏོར་མ་ཆ་གསུམ་གཏོང་ཚུལ་མདོར་བསྡུས་ལ། 3
6 དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་གི་ནང་ཚན་མཚན་ཉིད་གྲྭ་ཚང་དགའ་ལྡན་ཐེག་ཆེན་བཤད་སྒྲུབ་གླིང་གི་དགེ་འདུན་རྣམས་ཀྱི་བླང་དོར་གཏན་ཆགས་ཀྱི་ཡི་གེ་ཐར་པའི་གྲོང་དུ་འཇུག་པའི་བདེ་ལམ་ལ། 18
7 དགའ་ལྡན་ཐེག་ཆེན་བཤད་སྒྲུབ་གླིང་གི་བཅའ་ཡིག་ཆེན་མོའི་ཟུར་འདེབས་དྲན་གསོའི་བརྗེད་བྱང་ལ། 26
8 དཔལ་ལྡན་བླ་མ་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་ཤིང་གྲུབ་པའི་དབང་ཕྱུག་བྱ་བྲལ་ནོམ་ཆི་མཁན་པོ་བློ་བཟང་བཤད་སྒྲུབ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་ཐར་དད་ལྡན་དགའ་བསྐྱེད་ནོར་བུའི་ཐེམ་སྐས་ལ།68
9 བདག་ཅག་གི་སྟོན་པ་སྔོན་བྱང་ཆུབ་སེམས་དཔའ་ལྷའི་དབང་པོ་བརྒྱ་སྦྱིན་བུམ་པ་ཅན་དུ་འཁྲུངས་པའི་རྟོགས་བརྗོད་ཀྱི་འགྲེལ་པ་ལེགས་བཤད་སྒྲོན་མེ་ལ། 21
10 སྨྱོས་འགྱུར་འཐུངས་པའི་སྐྱོན་མཚང་ལེགས་པར་བཤད་པ་སྨྱོ་ཆེ་སུན་འབྱིན་ལ། 17
11 ཇོ་བོ་བྱང་ཆུབ་ཆེན་པོ་ངན་སོང་ཀུན་སྒྲོལ་གྱི་ཆེ་བརྗོད་ཕན་བདེ་མ་ལུས་འབྱུང་བའི་བསམ་འཕེལ་ནོར་བུ་ལ། 6
12 རྒྱལ་བ་མི་ཕམ་པའི་སྣང་བརྙན་གྱི་དཀར་ཆག་བྱམས་མགོན་འཛུམ་ཞལ་བལྟ་བའི་མེ་ལོང་ལ། 8
13 དགེ་བཟང་གླིང་གི་རྟེན་གཙོ་བྱམས་ཆེན་མཐོང་བ་དོན་ལྡན་གྱི་དཀར་ཆག་དད་པའི་ཤིང་རྟ་ལ། 5
14 རབ་བྱུང་བཅུ་བཞི་པའི་ས་ཕག་ལོ་བླ་བྲང་རྒྱལ་མཚན་མཐོན་པོ་ནས་བཞེངས་གནང་མགོན་པོ་ཚེ་དཔག་མེད་ཀྱི་དཀར་ཆག་རིན་ཆེན་ལྗོན་ཤིང་ལ། 4
15 དམ་པའི་ཆོས་ཀྱི་ལུང་རྗེས་གནང་དབང་ཁྲིད་ཐོབ་ཡིག་འཁྲུལ་པའི་དྲི་བྲལ་པདྨོའི་སྲད་བུར་བརྒྱུས་པའི་ནོར་བུའི་དོ་ཤལ་དང༌།གསན་ཐོ་བཅས་ལ། 17
16 ཆོས་སྡེ་ཆེན་པོ་དགའ་ལྡན་ཐེག་ཆེན་བཤད་སྒྲུབ་གླིང་གི་དཀར་ཆག་དྲི་མེད་ཤེལ་དཀར་མེ་ལོང་ལ། 8
17 གྲྭ་པ་དང་རྣལ་འབྱོར་པར་རློམ་པ་རྣམས་ཀྱི་དེ་ཉིད་གསལ་བར་སྟོན་པའི་མེ་ལོང་ལ། 3
18 གསོ་བ་རིག་པའི་བསྟན་བཅོས་མན་ངག་བཀའ་རྒྱ་མར་གྲགས་པའི་དཀར་ཆག་དོན་གསལ་ལ། 4
19 རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་དང་དེ་བཞིན་གཤེགས་པའི་གཟུགས་བརྙན་གཞག་པའི་ལེའུ་ལ། 9
20 དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་དང་བསོད་ནམས་ཀུན་འདུས་གླིང༌།ལེགས་བཤད་རྒྱུན་མར་སྒྲོགས་པའི་དགའ་ཚལ་ལམ་ཐེག་ཆེན་བཤད་སྒྲུབ་གླིང་གི་སྐོར་ཚད་ལ། 7
21 ཡི་དམ་ཆོས་སྲུང་གཉེར་གཏད་སོགས་ལ། 4
00882 ཆ་
1 ལྕང་ལུང་པན་ཌི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་འཁྲུངས་རབས་གསོལ་འདེབས་དཔག་བསམ་ལྗོན་པ་ལ། 5
2 རྗེ་ཉིད་ཀྱི་ཞལ་སྔ་ནས་ཀྱི་རྣམ་ཐར་གསོལ་འདེབས་ལ། 8
3 རྗེ་ཉིད་ཀྱི་རྣམ་ཐར་མཁས་པའི་ཡིད་འཕྲོག་ནོར་བུའི་དོ་ཤལ་ལ། 224
4 རྗེ་ཉིད་ཀྱི་རྟོགས་པ་བརྗོད་པ་པུན་ཌ་རི་ཀའི་འཁྲི་ཤིང་ལ། 20
5 རྣམ་ཐར་ནོར་བུའི་དོ་ཤལ་གྱི་སྨད་ཆ་ལ། 209
00883 ཇ་
1 རྒྱལ་བའི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཇུག་པའི་རིམ་པ་སྐལ་ལྡན་མཁས་པ་ཡོངས་ཀྱི་གཞུང་ལམ་ལ། 18
2 འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་གཞུང་དོན་བཤད་པ་རྒྱལ་སྲས་སྤྱོད་པའི་འཇུག་ངོགས་ལ། 31
3 སྐུ་ཀྱི་མྱུར་བྱོན་གྱི་དེ་ཉིད་གསལ་བྱེད་ལ། 5
4 ཐབས་ཤེས་གཅོད་ཀྱི་གདམས་པ་ཉམས་སུ་ལེན་ཚུལ་གཞན་ཕན་བདུད་རྩིའི་ཡང་སྙིང་ལ། 14
5 བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ཆོ་ག་བསྡུས་པ་ལ། 6
6 འཕགས་པ་སེར་འོད་སོགས་མདོ་སྡེ་རིན་པོ་ཆེ་བཀླག་ཐབས་རྒྱལ་དབང་ཐམས་ཅད་མཁྱེན་པས་གསོལ་པ་ལ། 4
7 དགའ་ལྡན་ལྷ་བསངས་རྣམ་དག་མ་ལ། 6
8 རྗེ་བཙུན་བླ་མ་ལྕང་ལུང་ཨརྱ་པན་ཌི་ཏ་རིན་པོ་ཆེ་ནས་གསར་འཛུགས་མཚན་ཉིད་གྲྭ་ཚང་ལ་བསྔགས་པའི་མེ་ཏོག་འཐོར་བ་བློ་གསལ་རྣ་ཆ་ལ། 4
9 གནས་མཆོག་བསོད་ནམས་ཀུན་སྡུད་གླིང་དུ་བསྐལ་བཟང་སངས་རྒྱས་སྟོང་གི་སྐུ་བརྙན་གསེར་ཟངས་ལས་གྲུབ་པའི་སྦྱིན་བདག་རྣམས་ཀྱི་མིང་ཐོ་ལ། 16
10 རྡོ་རྗེ་ཆང་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས་ཀྱི་རྣམ་ཐར་རྗེ་ཉིད་ཀྱིས་གསོལ་བ་ལ། 4
11 སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ལེ་ཚན་གཉིས་ལ། 8
12 སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་བྱིན་རླབས་ཅན་ལ། 4
13 རྗེ་བཙུན་བླ་མ་དམ་པ་ལྕང་ལུང་ཨརྱ་པན་ཌི་ཏ་ཆེན་པོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་གསོལ་འདེབས་དད་པའི་པདྨོ་འཛུམ་པའི་ཉིན་བྱེད་ཅེས་བྱ་བ་ལ། 12
14 བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་བསྡུས་པ་དངོས་གྲུབ་ཀུན་འབྱུང་ལ། 21
15 འཕགས་པ་ཕུང་པོ་གསུམ་པའི་མདོ་ཀློག་ཐབས་མེ་ཏོག་བཅུད་ལེན་ལ། 12
16 དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རིགས་གསུམ་སྤྱི་སྒྲུབ་ཀྱི་ཆོ་ག་སྒྲུབ་སྡེ་འདིར་གནས་ལ་དཔྱིད་ཆོས་ཀྱི་རིམ་པར་བསྒྲིགས་པའི་ཆོས་སྤྱོད་ལ། 8
17 ཕྱོགས་བཅུའི་གཡང་འགུགས་འདོད་དགུའི་ཆར་འབེབས་ལ། 12
18 མདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས་མདོ་ཉིད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བཀོད་པ་ལ། 10
19 རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཡི་གེ་འཆི་མེད་དགའ་སྟོན་ལ། 7
20 སྲད་རྒྱུད་ལུགས་ཀྱི་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་དང་བུམ་ཆོག་བཅས་ལ། 5
21 གཞི་གསུམ་གྱི་ལག་ལེན་ནག་འགྲོས་སུ་བཀོད་པ་གནད་དོན་གསལ་བའི་སྒྲོན་མེ་ལ། 9
22 བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་སྐོར་གྱི་དོགས་གཅོད་ལུང་རིགས་ནོར་བུའི་བང་མཛོད་ལ། 9
23 སངས་རྒྱས་སོ་ལྔའི་མཚན་གྱི་ཕན་ཡོན་དང་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་བསྟོད་པ་ལ། 4
24 སངས་རྒྱས་སུམ་ཅུ་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ་ལ། 8
25 ཚེ་གཅིག་གི་ཉམས་ལེན་བྱ་ཚུལ་རྣམས་ཁྲིགས་ཆགས་སུ་བསྡེབས་པ་ཆོས་སྤྱོད་གསལ་བའི་སྒྲོན་མེ་ལ། 25
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
ལྕང་ལུང་པན་ཌི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནི་སོག་པོ་ཚོ་ཆེན་ཞེ་དགུའི་ཡ་གྱལ་སོ་ཉིད་གཡོན་རུའི་ཤོག་ཏུ་ཡབ་ཐའི་ཇི་དོན་གྲུབ་དང༌།ཡུམ་བདེ་བ་ཅན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག 1770ལོ་འཁྲུངས།དགུང་ལོ་དྲུག་ལ་ལྕང་སྐྱ་རོལ་པའི་རྡོ་རྗེས་ལྕང་ལུང་བློ་བཟང་དཔལ་འབྱོར་གྱི་ཡང་སྲིད་དུ་ངོས་འཛིན་མཛད།དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་བླ་བྲང་དུ་ཕེབས།མཁན་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་དྲུང་རབ་བྱུང་བསྒྲུབས།མཚན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དུ་གསོལ།བཤེས་གཉེན་ངག་དབང་དཔལ་འབྱོར་ཡོངས་འཛིན་དུ་བསྟེན།དགུང་ལོ་བདུན་ལ་སྐུ་གོང་མའི་གདན་ཁྲིར་ཕེབས།དགུང་ལོ་བཅུ་བཞི་ལ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་ལྕང་སྐྱ་རོལ་པའི་རྡོ་རྗེའི་དྲུང་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སོགས་གསན།ཤ་མི་བཞེས་པའི་དམ་བཅའ་མཛད།དགུང་ལོ་བཅུ་དགུ་ལ་དགོན་པའི་ལས་དོན་ཆེ་ཕྲ་མཐའ་དག་གི་ཐུགས་འགན་བཞེས།དགུང་ལོ་ཉེར་གཅིག་ལོ་ལྷ་སར་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད།དགུང་ལོ་ཉེར་གཉིས་ལ་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས།དེའི་ལོར་གོར་ཁའི་དམག་བྱུང༌།དབུས་སུ་ལོ་ལྔ་ཙམ་བཞུགས།རང་ཡུལ་དུ་ཕྱིར་ཕེབས་གནང་ཁརརྒྱལ་བ་འཇམ་དཔལ་རྒྱ་མཚོས་ཁོང་ལ་པན་ཌི་ཏའི་ཆོ་ལོ་དང༌།དབུ་གདུགས།ཐམ་ཀཔཎ་ཞྭ་སོགས་སྐུའི་ཉེར་དཔྱད་ཆ་ཚང་གནང༌།དགུང་ལོ་ཉེར་དགུ་ལོ་བྱམས་ཆེན་ལྷ་ཁང་གསར་བཞེངས་དང་འབྲེལ་གོང་མའི་བཀའ་བཞིན་པེ་ཅིང་དུ་ཕེབས།དགུང་ལོ་སོ་བཞི་ལ་སྐུ་འབུམ་བརྒྱུད་བཀྲ་ཤིས་འཁྱིལ་དུ་ཕེབས།གུང་ཐང་བསྟན་པའི་
སྒྲོན་མེ་མཇལ་ནས་ཆོས་མང་དུ་གསན།དགུང་ལོ་སོ་ལྔ་ལ་རང་དགོན་དུ་ཕྱིར་ཕེབས།དགུང་ལོ་ཞེ་ལྔ་ལོ་མཚན་ཉིད་གྲྭ་ཚང་བཙུགས།རབ་འབྱམས་པ་བློ་བཟང་བཤད་སྒྲུབ་མཚན་ཉིད་བླ་མར་བསྐོས།གོང་མ་ཆེན་པོའི་ཞབས་བརྟན་སྒྲུབ་པར་པེ་ཅིང་དུ་ཐེངས་འགའ་ཤས་ཕེབས།རྒྱུན་དུ་ཀྱི་བོ་དུ་མར་ཆོས་འཁོར་རྒྱ་ཆེ་བསྐོར་བ་དང༌།རྟེན་བཞེངས་སོགས་དགེ་བའི་བྱ་བ་རྒྱ་ཆེར་མཛད་མཐར་དགུང་ལོ་དོན་དྲུག་སྟེ་ཤིང་སྦྲུལ་1845 ལོར་སྐུ་གཤེགས།གསུང་འབུམ་པོད་དྲུག་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn