གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 20:19:32     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

723.JPG

 བར་བོད།ཤོག་གྲངས།

00795 ཀ་
336
1 རྡོ་རྗེ་འཆང་ལ་བརྟེན་པའི་བླ་མའི་རྣལ་འབྱོར།རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར།འཇིགས་བྱེད་དང་རྩ་བའི་བླ་མ་དབྱེར་མེད་ལ་བརྟེན་པའི་རྣལ་འབྱོར།འཇམ་དབྱངས་དཔའ་གཅིག་ལ་བརྟེན་ནས་ཟབ་གསལ་ཆེ་མྱུར་གྱི་ཤེས་རབ་སྒྲུབ་ཚུལ་བཅས་ལ། 12
2 བླ་མ་མཆོད་པའི་ཆོ་ག་ལེགས་ཚོགས་རྒྱ་མཚོའི་འཇུག་ངོགས་སྨོན་ཚིག་དང་བཅས་པ་ལ། 10
3 ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པརརྒྱལ་བའི་གསང་སྔགས་རྒྱལ་བ་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་རྟོགས་བརྗོད་དཔག་བསམ་ལྗོན་པ་ལ། 93
4 ཡོངས་འཛིན་ཡོན་ཏན་རྒྱལ་མཚན་གྱི་རྣམ་ཐར་གསོལ་འདེབས་ལ། 3
5 དུས་ཀྱི་འཁོར་ལོ་དང་རྩ་བའི་བླ་མ་དབྱེར་མེད་དུ་གསོལ་བ་འདེབས་པའི་བླ་མའི་རྣལ་འབྱོར་མཆོག་ཐུན་དངོས་གྲུབ་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 13
6 བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐེག་ཆེན་ལམ་གྱི་འཇུག་ངོགས་ལ། 92
7 གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་ཀྱི་ས་བཅད་ལ། 7
8 དཔལ་རྡོ་རྗེ་འཇིགས་བྱེད་དམར་པོའི་སྒྲུབ་ཐབས་དུག་ལྔའི་ནད་ཀུན་སེལ་བའི་སྨན་མཆོག་གསེར་མདོག་རྣམ་རྒྱལ་ལ། 9
9 དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་ཟབ་ལམ་ནྰ་རོཆོས་དྲུག་གི་ནང་ཚན་གཏུམ་མོའི་གདམས་པ་ཉམས་སུ་ལེན་ཚུལ་ལ། 8
10 དེའི་རྫོགས་རིམ་རིམ་པ་བཞི་པའི་ཁྲིད་ཡིག་སྐུ་གསུམ་ཁང་བཟང་དུ་བགྲོད་པའི་མྱུར་ལམ་ལ། 29
11 རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་སྔགས་བཏུའི་བྱིན་རླབས་ཇི་ལྟར་བྱ་བའི་ཚུལ་མཆོག་ཐུན་དངོས་གྲུབ་སྐྱེ་བང་མཛོད་ལ། 12
12 བྲུལ་གཏོར་གྱི་ཁྲིད་ཡིག་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་སྤེལ་བའི་འོད་དཀར་གྱི་ཕྲེང་བ་ལ། 9
13 ཀུན་རིག་གི་བསྙེན་ཡིག་ངན་འགྲོའི་མུན་པ་སེལ་བའི་སྒྲོན་མེ་ལ། 5
14 བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒྲུབ་དཀྱིལ་ཡོ་གའི་སྙིང་པོ་ལ། 52
15 བཅོམ་ལྡན་འདས་ཐམས་ཅད་རིག་པའི་དབང་གི་སྦྱིན་སྲེག་ཆེ་དགུ་དབང་དུ་སྡུད་པའི་ལྕགས་ཀྱུ་ལ། 13
16 དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་སྦྱོངས་རེངས་ཀྱི་སྦྱིན་སྲེག་དང༌།
ཕྱུག་ན་རྡོ་རྗེ་གཏུམ་པོའི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་བཅས་ལ། 4
17 སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་ཞི་བའི་སྦྱིན་སྲེག་གི་ཆོ་ག་སྡིག་མུན་སེལ་བའི་ཉིན་བྱེད་སྣང་བ་ལ། 6
དཀར་ཆག་ལ། 3
00796 ཁ་
1 རྗེ་རང་ཉིད་ཀྱི་གསན་ཡིག་ནོར་བུའི་ཕྲེང་བ་ལ། 157
2 སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་བརྟན་བདུད་སྡེའི་གཉིས་འཐུང་འཇོམས་པའི་གདོང་ལྔའི་སྒྲ་དབྱངས་དང་རྗེ་རང་ཉིད་ཀྱི་ཞབས་བརྟན་བཅས་ལ། 5
3 ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོའི་ཞབས་བརྟན་འདོད་དགུའི་འབྱུང་གནས་བསམ་འཕེལ་དབང་གི་རྒྱལ་པོ་ལ། 3
4 ཚེ་རྟ་ཟུང་འབྲེལ་གྱི་དབང་བྱ་ཚུལ་བདུད་རྩིའི་བུམ་བཟང་ལ། 19
5 ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ཏུ་གྲགས་པའི་ཚེ་དབང་བསྐུར་ཚུལ་ལ། 17
6 བདེ་མཆོག་དཀར་པོའི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་འགྱུར་མེད་རྡོ་རྗེའི་བྲག་རི་ལ། 3
7 བླ་བརྒྱུད་གསོལ་འདེབས་སོགས་གསུང་ཐོར་བུ་བ་འགའ་ཞིག་ཕྱོགས་བསྡེབས་ལ། 10
8 ལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་བྱ་ཚུལ་འཇུག་པ་བདེ་ཕྱིར་ཚིགས་སུ་བཅད་པ་ལ། 12
9 དགེ་ཚུལ་གྱི་སྡོམ་པའི་བཅས་མཚམས་བསྲུང་ཚུལ་ལྟུང་བའི་ཆེ་ལོན་ཞེས་བྱ་བ་དང་བླ་བྲང་གཙང་པ་སྤྲུལ་སྐུའི་ཀྱི་ཕྲེང་གསོལ་འདེབས་བཅས་ལ། 13
10 བཅོམ་ལྡན་འདས་རྣམ་པར་རྒྱལ་མ་ལྷ་དགུའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་ཚེ་བདག་མདུན་གྱི་བཟླས་པའི་སྐབས་དང་མདུན་བསྐྱེད་ཀྱི་གཙོ་མོའི་ལས་བཅོལ་གྱི་དམིགས་པ་ཇི་ལྟར་བྱ་ཚུལ་དང༌།རྡོ་རྗེ་འཇིགས་བྱེད་ཀྱི་ཡེ་ཤེས་འབེབས་སྔགས།དྲུག་ཅུ་པའི་ཟོར་འཕེན།གཏོར་མ་བརྒྱ་རྩ་སོགས་ཀྱི་སྐོར་ལ་དྲི་བ་བཀོད་པའི་ལན་བཅས་ཆབས་ཅིག་ཏུ་བཀོད་པ་ལ། 8
11 འཁོར་ལོ་སྡོམ་པ་དྲིལ་བུ་ཞབས་ལུགས་ལུས་དཀྱིལ་གྱི་བདག་འཇུག་ལེན་ཚུལ་རིན་ཆེན་བང་མཛོད་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 20
12 ཞི་གནས་བསྒོམ་ཚུལ་གྱི་མན་ངག་ཏིང་འཛིན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 10
13 ཁྱུང་ནག་གི་སྒྲུབ་ཐབས་དང་ལས་ཚོགས་ལ། 8
14 རི་ཁྲོད་དགའ་ལྡན་ཆོས་གླིང་གི་གནས་བསྟོད་དག་སྣང་ནོར་བུའི་བང་མཛོད་ཀྱི་ལྡེ་མིག་དང༌།མ་གཅིག་རྡོ་རྗེ་རབ་བརྟན་མའི་གཏོར་འབུལ་ལེ་ཚན་གཉིས་བཅས་ལ། 5
15 འཇིགས་བྱེད་དམར་པོའི་གསེར་སྐྱེམས།ལྷ་མོ་རབ་བརྟན་མའི་བསྐང་གསོ།ཕྱུག་དྲུག་པའི་གཏོར་འབུལ།སྨན་བླ་བདེ་གཤེགས་བརྒྱད་ཀྱི་གསོལ་འདེབས་བཅས་ལ། 7
16 དུས་འཁོར་ཆོག་གྲྭ་བ་རྣམས་སྐྱེ་བཅའ་ཡིག་གི་འགྲེལ་བཤད་ལ། 9
17 དྲིས་ལན་ཐེ་ཚོམ་གྱི་དྲ་བ་གཅོད་པའི་མཚོན་ཆ་ལ། 11
18 ཆབ་ཤོག་སྐོར་ལ། 4
19 གཟའ་བཅོས་ཉི་མ་གདུང་གང་མ་ལ། 7
20 ཐང་སྐོར་སོགས་ཀྱི་རྒྱབ་ཡིག་སྨོན་ཚིག་སྐོར་ལ། 2
21 དཔལ་ལྡན་ལྷ་མོའི་མདོས་ཆེན་གྱི་རྫས་ཆ་དང་ལག་ལེན་མན་ངག་སྐོར་ལ། 7
22 དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་གསོལ་མཆོད་བདུད་སྡེའི་བྲག་རི་འཇོམས་པའི་གནམ་ལྕགས་ལ། 5
23 དཔལ་ལྡན་ལྷ་མོ་རལ་གཅིག་མའི་གསོལ་མཆོད་མཁའ་འགྲོ་དགྱེས་པའི་སྒྲ་དབྱངས་ལ། 10
24 གནོད་སྦྱིན་གྱི་རྒྱལ་པོ་རལ་གྲི་དམར་པོའི་སྙིང་གི་རྒྱུད་འགྲེལ་ཡིད་མུན་སེལ་བྱེད་ལ། 14
25 ཕྱུག་གཞུང་ཡུལ་གྱི་གནས་བདག་གཞི་བདག་ལ་བསང་དང་གསེར་སྐྱེམས་མཆོད་གཏོར་འབུལ་ཚུལ་བཅས་ལ། 4
དཀར་ཆག་ལ། 3
00797 ག་
1 དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་མདོར་བསྡུས་ལ། 10
2 བྱིན་རླབས་ཀྱི་གཏེར་ཆེན་པོ་དཔལ་འཁོར་ལོ་བདེ་མཆོག་ལྰུ་ཨི་པའི་ལུགས་ཀྱི་དབང་དོན་བདག་མདུན་གྱི་དཀྱིལ་འཁོར་སྒྲུབ་ཚུལ་དང་བཅས་པ་བདེ་ཆེན་རོལ་མཚོ་སྤེལ་བའི་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་ལ། 128
3 དཔལ་འཁོར་ལོ་བདེ་མཆོག་གྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་རིམ་པ་དང་པོའི་ལམ་ལ་སློབ་ཚུལ་མན་ངག་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལ། 83
4 གྲུབ་ཆེན་ལྰུ་ཨི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཡིག་མཆོག་ཐུན་དངོས་གྲུབ་ཀྱི་པད་ཚལ་
བཞད་པའི་ཉི་འོད་ལ། 43
5 རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་དམིགས་སྐོར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་ཚུལ་སྐུ་གསུམ་གོ་འཕང་མཐོན་པོར་བགྲོད་པའི་ཐེམ་སྐམ་བླ་ན་མེད་པ་ལ། 13
6 བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དབང་བསྐུར་བའི་ཆོ་ག་བདེ་ཆེན་འཇུག་ངོགས་གསལ་བའི་སྒྲོན་མེ་ལ། 110
7 རྣལ་འབྱོར་བཅུ་གཅིག་གི་ཁྲིད་ཡིག་རིན་ཆེན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་དང་སྟོན་པའི་འཁྲུངས་རབས་ཀྱི་རྒན་གཞོན་བཀུར་སྟི་བྱ་ཚུལ་བཅས་ལ། 10
8 ཁྲོས་ནག་ལྷ་དགུའི་སྒྲུབ་ཐབས་རིན་ཆེན་གླིང་དུ་བགྲོད་པའི་ཤིང་རྟ་ལ། 6
དཀར་ཆག་ལ། 2
00798 ང་
1 དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་བཀའ་སྲོལ་ཕྱུག་རྒྱ་ཆེན་པོ་རྩ་འགྲེལ་རྣམས་ཀྱི་འགྲེལ་བཤད་མཆོག་ཐུན་དངོས་གྲུབ་སྐྱེ་བང་མཛོད་ཅེས་བྱ་བ་ལ། 27
2 བཀའ་བརྒྱད་སྟོང་པའི་ལུང་གི་སྟེང་ནས་གསུང་བཤད་ཐོབ་པའི་བླ་མ་བརྒྱུད་པའི་གསོལ་འདེབས་དང་རྩ་བའི་བླ་མའི་བཀའ་དྲིན་གསོལ་འདེབས།པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་གསོལ་འདེབས་སྨོན་ཚིག་དང་བཅས་པ།ཀ་ལི་སུམ་ཅུའི་ཞལ་གདམས།བླ་མཆོད་ཚོགས་ཞིང་གི་བྲིས་ཐང་རྒྱབ་ཡིག །ཀུན་རིག་གི་བླ་བརྒྱུད་གསོལ་འདེབས།གཏུམ་མོའི་བླ་བརྒྱུད་གསོལ་འདེབས།གཅོད་སྐྱེ་བརྒྱུད་འདེབས་ཁ་སྐོང༌།གསོལ་འདེབས་སྨོན་ཚིག་དང་འབྲེལ་བ་རྣམ་དག་བློ་གྲོས་མ།དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་ཐང་སྐོར་རྒྱབ་ཡིག་པཎ་ཆེན་རིན་པོ་ཆེའི་གསང་བའི་འཁྲུངས་རབས་ཀྱི་མཚན་བྱང༌།སྐྱེད་ནའི་སྒྲོལ་མ་ལྷ་ཁང་གི་རྟེན་དེབ་མགོ་བརྗོད།སྙིང་པོ་དོན་གསུམ་གྱི་རྩ་ཚིག་བཅས་ལ། 12
3 རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་མཛད་པའི་བརྒྱུད་པ་གསུམ་གྱི་བླ་མར་གསོལ་བ་འདེབས་ཤིང་དངོས་གྲུབ་ཞུ་བའི་གདུང་དབྱངས་དགེ་ལེགས་ཆར་འབེབས་ལ། 12
4 ཐུན་དྲུག་གི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དང་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་གསུང་མགུར་བཅས་ལ། 7
5 ནྰ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་དང་བསྐྱེད་རྫོགས་ཉམས་སུ་ལེན་ཚུལ་མཁའ་སྤྱོད་མྱུར་དུ་འགྲུབ་པའི་ཕོ་ཉ་ཞེས་བྱ་བ་ལ། 37
6 ནྰ་རོ་མཁའ་སྤྱོད་མའི་ཚོགས་མཆོད་དང་འབྲེལ་བའི་ཚེས་བཅུའི་མཆོད་པ་མཁའ་སྤྱོད་གྲུབ་པའི་མྱུར་ལམ་ཞེས་བྱ་བ་ལ། 13
7 གཏོར་བཤད་སྐལ་ལྡན་སྤྱི་ནོར་ཞེས་བྱ་བ་དང་བདུད་རྩི་ཐུན་མཚམས་བཅས་ལ། 15
8 འཇམ་དཔལ་ཞི་དྲག་གི་བསྲུང་བ་བྱ་ཚུལ།སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་བླ་བརྒྱུད་གསོལ་འདེབས།བཀྲ་ཤིས་ལྷུན་པོའི་རྟེན་གསུང་བྱོན་རྣམས་ཀྱི་འབྱུང་ཁུངས།སློབ་མ་རྗེས་བཟུང་གི་ཆོ་ག་བྱ་ཚུལ།སྨྱུང་གནས་ཀྱི་སྔོན་འགྲོའི་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་ཚུལ།བསྙེན་གནས་ཀྱི་སྡོམ་པ་འབོགས་ཆོག་ལག་ལེན་དང་བཅས་པ།ནེ་སེར་ཇོ་བོ་ཆེན་པོ་འཁོར་བཅས་ལ་བསྐང་བཤགས་མཆོད་བསྟོད་བྱ་ཚུལ་སོགས་གསུང་ཐོར་བུ་བ་སྣ་ཚོགས་ཕྱོགས་གཅིག་ཏུ་
བསྡེབས་པ་ལ། 24
9 དབྱངས་ཅན་མའི་ཞི་བའི་སྦྱིན་སྲེག་དངོས་གྲུབ་ཀུན་འབྱུང་ལ། 5
10 རྡོ་རྗེ་རྣལ་འབྱོར་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 8
11 དཔལ་མགོན་ཏྲ་ཀྴད།རྡོ་རྗེ་ཁྱུང་ལུང་མ་ཞི་དྲག་མགོན་པོ་ཨམ་གྷོར།ལྷ་མོ་རྡོ་རྗེ་རབ་བརྟན་མ་དང་གཞི་བདག་རྒྱལ་བུ་བ་རྣམས་ལ་བསྐང་བསྐུལ་བསྟོད་འཕྲིན་གསོལ་མཆོད་བཅས་བྱ་ཚུལ་དང་ཆོས་སྲུང་འགའི་སྒྲུབ་ཐབས་འཕྲིན་ལས་ཀྱི་རྒྱ་མཚོ་ལ། 13
12 དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་བསྐང་བ་འཕྲིན་ལས་རྣམ་བཞིའི་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 14
13 ཇོ་མོ་བཀྲ་ཤིས་ཚེ་རིང་མའི་བསངས་མཆོད་དང་གསེར་སྐྱེམས་འབུལ་ཚུལ།མཐུ་གཏད་ཀྱི་བྲག་རི་འཇོམས་པའི་གནམ་ལྕགས་གཏད་ཏུལ་གྱི་ཆོ་ག་བདེ་ལེགས་སྒོ་འབྱེད་བཅས་ལ། 10
14 དྲག་བཙན་ཨ་ཤོས་དང་བཙན་རྒོད་མེ་ལྕེ་འབར་བའི་གསོལ་མཆོད་བཅས་ལ། 3
15 ཁལ་ཁའི་ཡུལ་གྱི་ཆོས་བདག་རྣམ་སྣང་ལ་གསོལ་མཆོད་བྱ་ཚུལ་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་རྣམ་སྣང་རྟ་ནག་ཅན་གྱི་བྲིས་ཐང་འབྲི་ཚུལ།རྣམ་སྣང་དང་ལྷ་མོའི་རྒྱབ་ཡིག་ཆོས་བདག་རྣམ་སྣང་ལ་འཕྲིན་བཅོལ་གྱི་གསེར་ཀྱིམས་འབུལ་ཚུལ།ཡེ་ཤེས་མགོན་པོ་ཕྱུག་དྲུག་པར་གསོལ་མཆོད་བྱ་ཚུལ་བཅས་ལ། 7
16 བསྔོ་བ་རྒྱས་པ་བྱ་ཚུལ་ལ། 4
དཀར་ཆག་ལ། 3
00799 ཅ་
1 སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པའི་འགྲེལ་བཤད་དད་པའི་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལ། 250
2 གསུང་ངག་རིན་པོ་ཆེ་ལམ་བླ་བུ་དང་བཅས་པའི་གདམས་ངག་ལ། 168
དཀར་ཆག་ལ། 1
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་ནི་གཙང་གཡས་རུ་བདེ་རྒྱས་བྱེ་མ་གླིང་གི་གཙུག་ལག་ཁང་དང་ཉེ་བ་ཆེ་བོ་ལོ་ཧ་ཏིའི་ཉེ་འདབས་བརྒྱ་མཁར་ཞེས་པའི་ཡུལ་དུ་ཡབ་ཚེ་རིང་དཔལ་འབྱོར་དང༌།ཡུམ་འཛོམ་ཆོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་འབྲུག 1748 ལོ་ལ་འཁྲུངས།འཁྲུངས་མ་ཐག་ཡབ་ནས་མཚན་བཀྲ་ཤིས་དོན་གྲུ་ཅེས་གསོལ།དགུང་ལོ་དགུ་པར་ཕེབས་སྐབས་ཁ་བ་བློ་བཟང་བརྩོན་འགྲུས་མདུན་རབ་ཏུ་བྱུང༌།མཚན་བློ་བཟང་བསྟན་འཛིན་ཞེས་གསོལ།བཀྲ་ཤིས་ལྷུན་པོར་ཆོས་སྤྱོད་སོགས་ཀྱི་རྒྱུགས་ལེགས་པར་ཕུལ།དགུང་ལོ་བཅུ་པར་མཁན་ཆེན་ཡེ་ཤེས་རྒྱལ་མཚན་མདུན་དགེ་ཚུལ་གྱི་སྡོམ་པ་བཞེས།ཚོགས་ཆེན་ངག་འདོན་གྱི་རིམ་པ་དང་གྲྭ་ཚངས་ཆོས་སྤྱོད་རྣམས་ལ་སྦྱོང་བརྩོན་དང༌།དཀྱིལ་ཁང་གྲྭ་ཚང་དུ་ཚད་མའི་སྐོར་ལ་སྦྱངས་པ་མཐར་ཕྱིན་མཛད་པས་བཀའ་བཅུའི་མིང་བཏགས་བཞེས།སློབ་དཔོན་རིན་ཆེན་དང༌།དགེ་སློང་ཆོས་རྗེའི་མདུན་སྒྲ་དང་སྡེབ་སྦྱོར་སོགས་གསན།དགུང་ལོ་ཉེར་བརྒྱད་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དྲུང་ནས་དགེ་སློང་གི་སྡོམ་པ་མནོས།དེ་ནས་ལོ་ངོ་བཅུ་བཞི་ཙམ་རིང་དཔལ་འབྱོར་ལྷུན་པོའི་རི་ཁྲོད་སོགས་གནས་དབེན་པ་བརྟེན་ནས་ཉམས་ལེན་མཛད།རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་གོ་བ་མཐར་ཕྱིན་པར་གྱུར།དགུང་ལོ་ཞེ་ལྔ་པ་ར་དཀྱིལ་ཁང་གྲྭ་ཚང་གི་སློབ་དཔོན་དུ་གྱུར།དགུང་ལོ་ཞེ་བརྒྱད་པར་རྒྱུད་པ་གྲྭ་ཚང་གི་སློབ་དཔོན་དུ་བསྐོས།དགུང་ལོ་ཞེ་དགུ་པར་པཎ་ཆེན་བློ་བཟང་བསྟན་པའི་ཉི་མའི་ཡོངས་འཛིན་དུ་གྱུར།དེ་ནས་བཟུང་གུ་གེ་ཡོངས་འཛིན་ཞེས་པའི་མཚན་སྙན་ཐོབ།དགུང་ལོ་དྲུག་ཅུ་རེ་དྲུག་སྟེ་ཆེ་བྱ་1813 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་ལྔ་བཞུགས།
རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
 
 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn
 
བརྒྱུད་འགོད།