ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ་གྱི་དཀར་ཆག

པར་པོད།ཤོག་གྲངས།
00794
ཀཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཚུལ་ཁྲིམས་ཀྱི་རྟོགས་པ་བརྗོད་པ་དད་ལྡན་རེ་སྐོང་ནོར་བུའི་དོ་ཤལ། 36
ཀརྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོའི་རྣམ་ཐར་རྗེ་རང་ཉིད་ནས་མཛད་པ་ལ། 9
ཁཡོངས་འཛིན་དམ་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོའི་ཞལ་གདམས་གསུང་མགུར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 22
ག1 གཅོད་ཀྱི་སྔོན་དུ་གར་བྱེད་ཚུལ་ལ། 2
ག2 དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་ལམ་ཟུང་འཇུག་བགྲོད་པའི་ཐེམ་སྐས་དང༌།ཕྱག་ཆེན་གྱི་ཉམས་མགུར།གཅོད་དབང་བསྐུར་ཚུལ་གྱི་ལྷན་ཐབས་ནག་པོ་འགྲོ་ཤེས།གཅོད་གཞུང་ཐར་འདོད་དེད་དཔོན་མའི་དགོངས་དོན་ཉམས་སུ་ལེན་ཚུལ།དེའི་དགོངས་དོན་གསལ་བའི་མེ་ལོང༌།གཏུམ་མོའི་རྣལ་འབྱོར་སྐྱོང་ཚུལ།གཏུམ་མོའི་དམིགས་སྐོར་སྐྱོང་ཚུལ་རྗེ་མ་ཏི་ཤྰི་ལའི་གསུང་བཞིན་ཟིན་བྲིས་སུ་བཏབ་པ་བཅས་ལ། 58
ངརྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྙེན་སྒྲུབ་བྱ་བའི་རིམ་པ་བླ་མའི་བྱིན་རླབས་འགུགས་པའི་ལྕགས་ཀྱུ།བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐྱེ་བསྙེན་ཡིག་འཇམ་དཔལ་གཤིན་རྗེ་གཤེད་སྐྱེ་བསྙེན་སྒྲུབ་བྱ་ཚུལ་རྒྱུད་དོན་མཐོང་བ་དོན་ལྡན།འཇིགས་བྱེད་སྐྱེ་བསྙེན་ཡིག་ནག་འགྲོས་སུ་བཀོད་པ།བདེ་མཆོག་གི་བསྙེན་ཡིག་ཁྱེར་བདེ།ཕགས་པ་བཅུ་གཅིག་ཞལ་གྱི་བསྙེན་ཡིག་སློབ་མ་ལ་དབང་བསྐུར་བའི་སྔོན་དུ་སྟ་གོན་བྱ་བའི་ལྷན་ཐབས།དགའ་ལྡན་ལྷ་བརྒྱ་མའི་ཁྲིད་མན་ངག་གི་ཡང་བཞུན།དཔལ་འཁོར་ལོ་སྡོམ་པའི་རིན་ཆེན་བཞིའི་སྔགས་བཏུས་ཏེ་རྗེས་གནང་བྱ་ཚུལ་གསལ་བ་ཉི་མའི་སྙིང་པོ།གཏོར་མ་བརྒྱ་རྩའི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན།ཀླུ་གཏོར་གྱི་བཤད་པ་ལེགས་བཤད་ཀུན་འདུས།ཛམྦྷ་ལ་སེར་པོའི་ཆེ་སྦྱིན་བྱ་ཚུལ།འཇིགས་བྱེད་ལ་བརྟེན་པའི་བྱད་འགྲོལ་བྱ་ཚུལ་བཀླགས་པས་གྲུབ་པ།གདུགས་དཀར་ལ་བརྟེན་པའི་བྱད་འགྲོལ་གྱི་ཆོ་ག་ནག་པོ་འགྲོ་ཤེས།རྡོར་སེམས་དཔའ་གཅིག་གི་རྗེས་གནང་བྱ་ཚུལ་བྱ་རྒྱུད་ལུགས།སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཐུགས་རྗེའི་ལྗོན་ཤིང་བསྐུལ་བའི་དྲི་བཞོན།སྦྱང་ཆོག་བྱ་ཚུལ།ཚོགས་མཆོད་འབུལ་ཚུལ་གྱི་ལྷན་ཐབས།ཇ་མཆོད་འདྲེན་པ་མཉམ་མེད་མའི་འགྲེལ་པ།གྲྭ་ཚང་ཐོས་བསམ་གླིང་གི་ཇ་མཆོད་གངས་ཅན་མའི་འགྲེལ་པ།ཇ་མཆོད་རང་ལུས་རྒྱལ་བ་མ་དང༌།ཇ་མཆོད་བསོད་ནམས་གཟི་བྱིན་མ་བཅས་ལ། 99
ཅཤེར་སྙིང་གི་མདོའི་སྦས་དོན་མངོན་རྟོགས་གསལ་བའི་ཉི་མ།
བར་དོ་ཕྲེང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་དཔའ་བོའི་འགྲེལ་པ།བཟང་སྤྱོད་སྨོན་ལམ་གྱི་དོན་འགྲེལ་ཀུན་བཟང་དགོངས་ལྡན།ཕུང་པོ་གསུམ་པའི་མདོ་འགྲེལ་སྡིག་མུན་སེལ་བའི་ཟླ་ཟེར།གསང་འདུས་སྨོན་ལམ་གྱི་འགྲེལ་པ་རིམ་གཉིས་གསལ་བའི་ཨྰ་དརྴ།ཀུན་རིག་སྨོན་ལམ་གྱི་འགྲེལ་པ་ངན་སོང་སྦྱོང་བའི་དཔའ་བོ་བཅས་ལ། 55
ཆའདུལ་བའི་ལས་ཆོག་ལག་ལེན་སྙིང་པོར་བསྒྲིལ་བ་ལ། 27
ཇརྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་གྲུབ་མཐའ་བཞི་སོ་སོའི་ལུགས་ཀྱི་གཞི་ལམ་བླ་གསུམ་གྱི་རྣམ་གཞག་གསལ་བ་ཉི་མའི་སྙིང་པོ་ཞེས་བྱ་བ་ཞར་བྱུང་བོད་དུ་བསྟན་པའི་ཆོས་འབྱུང༌།རིགས་ལྡན་དྲག་པོ་འབྱོན་དུས་བཅས་ཡོད་པ་གྲུབ་མཐའ་གླིང་བཞི་གསལ་བའི་ཉི་མ།བྱ་སྤྱོད་གཉིས་ཀྱི་ལམ་གྱི་རིམ་པ་མདོར་བསྡུས།གཞུང་བསྒྱུར་ལེ་ཚན་བཅས་ལ། 61
ཉབྱ་བཏང་ཡོ་བྱད་ཊ་མ་རུ་དང༌།གྲ་ཕད།འཁོལ་མེ།ཅོག་བུ།རྐང་གླིང་བཅས་སྐྱེ་བཤད་པ།བཀྲ་ཤིས་ལྷུན་པོའི་གནས་བསྟོད་མཐོང་བ་དོན་ལྡན།གནས་མཆོག་མགར་མོ་ཆོས་རྫོང་གི་བསྟོད་པ་དད་ཅན་འགུགས་པའི་ལྕགས་ཀྱུ།དབེན་ས་ཆོས་ཀྱི་ཕོ་བྲང་གི་གནས་བསྟོད་ཤེལ་དཀར་ཕྲེང་བ་ཀུན་གྱི་ཡིད་འཕྲོག་ཅེས་བྱ་བ་བཅས་ལ། 12
ཏམཚན་བསྟོད་དང༌།རྟེན་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ཚིག་ལྷ་མོ་རིག་བྱེད་མ་དང་མགོན་དཀར།དུར་བདག་བཅས་ལ་ཚོགས་མཆོད་འབུལ་ཚུལ།ལྷ་མོའི་གསོལ་མཆོད།དྲིས་ལན་དམར་སེར་གླེགས་རལ་མ།ཀུ་རུ་ཀུ་ལླེའི་བརྒྱུད་འདེབས་དང་སྨོན་ལམ་མདོར་བསྡུས།སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྨོན་ལམ་མགོན་དཀར་ལ་མཆོད་གཏོར་འབུལ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།མ་མགོན་ཏྲ་ཀྴད།ལྕམ་དྲལ་ལ་མཆོད་འཕྲིན་བྱ་ཚུལ།ཏྲ་ཀྴད་ཀྱི་
བསངས་མཆོད་འབུལ་ཚུལ་འཕྲིན་ལས་འགུགས་པའི་ལྕགས་ཀྱུ།གནོད་སྦྱིན་ཡང་ལེ་བར་གསོལ་མཆོད་བྱ་ཚུལ་འཕྲིན་ལས་འགུགས་པའི་ཕོ་ཉ།རྡོར་ལེགས་པར་མཆོད་གཏོར་འབུལ་ཚུལ།ངམ་རིང་རྫོང་བདག་རྡོ་རྗེ་ཁྱུང་ལུང་མར་མཆོད་གཏོར་འབུལ་ཚུལ་འཕྲིན་ལས་འགུགས་པའི་ཕོ་ཉ།མགོན་དཀར་ལ་མཆོད་གཏོར་འབུལ་ཚུལ་དངོས་གྲུབ་འགུགས་པའི་ཕོ་ཉ།ཆོས་རྒྱལ་ལ་མཆོད་གཏོར་འབུལ་ཚུལ།ཚེ་རིང་མཆེད་ལྔ་ལ་མཆོད་གཏོར་དང་གསེར་སྐྱེམས་འབུལ་ཚུལ་མ་གཅིག་དགྱེས་པའི་དགའ་སྟོན།བཙན་རྒོད་གཡའ་དམར་བ་མཆོད་པའི་རིམ་པ་འཕྲིན་ལས་འགུགས་པའི་ཕོ་ཉ།ཕྱག་ཆེན་བརྒྱུད་འདེབས་ཀྱི་སྲུབ་འཇུག་ཀ་ལྰ་པར་འཇུག་པའི་སྨོན་ཚིག་མགྱོགས་འགྲོའི་ཕོ་ཉ།རྫ་ཅིག་གི་གཏམ་བརྒྱུད་བཅས་ལ།27
ཐདཔལ་ལྡན་བླ་མ་དམ་པ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་དེ་ཉིད་ཀྱི་དགོངས་རྫོགས་སུ་ཆོས་གཟུགས་ཀྱི་སྣང་བརྙན་ལེ་ཚན་བཞེངས་པའི་དཀར་ཆག་ལ། 5
དཀར་ཆག་ལ། 4
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ནི་ཉང་སྟོད་གྲམ་བུ་ཞེས་པར་ཡབ་དཔལ་ལྡན་སྲི་ཆོས་དང༌།ཡུམ་མཆོག་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་ཤིང་གླང་1745 ལོ་ལ་འཁྲུངས།དགུང་ལོ་བཅུ་གསུམ་ལ་འབྲོང་རྩེ་ཆོས་སྡེར་ཆོས་ཞུགས་མཛད།མཁན་པོ་མང་ཐོས་ཚུལ་ལྡན་དྲུང་དུ་གཙུག་ཕུད་ཕུལ།མཚན་བློ་བཟང་ཚུལ་ཁྲིམས་ཞེས་གསོལ།དེ་རྗེས་བཀྲ་ཤིས་ལྷུན་པོ་ཐོས་བསམ་གླིང་དུ་ཆོས་ཞུགས་མཛད།མཁན་ཆེན་བློ་བཟང་བཀྲ་ཤིས་ཀྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས།དགུང་ལོ་བཅོ་ལྔ་ལ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཛད།དགུང་ལོ་སུམ་ཅུ་ཐམ་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དེའི་ལོར་རབ་འབྱམས་པའི་མཚན་རྟགས་བཞེས།ཁོང་གིས་ལོ་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་དང༌།འཇམ་བཞད་འཇིགས་མེད་དབང་པོ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།དེ་ནས་ལོ་གསུམ་རིང་བཀྲས་ལྷུན་རྒྱུད་གྲྭར་བཞུགས།རྗེ་ཉིད་བྱ་བྲལ་གྱིས་ལྷོ་ཕྱོགས་འབྲུག་ཡུལ་གྱི་རིའི་གནས་སུ་སྒྲུབ་པ་ལོ་ཤས་བཞུགས།དབུས་གཙང་ཙ་རི་སོགས་ལ་གནས་སྐོར་ལ་ཕེབས།སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས་ནས་རྒྱུད་པ་གྲྭ་ཚང་གི་སློབ་དཔོན་གནང༌།དགུང་ལོ་ང་གཅིག་ལོ་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་མཛད།ལོ་གཉིས་སོང་རྗེས་སྐུ་གཟུགས་ཐང་མིན་གྱིས་ཡོངས་འཛིན་དགོངས་ཞུ་མཛད་ནས་བདེ་ཆེན་ཆོས་འཁོར་རི་ཁྲོད་དུ་སྒྲུབ་པར་གཞོལ།མཐར་དགུང་ལོ་ང་དྲུག་ལྕགས་སྤྲེ་1800 ལོ་ལ་གཤེགས།གསུང་འབུམ་པོད་གཅིག་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
