ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འབུམ་གྱི་དཀར་ཆག
པར་བོད།ཤོག་གྲངས།
00781 ཀ་
1 ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དགེ་ལྡན་བསྟན་པའི་མཛེས་ལྡན་ལ། 414
2 ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེའི་རྟོགས་པ་བརྗོད་པ་དགེ་ལྡན་བསྟན་པའི་མཛེས་རྒྱན་གྱི་སྙན་ངག་གི་ཚིགས་བཅད་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡང་སྙན་མུ་ཏིག་ཆེན་པོ་ལ། 67
དཀར་ཆག་ལ། 2
00782 ཁ་
1 གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས་རྒྱ་གར་འཕགས་པའི་ཡུལ་དུ་ཕྱི་ནང་གི་གྲུབ་མཐའ་བྱུང་ཚུལ་ལ། 25
2 བོད་ལ་བསྟན་པ་སྔ་ཕྱི་དང་གསང་སྔགས་རྙིང་མའི་གྲུབ་མཐའ་བྱུང་ཚུལ་ལ། 18
3 བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ་ལ། 15
4 བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་ཚུལ་ལ། 28
5 ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་ལ། 9
6 ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ་ལ། 20
7 ཇོ་ནང་པའི་གྲུབ་མཐའ་བྱུང་ཚུལ་ལ། 13
8 དགེ་ལྡན་པ་པའི་གྲུབ་མཐའ་བྱུང་ཚུལ་ལ། 73
9 བོན་གྱི་གྲུབ་མཐའ་བྱུང་ཚུལ་ལ། 7
10 མཧྰ་ཙི་ནའི་ཡུལ་དུ་རིག་བྱེད་དང་བོན་གྱི་གྲུབ་མཐའ་བྱུང་ཚུལ་ལ། 15
11 རྒྱ་ནག་གི་ཡུལ་དུ་ནང་པ་སངས་རྒྱས་པའི་གྲུབ་མཐའ་བྱུང་ཚུལ་ལ། 16
12 ཧོར་ལི་ཤབྷ་ལ་རྣམས་སུ་གྲུབ་མཐའ་བྱུང་ཚུལ།གྲུ་དོན་བཤད་པས་མཇུག་བསྡུས་པ་བཅས་ལ། 19
13 བླ་ཆེན་བྱང་ཆུབ་སེམས་དཔའ་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་པ་མདོ་ཙམ་གཏམ་དུ་བརྗོད་པ་རིན་པོ་ཆེའི་ཕྲེང་མཛེས་ལ། 7
14 གྲུབ་པའི་དབང་ཕྱུག་བཀྲ་ཤིས་རྒྱ་མཚོ་སློབ་བརྒྱུད་དང་བཅས་པའི་རྣམ་ཐར་མུ་ཏིག་ཕྲེང་མཛེས་ལ། 8
15 གྲུབ་པའི་དབང་ཕྱུག་ངག་དབང་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་དཔག་བསམ་ལྗོན་བཟང་ལ། 37
16 བྱང་བ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུ་ནོར་བཟང་གི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་གཏམ་རྒྱལ་སྲས་ཀུན་ཏུ་དགའ་བའི་ཟློས་གར་ལ། 9
17 བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་དཀར་ཆག་དཔྱོད་ལྡན་ཡིད་དབང་འགུགས་པའི་ཕོ་ཉ་ལ། 71
18 དབེན་པའི་གནས་མཆོག་བདེ་ཆེན་ཆོས་གླིང་དུ་བཞུགས་པའི་བསམ་གཏན་པ་རྣམས་ལ་ཁྲིམས་སུ་བཅའ་བའི་རིམ་
པ་བསྟན་པའི་པད་ཚལ་རྒྱས་བའི་ཉིན་བྱེད་དང་བཅའ་ཡིག་འགའ་ཞིག་བཅས་ལ། 21
19 བཅོམ་ལྡན་འདས་མི་འཁྲུགས་པའི་སྐུ་བརྙན་བཞེངས་པའི་དཀར་ཆག་དད་པའི་པདྨོ་བཞད་པའི་ཉི་འོད།སྐུ་འབུམ་བྱམས་པ་གླིང་གི་གཟིམ་ཁང་གོང་དུ་བཞུགས་པའི་རྟེན་གྱི་དཀར་ཆག་ལོའུ་ཧྰི་མཆོད་རྟེན་དཀར་པོའི་བསྐོར་ཚད་དང་ཕན་ཡོན།སྐུ་བརྙན་མཐོན་བ་དོན་རྒྱན་གྱི་དཀར་ཆག་བསྐོར་ཚད་བཅས་བཅས་ཕྱོགས་བཀོད་ལ།
20 ཐར་པ་ཆེན་པོའི་མདོ་འདོན་པའི་ཚེ་གའི་འཁྲུལ་སེལ་བླུན་པོའི་ཁ་ལ་རྒྱས་འདེབས་ལ། 3
21 རྟེན་དང་མཆོད་རྫས་སྣ་ཚོགས་ཀྱི་ཁ་བྱང་གི་སྐོར།དགེ་བ་རྫོགས་བྱང་དུ་བསྔོ་བའི་ཚིགས་སུ་བཅད་པ།བཀའ་བསྒོ་འགའ་ཞིག བསྔོ་བ་སྨོན་ལམ་ཐོར་བུ་བཅས་ཕྱོགས་བཀོད་ལ། 18
དཀར་ཆག་ལ། 2
00783 ག་
1 ལམ་རིམ་ཆེན་མོའི་མཆོད་བརྗོད་ཀྱི་འགྲེལ་བསྒྲིགས།བྱང་ཆུབ་ལམ་གྱི་རིམ་པའི་དམིགས་རྣམ་ཡིད་ལ་བྱེད་ཚུལ་ཤིན་ཏུ་བསྡུས་པ་གནད་དོན་གསལ་བ།ལམ་རིམ་ཁྲིད་དམིགས་རྒྱས་པར་བསྒོམ་པའི་ལོང་སྐབས་མ་བྱུང་དུས་མདོར་བསྡུས་ཉམས་སུ་ལེན་ཚུལ།དམ་པའི་ཆོས་ལ་སྒྲུབ་པ་བྱེད་ཚུལ་བདུད་རྩིའི་ཐིགས་པ།བྱང་ཆུབ་ལམ་གྱི་རིམ་པའི་སྨོན་ལམ་སྐལ་བཟང་འཇུག་ངོགས་བཅས་ལ། 23
2 སྐྱབས་འགྲོའི་ཁྲིད་མདོར་བསྡུས།སངས་རྒྱས་ཆོས་ཚོགས་མའི་དམིགས་རིམ་བཅས་ལ། 6
3 བྱང་ཆུབ་ལམ་གྱི་རིམ་པ་འཇམ་དཔལ་ཞལ་ལུང་གི་སྔོན་འགྲོའི་ཆོས་གསལ་བར་བྱེད་པ་བློ་བཟང་ཞལ་ལུང་ལ། 32
4 བྱང་ཆུབ་ལམ་རིམ་སྔོན་འགྲོ་བླ་མའི་རྣལ་འབྱོར་ཞལ་ཤེས་ཐུན་མོང་མ་ཡིན་པ་ཀུན་མཁྱེན་ལམ་བཟང་ལ། 16
5 བློ་སྦྱོང་ཚིག་བརྒྱད་མའི་ཁྲིད་ཡིག་གཅེས་འཛིན་གདོན་འཇོམས་བྱང་སེམས་ཆུ་རྒྱུན་ལ། 5
6 ཐེག་པ་ཆེན་པོ་མདོ་སྡེའི་ལྡན་དང་བྱང་ཆུབ་སེམས་དཔའི་སའི་དོན་གཅིག་ཏུ་སྦྱར་ནས་རྒྱལ་བའི་སྲས་ཀྱི་ལམ་ཉམས་སུ་ལེན་ཚུལ་མདོ་ཙམ་བཤད་པ་ཐེག་ཆེན་ལམ་བཟང་གསལ་བའི་ཉི་མ་ལ། 31
7 གསུང་མགུར་བསླབ་བྱའི་རིམ་པ་ལ་མགུར་མ་འགའ་ཞིག་དང༌།མགུར་མ་ཐོར་བུ་སྣ་ཚོགས།གསུང་མགུར་ཞལ་གདམས་ཐོར་བུ།གྲོས་འདེབས་སྙིང་གི་ཐིག་ལེ།སྐྱབས་མགོན་ལྕང་སྐྱ་རིན་པོ་ཆེ་ཡབ་སྲས་ཀྱི་གསུང་མགུར།བསླབ་བྱ་མུ་ཏིག་ཕྲེང་བ།བསླབ་བྱ་ལྷའི་རྔ་བོ་ཆེ།བསླབ་བྱ་གཅེས་པ་བཅོ་བརྒྱད།ཆོས་རྗེ་སྐལ་བཟང་བསམ་གྲུབ་ལ་གནང་བའི་བསླབ་བྱ།བསླབ་བྱ་སྙིང་གཏམ་བླང་དོར་རབ་གསལ།དམ་པའི་ཆོགལ་སྒྲུབ་པ་བྱེད་ཚུལ་བདུད་རྩིའི་ཐིགས་པ་བཅས་ལ།57
8 འཇམ་དབྱངས་དགྱེས་པའི་གཞོན་ནུའི་བློ་གྲོས་ཀྱི་ཀྱིད་ཚལ་དུ་འཁྲུངས་པའི་འཕྲིན་ཡིག་མེ་ཏོག་གསར་བ་སྣ་ཚོགས་ལ། 77
9 གཟིམ་ཁང་དང་བསིལ་ཁང་གི་རྩིག་ལོགས་སོགས་སུ་བྲིས་པའི་སྙན་ཚིག་ཕྱོགས་བསྒྲིགས་ལ། 11
10 བླ་མའི་རྣལ་འབྱོར་གྱི་རིམ་པ་དང༌།བླ་མའི་རྣལ་འབྱོར་དངོས་གྲུབ་ཆར་འབེབས།བླ་མའི་རྣལ་འབྱོར་དངོས་གྲུབ་བུམ་བཟང༌།ཟབ་ལམ་བླ་མའི་རྣལ་འབྱོར་བསྡུས་པ།སྒྲོལ་དཀར་ལ་བརྟེན་པའི་བླ་མའི་རྣལ་འབྱོར།གཙུག་ཏོར་རྣམ་པར་རྒྱལ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར།ཕྱུག་རྡོར་གཏུམ་ཁྱུང་ལ་བརྟེན་པའི་བླ་མའི་རྣལ་འབྱོར།སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཡན་ལག་དང་བཅས་པ་གྲུ་འཛིན་ཞིང་དུ་བགྲོད་པའི་ཉེ་ལམ།དགེ་བསྐོས་ཡེ་ཤེས་དོན་གྲུབ་ཀྱིས་ཞུས་པའི་བླ་མའི་རྣལ་འབྱོར།སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར།རྩ་བའི་བླ་མར་བརྟེན་པའི་བསགས་སྦྱངས་བྱ་ཚུལ་བཅས་ལ། 21
11 བླ་མའི་རྣལ་འབྱོར་དོན་གཉིས་དོན་གྲུབ་ཀྱི་དམིགས་རིམ་དངོས་གྲུབ་ནོར་བུ་འདྲེན་པའི་ཤིང་རྟ་ལ། 17
12 རང་གི་རྩ་བའི་བླ་མའི་བཀའ་དྲིན་དྲན་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ལ། 4
13 རྗེ་བཙུན་དམ་པ་རང་བྱུང་ཡེ་ཤེས་རྡོ་རྗེས་མཛད་པའི་མ་ཎིའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཟབ་དོན་ལྟ་བའི་མིག་འབྱེད་དང༌།རྗེ་བཙུན་དམ་པ་རང་བྱུང་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས་པ་བྱིན་རླབས་སྒོ་འབྱེད་ལ། 10
14 འཁྲུངས་རབས་གསོལ་འདེབས་དང་ཞབས་བརྟན་གསོལ་འདེབས་ཀྱི་རིམ་པ་དང༌།རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མའི་འཁྲུངས་རབས་ལེ་ཚན་གསུམ་བཅས་ལ། 16
15 བླ་མ་དུ་མའི་ཞབས་བརྟན་སྐྱེས་རབས་གསོལ་འདེབས།འཇམ་དབྱངས་གོང་མའི་ཞབས་བརྟན་དགེ་ལེགས་འདོད་འཇོ་བཅས་ལ། 22
16 ཞབས་བརྟན་གསོལ་འདེབས་དགེ་ལེགས་འདོད་འཇོའི་འགྲེལ་པ་འདོད་འཇོའི་མེ་ལོང་ལ། 13
17 སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་ཀྱི་སྐོར་ཕྱོགས་བསྒྲིགས་ལ། 15
18 རྡོ་རྗེ་འཆང་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་བསྟོད་པ་པདྨོ་རྒྱས་པའི་ཉིན་བྱེད།རྡོ་རྗེ་སེམས་དཔའ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བྱིན་རླབས་ཆུ་རྒྱུན་འདྲེན་པའི་ཡུར་བ།འཕགས་མ་སྒྲོལ་མ་ལ་བསྟོད་པ་དགོས་འདོད་ཀུན་འབྱུང༌།དབྱངས་ཅན་མ་ལ་བསྟོད་པ་ཨུཏྤལ་ཕྲེང་བ་བཅས་ལ། 6
19 སྐྱབས་གནས་སྤྱི་དང་བླ་མ་ཡི་དམ་ཅི་རིགས་ཀྱི་གསོལ་འདེབས།མ་ཅིག་ལབ་ཀྱི་སྒྲོལ་མ་ལ་གསོལ་བ་འདེབས་པ་དངོས་གྲུབ་འགུགས་པའི་ཕོ་ཉ།འཇམ་དཔལ་ནྰ་ག་རཀྴའི་བརྒྱུད་འདེབས་སྨོན་ལམ།བདེ་མཆོག་སྒྲུབ་མཆོད་ཀྱི་དགེ་བ་བསྔོ་བའི་སྨོན་ལམ།འཇམ་དབྱངས་བཞད་སྤྲུལ་དགུང་ལོ་བདུན་བཞེས་སྐབས་ཀྱི་གསུང་རྩོམ་ཚིགས་བཅད་ཀྱི་དོན་འགྲེལ་བཅས་ལ། 20
20 དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་མདོར་བསྡུས་ལ། 2
21 དཔལ་རྡོ་རྗེ་འཇིགས་བྱེད་སྐྱེ་བསྙེན་ཡིག་སྐལ་ལྡན་འཇུག་ངོགས་ལ། 9
22 དཔལ་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་སྒྲུབ་ཐབས་མདོར་བསྡུས་ཡིད་བཞིན་ནོར་བུ་ལ། 9
23 དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་ཟུང་འཇུག་ཉེ་ལམ།འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དངོས་གྲུབ་འདོད་འཇོ།བདེ་མཆོག་གི་ཚོགས་འཁོར་མདོར་བསྡུས་བྱ་ཚུལ།བདེ་མཆོག་དཀར་པོའི་སྒྲུབ་ཐབས་བཅས་ལ། 13
24 འཆི་མེད་རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་བདུད་རྩིའི་བུམ་བཟང་ལ། 5
25 ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་ཤེས་རབ་ཆེ་གཏེར་འཕེལ་བའི་ཟླ་བ་ལ། 6
26 སྤྱན་རས་གཟིགས་རྒྱལ་བརྒྱ་མཚོའི་སྒྲུབ་ཐབས་ནོར་བུའི་དོ་ཤལ།ཤེར་ཕྱིན་མ་དཀར་མོའི་སྒྲུབ་ཐབས་བྱིན་རླབས་འདོད་འཇོ།རིག་པའི་རྒྱལ་མོ་གཟའ་ཡུམ་གྱི་སྒྲུབ་ཐབས་བདུད་རྩིའི་ཆུ་རྒྱུན་བཅས་ལ། 7
དཀར་ཆག་ལ། 3
00784 ང་
1 བླ་མེད་ལུགས་ཀྱི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་བདུད་རྩིའི་ཆུ་རྒྱུན་ལ། 8
2 བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒོ་ནས་གང་ཟག་ཁྱད་པར་ཅན་གྱི་སྐུ་གདུང་མཆོད་ཅིང་སྦྱང་བའི་ཆོ་ག་རིན་ཆེན་སྒྲོན་མ་ལ། 22
3 རྡོ་རྗེ་རྣམ་པར་འཇོམས་པའི་སྦྱིན་སྲེག་གི་ཆོ་ག་སྡུག་བསྔལ་སྲེག་བྱེད་ལ། 8
4 ལྷག་པའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་ཐབས་ཀྱི་རིམ་པ་ལ།འཇམ་དབྱངས་དཀར་པོ།སོ་སོར་འབྲང་མ།སྒྲོལ་མ།བཅུ་གཅིག་ཞལ།སྤྱན་རས་གཟིགས་ཀྱི་ཚེ་སྒྲུབ།རྡོར་སེམས་ཁག་གཉིས།སྣ་ཚོགས་ཡུམ།སངས་རྒྱས་སྤྱན་མ།ཀུན་རིག་འཇམ་དཔལ་ནག་པོ།སྨེ་བརྩེགས།ཛམ་དཀར།སྒྲོལ་དཀར་དང་ཚེ་དཔག་མེད་ཀྱི་ཚེ་སྒྲུབ་བཅས་ཕྱོགས་བཀོད་ལ། 14
5 རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་སྐུ་ན་ཕྲ་དུས་ཀྱི་གསུང་ཐོར་བུ་འགའ་ཞིག་ཕྱོགས་བསྒྲིགས་ལ། 13
6 བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གངྒྰའི་ཆུ་རྒྱུན་ལ། 28
7 མི་འཁྲུགས་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར།མི་འཁྲུགས་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་ཚུལ་གྱི་མན་ངག་བདུད་རྩིའི་དགའ་སྟོན།མི་འཁྲུགས་པའི་སྒོ་ནས་སྒྲིབ་སྦྱོང་བདུད་རྩིའི་ཆུ་རྒྱུན་བཅས་ལ། 5
8 འཕགས་པ་དོན་ཡོད་ཞགས་པའི་ལྷ་ཚོགས་ལ་མཆོད་པའི་ཆོ་ག་དོན་ཡོད་ལྕགས་ཀྱུ་ལ། 15
9 སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་སྨྱུང་ངས་ཀྱི་ཆོ་ག་ཤིན་ཏུ་བསྡུས་པ་བདུད་རྩིའི་ཐིགས་པ་ལ། 7
10 མ་ཎི་རིལ་སྒྲུབ་ཀྱི་ངག་འདོན་ཤིན་ཏུ་བསྡུས་པ་ལ། 1
11 རྗེ་བཙུན་བྱམས་པ་ལ་བརྟེན་པའི་འཕོ་བ་དག་ཞིང་བལྟ་བའི་མེ་ལོང་ལ། 1
12 འཇམ་དབྱངས་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་བསྙེན་སྒྲུབ་བྱ་ཚུལ་ཡེ་ཤེས་འཆར་བ་དང༌།དེའི་སྦྱིན་སྲེག་གི་ཆོ་ག་སྦྱོངས་པའི་བུད་ཤིང་འཇོམས་པའི་མེ་ལྕེ་བཅས་ལ། 12
13 འཇམ་དབྱངས་དམར་སེར་གྱི་བསྙེན་སྒྲུབ་བྱ་ཚུལ་བློ་གྲོས་ཀུན་ད་བཞད་པའི་དགའ་སྟོན་ལ། 5
14 རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་རྣམ་བཤད་ལས་སྙིང་པོ་བསྡུས་པ་དང༌།དཔལ་རྡོ་རྗེ་འཇིགས་བྱེད་དང་འཇམ་དབྱངས་དཀར་པོ་སྦྲགས་སྒྲུབ་ཀྱི་ཞལ་ཤེས་ཐུན་མིན་བཅས་ལ། 8
15 རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོའི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་ལ། 7
16 དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ངག་གི་འདོད་འཇོ་དང༌།སྒྲུབ་ཐབས་རྒྱུན་ཁྱེར།དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་སྒྲུབ་ཐབས་ཟླ་ཤེལ་མྱུ་གུ་བཅས་ལ། 7
17 བཅོམ་ལྡན་འདས་བདེ་བར་གཤེགས་པ་སུམ་ཅུ་སོ་ལྔ་ལ་བརྟེན་ནས་ལྟུང་བ་བཤགས་པའི་ཆོ་ག་གཞན་ཕན་ཉི་མའི་འོད་ཟེར་ལ། 19
18 སྨན་བླ་མཆེད་བདུན་ལ་གསོལ་བ་གདབ་པའི་ཆོ་ག་སྨན་བླ་མཆེད་བདུན་ལ་ཨ་རུ་རའི་སྟོང་མཆོད་འབུལ་ཚུལ་འཆི་མེད་དཔལ་སྟེར་བཅས་ལ། 4
19 གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་སྟོང་མཆོད་ཀྱི་ཆོ་ག་དང་བཅས་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་ལ། 17
20 རྣམ་རྒྱལ་མའི་གཟུངས་རིང་ལ། 1
21 གཙུག་ཏོར་རྣམ་པར་རྒྱལ་མའི་བསྒོམ་བཟླས་ལ་བརྟེན་ནས་ཚེའི་དངོས་གྲུབ་སྒྲུབ་ཚུལ་ལ། 4
22 བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་བསྙེན་པའི་སྒོ་ནས་ཚེའི་དངོས་སྒྲུབ་པའི་ཆོ་ག་འཆི་མེད་བདུད་རྩིའི་ཆེ་རྒྱུན་ལ། 9
23 སྒྲོལ་མ་མན་ཌལ་བཞི་པའི་ཆོ་ག་ཤིན་ཏུ་ཁྱེར་བདེ་བར་བཀོད་པ་དངོས་གྲུབ་ཀུན་འབྱུང་ལ། 11
24 རྗེ་བཙུན་མ་སྒྲོལ་མའི་སྒོ་ནས་རྩོད་དང་སྦྱི་ལམ་ངན་པ་དང་བྱད་དང་གཟའི་གནོད་པ་བཙོན་རར་ཆེད་པ་ལས་འདོན་པའི་མན་ངག་འཇིགས་སྒྲལ་དཔའ་བོ་ལ། 12
25 སྡུག་བསྔལ་སེལ་བའི་སྒྲོལ་མའི་སྒྲུབ་ཐབས་ལ། 1
26 རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་བདུད་རྩིའི་ཆར་རྒྱུན་ལ། 9
27 རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་ལ། 6
28 ལྷ་མོ་འོད་ཟེར་ཅན་མའི་གཟུངས་མདོ་འདོན་ཐབས་ལ། 2
29 ལྷ་མོ་ཤྲ་མ་ཎི་སྒྲུབ་ཐབས་རྗེས་གནང་ལ། 3
30 ཕྱུག་ན་རྡོ་རྗེ་དྲག་པོ་གསུམ་དྲིལ་གྱི་བསྙེན་པ་བྱ་ཚུལ་སྦྱིན་སྲེག་དང་བཅས་པ་རྡོ་རྗེའི་ལྷུན་པོ་བརྩེགས་པ་དང་སྒྲུབ་ཐབས་མདོར་བསྡུས་བཅས་ལ། 11
31 གསང་བདག་དྲག་པོ་གསུམ་བསྒྲིལ་གྱི་རྗེས་གནང་བྱ་ཚུལ་རིན་པོ་ཆེའི་ཕྲེང་བ་ལ། 7
32 ཕྱུག་རྡོར་གཏུམ་པོ་ཁྱུང་ལྔའི་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་ལ། 4
33 ཁྱུང་ནག་མེའི་རལ་གྲིའི་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་དང༌།སྒྲུབ་ཐབས་རལ་གྲི་རེག་གཅོད་བཅས་ལ། 6
34 ཁྱུང་ཁྲའི་སྦྱིན་སྲེག་གི་ཐོ་ཡིག་དང༌།ཞི་རྒྱས་སྦྱིན་སྲེག་གི་སྤེལ་ཚིག་དྲག་པོའི་སྦྱིན་སྲེག་གི་གོ་རིམ་བཅས་ལ། 4
35 བཅོམ་ལྡན་འདས་ཁྲོ་རྒྱལ་གཙུག་ཏོར་འབར་བའི་གདམས་པ་ཤིན་ཏུ་ཟབ་པ་རྡོ་རྗེ་ཕ་ལམ་ལ། 8
36 ཁྲོ་རྒྱལ་གཙུག་ཏོར་འབར་བའི་སྒྲུབ་ཐབས་རྗེས་གནང་ལ། 3
37 འཁོར་ལོ་འབར་བའི་རིགས་སྔགས་ཉམས་སུ་ལེན་ཚུལ་ཕུང་སྲི་ཕྱེ་མར་འཐག་པའི་འཁྲུལ་འཁོར་ལ། 8
38 ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས་རལ་གྲི་འབར་བའི་འཁྲུལ་འཁོར་དང༌།སྒྲུབ་ཐབས་མདོར་བསྡུས་བཅས་ལ། 7
39 ཛམ་དཀར་འབྲུག་བཞོན་ལྷ་ལྔའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་ཡིད་བཞིན་ནོར་བུའི་བང་མཛོད་ལ། 9
40 བཅོམ་ལྡན་འདས་ཀླུ་དབང་རྒྱལ་པོའི་སྒོ་ནས་ཀླུ་དང་ས་བདག་གི་གནོད་འཚེ་སེལ་ཐབས་བདུད་རྩིའི་བུམ་བཟང་ལ།11
41 དམིགས་བརྩེ་མའི་སྒོ་ནས་ཆར་འབེབས་བྱ་ཚུལ་གྱི་ཆོ་ག་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ། 11
42 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཆར་འབེབས་བྱ་ཚུལ་ཕན་བདེའི་ཆར་འབེབས་ལ། 7
43 རྡོ་རྗེ་འཇིགས་བྱེད་ཀླུ་བརྒྱད་དང་བཅས་པའི་སྦྱིན་སྲེག་གི་སྒོ་ནས་ཆར་འབེབས་པའི་གདམས་པ་ཕན་བདེ་ཀུན་འབྱུང་ལ། 7
44 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒོ་ནས་དུས་མིན་གྱི་ཁ་ཆར་གཅོད་པའི་མན་ངག་མེ་ལྟུང་འཁྱིལ་བ་དང༌།སེར་བ་བསྲུང་བའི་ཆེད་གཞི་བདག་ལ་གཏོར་མ་གཏོང་ཚུལ་བཅས་ལ། 3
45 རིག་བྱེད་མ་སྔོན་མོའི་ཆར་འབེབས་ཀྱི་ཆོ་ག་བཀླགས་པས་དོན་གྲུབ་ལ། 4
46 གཅོད་དབང་ནམ་མཁའ་སྒོ་འབྱེད་དུ་གྲགས་པའི་བྱིན་རླབས་བྱ་ཚུལ་གྱི་ལག་ལེན་གསལ་བར་བརྗོད་པ་ཞི་སྒོ་འབྱེད་པའི་ལྡེ་མིག་ལ། 12
47 གཅོད་ཀྱི་གདམས་པའི་སྔོན་འགྲོ་མཁའ་འགྲོ་སྡེ་ལྔའི་བསྙེན་པ་བྱེད་ཚུལ་ཡིད་བཞིན་དབང་གི་རྒྱལ་པོ་ལ། 6
48 བཅོམ་ལྡན་འདས་ཁྲོས་མ་ནག་མོ་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས་མཁའ་འགྲོའི་ཞལ་ལུང་ལ། 4
49 མ་ཅིག་ཁྲོས་མ་ནག་མོ་ལྷ་ལྔའི་མདུན་བསྐྱེད་ཀྱི་ཆོ་ག་མཁའ་འགྲོ་མཉེས་བྱེད་ལ། 12
50 དགོངས་བསྐྱོད་མ་དང་མཁའ་འགྲོ་འབུམ་བསྐུལ་ལ། 3
51 མ་ཅིག་ཁྲོས་མ་ནག་མོ་ལྷ་ལྔའི་གཏོར་ཟློག་གི་ཆོ་ག་རབ་འཇིགས་རྡོ་རྗེའི་མེ་ཆར་ལ། 13
52 མ་ཅིག་ཁྲོས་མ་ནག་མོ་ལྷ་ལྔའི་བཟློག་པའི་ཆོ་ག་བདུད་འདུལ་ཁྲོ་མོའི་གད་རྒྱངས་ལ། 5
53 མ་ཅིག་ཁྲོས་མའི་ཆོ་ག་དང་འབྲེལ་བར་མཁའ་འགྲོ་བསུན་བཟློག་བྱ་ཚུལ་འཆི་བདག་བདུད་དཔུང་འཇོམས་པའི་རྡོ་རྗེ་ལ། 11
54 གཅོད་ལུགས་ཀྱི་སྒྲད་ཆོག་དྲི་མེད་མཆོག་སྦྱིན་ལ། 5
55 གཅོད་ཀྱི་གདམས་པ་ཐར་པའི་སྒོ་འབྱེད་ལ། 10
56 གཅོད་ཀྱི་མན་ངག་ཤིན་ཏུ་བསྡུས་པ་ཟབ་དོན་ཡང་སྙིང་ལ། 3
དཀར་ཆག་ལ། 3
00785 ཅ་
1 གདུགས་དཀར་བཟློག་ཆེན་རྒྱས་པ་དང་འབྲིང་པོའི་ལག་ལེན་ཆོ་གའི་རིམ་པ་བཀྲ་ཤིས་ཀུན་འབྱུང་ལ། 31
2 གཙུག་ཏོར་བཟློག་ཆེན་བསྡུས་པའི་ཆོ་ག་སྙིང་པོ་བཅུད་བསྡུས་ལ། 7
3 བཟང་སྤྱོད་ཀྱི་འཆི་བླུ་བྱེད་ཚུལ་གོ་བདེ་བཀླགས་ཆོག་ཏུ་བཀོད་པ་ལ། 1
4 སྒྲོལ་མ་གཡུལ་བཟློག་གི་ཆོ་ག་བཀླགས་པས་དོན་གྲུབ་ལ། 14
5 ཁ་འབར་མ་དཀར་ནག་ཁྲ་གསུམ་གྱི་གཏོར་མའི་ཆོ་ག་བཀླགས་པས་དོན་གྲུབ་ལ། 7
6 སྒྲད་གཏོར་གྱི་ཆོ་ག་ཀུན་ཕན་འདོད་འཇོ་དང༌།རྒྱལ་རྫོང་ལག་ཏུ་བླང་བདེ་བ་ལ། 6
7 སྤར་ཁ་ཁོན་གྱི་བཅོས་ཐབས་ལ། 2
8 སྲོག་ཆགས་གྲོག་མ་ལ་སྦྱིན་པ་གཏོང་ཚུལ་དང༌།འབྱུང་བ་ཆེ་ལ་ས་ཚྭ་གདབ་པའི་ཚུལ།འབྱུང་བཞིའི་གཏོར་མ་ཤིན་ཏུ་བསྡུས་པ་བཅས་ལ། 3
9 མེ་ཏོག་བཅུད་ལེན་གྱི་གདམས་པ་བདུད་རྩིའི་ཐིགས་པ་ལ། 5
10 རྒྱལ་བའི་བསྟན་སྲུང་ཆེན་པོ་རྣམས་ལ་མཆོད་གཏོར་འབུལ་ཚུལ་ལས་བཞི་ལྷུན་གྱིས་གྲུབ་པའི་རྡོ་རྗེ་སྒྲ་དབྱངས་ལ།8
11 མགོན་པོ་ལྷ་བཞི་དྲིལ་སྒྲུབ་ཀྱི་གདམས་པ་བདུད་རྩིའི་ཆུ་རྒྱུན་ལ། 3
12 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱུག་དྲུག་པའི་གཏོར་ཆོག་དགོས་འདོད་ཀུན་འབྱུང་ལ། 5
13 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱུག་དྲུག་པའི་གཏོར་ཆེན་གྱི་བཅའ་བསྒྲིགས་རྡོ་རྗེའི་རེ་ཁྰ་དང༌།མགོན་པོ་ཕྱུག་དྲུག་པའི་གཏོར་ཆེན་ཐུན་མོང་བའི་ངག་འདོན་ཙམ་ཟུར་དུ་བཀོད་པ་མགོན་པོའི་བསྒྲལ་ཆོག་བཅས་ལ། 13
14 མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཡིད་བཞིན་དབང་གི་རྒྱལ་པོ་ལ། 5
15 མགོན་དཀར་ཡིད་བཞིན་ནོར་བུའི་གཏོར་ཆོག་བསམ་འཕེལ་དབང་གི་རྒྱལ་པོ་དང་སྤྱི་སྟབས་བཅས་ལ། 10
16 ཚེ་བདག་མགོན་པོའི་གཏོར་ཆོག་དངོས་གྲུབ་བདུད་རྩིའི་བུམ་བཟང་དང༌།མགོན་པོ་ཚེ་ཡི་བདག་པོའི་ཚོགས་འཁོར་གྱི་ཆོ་ག་ཀུན་བཟང་དགའ་སྟོན་མགོན་དཀར་ནག་གཉིས་ལའང་སྦྱར་ཆོག་པ་བཅས་ལ། 11
17 དམ་ཅན་ཆོས་ཀྱི་རྒྱལ་པོ་གསང་སྒྲུབ་ཀྱི་གཏོར་ཆོག་དངོས་གྲུབ་རྒྱ་མཚོ་ལ། 7
18 རྡོ་རྗེ་ནག་པོ་ཆེན་པོ་གདོང་གཉན་ཅན་ལ་མཆོད་གཏོར་འབུལ་བའི་ཆོ་ག་འཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ་ལ། 15
19 དཔལ་ལྡན་ལྷ་མོའི་གཏོར་ཆོག་དངོས་གྲུབ་ཡོངས་འདུའི་སྙེ་མ་ལ། 4
20 དཔལ་ལྡན་ལྷ་མོ་ལ་ཞི་བའི་མེ་མཆོད་འབུལ་ཚུལ་མི་མཐུན་ཀུན་འཇོམས་ལ། 2
21 དཔལ་ལྡན་ལྷ་མོ་ལ་ཚེས་གཏོར་འབུལ་ཚུལ་གྱི་ལག་ལེན་ཁྲིགས་ཆགས་སུ་བཀོད་པ་འགགས་མེད་རྡོ་རྗེའི་སྒྲ་དབྱངས་ལ། 11
22 དཔལ་ལྡན་ལྷ་མོའི་མདོས་འཕྲིན་གྱི་ལག་ལེན་ཆོ་ག་ལྷན་ཐབས་མཐོང་གྲོལ་གསེར་གྱི་ལྡེ་མིག་ལ། 21
23 དཔལ་ལྡན་ལྷ་མོའི་མདོས་ཀྱི་ཆོ་གའི་ངག་འདོན་ཁྲིགས་ཆགས་སུ་བསྡེབས་པ་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལ།25
24 རྒྱལ་ཡུམ་དཔལ་ལྡན་ལྷ་མོའི་བསྐང་བཟློག་གི་ཆོ་ག་རྒྱས་པར་བྱ་ཚུལ་གྱི་ཐོ་ཡིག་བཀྲ་ཤིས་ཀུན་འབྱུང་ལ། 3
25 དཔལ་ལྡན་ལྷ་མོའི་ཆོ་ག་དང་འབྲེལ་བར་མ་མོའི་འཁྲུགས་སྐོང་གཏོང་ཚུལ་ལ། 10
26 དཔལ་ལྡན་ལྷ་མོའི་བམ་སྐོང་གི་ཆོ་ག་ཉེས་པ་ཀུན་སེལ་ལ། 6
27 རྣམ་སྲས་སེང་ཆེན་གྱི་གཏོར་ཆོག་ཤིན་ཏུ་བསྡུས་པ་དངོས་གྲུབ་ཆར་འབེབས་ལ། 3
28 རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་མདུང་དམར་ཅན་གྱི་གཏོར་ཆོག་ཁམས་གསུམ་དབང་བསྡུད་ལ། 13
29 ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་གཏོར་ཆོག་འཕྲིན་ལས་ཀྱི་རྒྱ་མཚོ་ལ། 9
30 ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་མདོས་ཆོག་རྡོ་རྗེའི་འབྲུག་སྒྲ་ལ། 5
31 རྡོ་རྗེའི་སྲུང་མ་རྣམས་ལ་འཕྲིན་ལས་དྲག་པོ་གཉེར་དུ་གཏད་པའི་ཚིགས་སུ་བཅད་པ་དམ་ཅན་དམག་དཔུང་བསྐུལ་བའི་རྔ་སྒྲ་དྲག་པོ་ལ། 4
32 ཆོས་སྐྱོང་སྤྱི་སྒེར་གྱི་གཏོར་འབུལ་འཕྲིན་བཅོལ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 22
33 ཚེ་རིང་མཆེད་ལྔའི་གསོལ་མཆོད་ཀྱི་ཆོ་ག་འདོད་འཇོའི་བུམ་བཟང་ལ། 8
34 རྡོ་རྗེ་དྲག་རྒྱལ་མ་གཙོ་བོའི་བསྟན་མའི་གསོལ་མཆོད་ཀྱི་ཆོ་ག་དཔག་བསམ་སྙེ་མ་ལ། 17
35 རྡོ་རྗེ་དྲག་རྒྱལ་མ་གཙོ་བོའི་བསྟན་མ་རྣམས་ལ་བརྒྱགས་བརྔན་གཏོང་ཚུལ་ལ། 4
36 བླ་ཆེན་དགངས་པ་རབ་གསལ་གྱི་བཀའ་སྲུང་ཞིང་སྐྱོང་ཆེན་པོའི་གསོལ་མཆོད་ཀྱི་ཆོ་ག་ལ། 3
37 ཆོས་སྐྱོང་རྒྱལ་པོ་སྡེ་ལྔའི་གསོལ་མཆོད་ཀྱི་ཆོ་ག་འཕྲིན་ལས་ཆར་རྒྱུན་བསྐུལ་བའི་འབྲུག་སྒྲ་ལ། 23
38 ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་སྲུང་མ་རྡོ་རྗེ་འོད་ལྡན་དཀར་པོའི་གསོལ་མཆོད་ཀྱི་ཆོ་ག་འཕྲིན་ལས་ཆར་རྒྱུན་བསྐུལ་བའི་འབྲུག་སྒྲ་དང་མངའ་གསོལ་ལྷ་མཆོག་དགྱེས་བའི་བཞད་སྒྲ་བཅས་ལ། 7
39 དམ་ཅན་རྡོ་རྗེ་ལེགས་པ་ལ་མཆོད་གཏོར་འབུལ་ཚུལ་འཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ་དང་དྲག་བསྐུལ་དཔའ་བོའི་གད་རྒྱངས་བཅས་ལ། 17
40 དམ་ཅན་རྡོ་རྗེ་ལེགས་པ་ལ་མཆོད་གཏོར་འབུལ་ཚུལ་རྔམས་པའི་ཕོ་ཉ་དང་དམ་ཅན་རྣམ་གསུམ་གྱི་གཏོར་ཆོག་རྒྱུན་ཁྱེར་བཅས་ལ། 8
41 བསྟན་སྲུང་ཆེན་པོ་ཇོ་བོ་རྒྱལ་མཚན་པའི་གསོལ་མཆོད་བཙན་རྒོད་རོལ་མཚོ་ལ། 9
42 ཁམས་གསུམ་བདུད་འདུལ་རྒྱལ་ཆེན་བཀྭན་ཡུན་ཆང་གི་ལོ་རྒྱུས་དང་གསོལ་མཆོད་བྱ་ཚུལ་འཕྲིན་ལས་ཆར་རྒྱུན་བསྐུལ་བའི་འབྲུག་སྒྲ་ལ། 7
43 འགོ་བའི་ལྷ་ལྔའི་གསོལ་མཆོད་ཕན་བདེའི་འདོད་འཇོ་ལ། 5
44 དཀོར་བདག་ཆེ་རྒྱུད་རྒྱལ་པོའི་སྒྲད་རྫོང་ལ། 3
45 དགོན་ལུང་གནས་བདག་གི་གསོལ་མཆོད་འཕྲིན་ལས་འདོད་འཇོ་དང་གནས་བདག་ཀླུ་རྒྱལ་ནག་པོ་ཆེན་པོའི་གསོལ་མཆོད་བཅས་ལ། 5
46 ཀླུ་མཆོད་བྱེད་ཚུལ་བདུད་རྩིའི་ཡོལ་གོ་ལ། 3
47 སྣང་བརྒྱད་ཀྱི་ཆོ་ག་ལ། 10
48 ཡིད་དམ་སྲུང་མ་ཡུལ་ལྷ་བཞི་བདག་ཅི་རིགས་སྐྱེ་བསངས་དང་གསོལ་བ་འཕྲིན་བཅོལ་གྱི་ཚིགས་བཅད་སྣ་ཚོགས་ཕྱོགས་བཀོད་ལ།36
49 གཞི་བདག་ལྷའི་དགེ་བསྙེན་གཟི་བརྗིད་འཕགས་ཀྱི་གསོལ་མཆོད་ཀྱི་ཆོ་ག་ལྷ་མཆོག་དགྱེས་པའི་རོལ་མོ་ལ། 6
དཀར་ཆག་ལ། 3
00786 ཆ་
1 བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དཔལ་རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་ཆོས་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་རྩ་བའི་ཡིག་རྙིང་ལ། 9
2 རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་གི་ཆོ་གརྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པ་དང་དབང་ཆོག་པཎ་ཆེན་གྱིས་མཛད་པ་ལ། 6
3 རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་ཀྱི་ཆོ་ག་བར་ཆད་ཀུན་སེལ་དང་དེའི་སྒྲུབ་ཐབས་རྒྱུན་ཁྱེར་དང་བཅས་པ་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པ་ལ། 7
4 སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་པདྨ་ར་གའི་ཕྲེང་བ་དང༌།ལས་བྱང་དབང་ཆེན་དགྱེས་པའི་རོལ་གར།བླ་བརྒྱུད་གསོལ་འདེབས་དང་བསྟོད་པ་བཅས་ལ། 10
5 སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་དབང་དང་བཅས་པའི་ལེ་ཚན་ལ།5
6 རྟ་མཆོག་རོལ་པའི་སྒྲུབ་ཐབས་ཀྱི་ཟིན་བྲིས་པདྨ་ར་གའི་ཕྲེང་བ་ལ། 3
7 རྗེ་བླ་མས་གནང་བའི་རྟ་མགྲིན་སྒྲུབ་ཐབས་པདྨ་ར་གའི་ཕྲེང་བར་མེད་མི་རུང་གི་ཟུར་འདེབས་རིན་ཆེན་མཛེས་པའི་ཕྲ་ཚོམ་ལ། 13
8 སྒྲུབ་ཐབས་རིན་འབྱུང་ལས་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལ། 3
9 དཔལ་རྟ་མཆོག་རོལ་པའི་སྒྲུབ་ཐབས་པདྨ་ར་གའི་ཕྲེང་བའི་མཛེས་ལྡན་ལ། 10
10 རྟ་མཆོག་རོལ་པ་གསང་སྒྲུབ་སྐྱེ་བསྙེན་ཡིག་རབ་གསལ་མེ་ལོང་དང་དེའི་རྒྱུན་ཁྱེར་བཅས་ལ། 5
11 རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད་དང་སྒྲུབཐབས་མདོར་བསྡུས་རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པ་བཅས་ལ། 15
12 རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་དང༌།རྟ་མགྲིན་གྱི་བླ་མའི་རྣལ་འབྱོར་རྡོ་རྗེ་འཆང་ལྰ་ལི་ཏ་བཛྲ་གྱིས་མཛད་པ་ལ། 4
13 རྟ་མགྲིན་གསང་སྒྲུབ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་ཡེ་ཤེས་འོད་འབར་ལ། 6
14 རྟ་མགྲིན་གསང་སྒྲུབ་ཀྱི་ཞི་བའི་སྦྱིན་སྲེག་ཡེ་ཤེས་འོད་འབར་གྱི་ལག་ལེན་གསལ་བར་བརྗོད་པ་ཟུར་རྒྱན་འོད་འབར་སྣང་བ་ལ། 10
15 རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་བདུད་དཔུང་འཇོམས་པའི་རྡོ་རྗེ་ལ། 16
16 རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་བདུད་དཔུང་འཇོམས་པའི་རྡོ་རྗེ་དང་གཏོར་བཟློག་གི་ཁ་སྐོང་ལེ་ཚན་ཁ་ཤས་བཅས་ལ། 5
17 རྟ་མགྲིན་གྱི་བཟློག་པ་རྣམ་རྒྱལ་སྟོབས་ཀྱི་མཚན་ཆ་ལ། 4
18 རྟ་མགྲིན་གྱི་སྒོ་ནས་གཏོར་བཟློག་བྱ་ཚུལ་ལ། 5
19 རྟ་མགྲིན་གསང་སྒྲུབ་སྐྱེ་བསྐྱེད་རིམ་སྐབས་ཏིང་འཛིན་གསུམ་གྱི་ཁོག་འབུབས་ཚུལ་ལ། 4
20 ཀུ་སྭ་ལི་དྷརྨ་བཛྲ་གྱིས་སྐྱེར་སྒང་ལུགས་ཀྱི་གདམས་པ་ཇི་སྙེད་ཐོབ་པ་རྣམས་སྐྱེ་བརྒྱུད་རིམ་བཀོད་པ་ནོར་བུའི་དོ་ཤལ་ལ། 15
21 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བྲིས་འབུར་གྱི་སྐུ་བརྙན་དང་གླེགས་བམ་བཞེངས་ཚུལ་མཐོང་གྲོལ་ངོ་མཚར་ལྟད་མོ་ལ། 21
22 སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་གི་ཆོ་ག་གངྒྰའི་ཆུ་རྒྱུན་ལ། 15
23 རྟ་མགྲིན་གསང་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་དངོས་གྲུབ་སྤྲིན་ཕུང་དང༌།བླ་མ་རྟ་མགྲིན་གྱི་རྣལ་འབྱོར་གྱི་སྒོ་ནས་དལ་འབྱོར་ལ་སྙིང་པོ་བླང་ཐབས་པཎ་ཆེན་ཆོས་ལྡན་གྱི་གསུང་བཅས་ལ། 9
24 སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱས་པ་རྟ་མཆོག་རོལ་པའི་ཞལ་ལུང་དང་སྨོན་ལམ་ཤིས་བརྗོད་བཅས་ལ། 13
25 རྟ་མགྲིན་གསང་སྒྲུབ་ལུགས་གཉིས་ཀྱི་རྒྱུན་ཁྱེར་སྙིང་པོ་བཅུད་བསྡུས་ལ། 4
26 རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་དྲེགས་པ་ཀུན་འདུལ་ལ། 3
27 རྟ་མགྲིན་གསང་སྒྲུབ་སྐྱེ་བསྙེན་ཡིག་དབང་ཆེན་ཞལ་བཟང་བལྟ་བའི་མེ་ལོང་ལ། 10
28 རྟ་མགྲིན་གསང་སྒྲུབ་སྐྱེ་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་རྒྱལ་གདོན་སྲོག་གི་རལ་གྲི་ལ། 22
29 རྟ་མགྲིན་གསང་སྒྲུབ་སྐྱེ་བསྙེན་པ་དང༌།སྒྲུབ་པ་ལ་སོགས་པའི་སྐབས་སུ་གདོན་བགེགས་སྐྱེ་བར་ཆད་སེལ་བའི་མན་ངག་བདུད་དཔུང་འཇོམས་པའི་མཚོན་ཆ་ལ། 7
30 རྟ་མགྲིན་གསང་སྒྲུབ་སྐྱེ་བཟླས་པ་བྱེད་ཚུལ་རལ་གྲིའི་ངར་འདོགས་ལ། 11
31 སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་བདུད་དཔུང་འཇོམས་པའི་རྡོ་རྗེའི་སྒོམ་རིམ་རྟ་མཆོག་རོལ་པའི་དགོངས་རྒྱན་ལ། 56
32 རྟ་མགྲིན་གསང་སྒྲུབ་ཀྱི་ཚོགས་འཁོར་གྱི་ཆོ་ག་རྣལ་འབྱོར་རོལ་པའི་དགའ་སྟོན་ལ། 6
33 རྟ་མགྲིན་གསང་སྒྲུབ་ཀྱི་ཆོ་ག་དང་འབྲེལ་བར་ཚེས་བཅུའི་དུས་སུ་སློབ་དཔོན་ཆེན་པོར་གསོལ་བ་གདབ་ཚུལ་དངོས་གྲུབ་བདུད་རྩིའི་ཟ་མ་ཏོག་ལ། 9
34 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་ཚེས་བཅུ་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བ་སློབ་དཔོན་གྱི་གསོལ་འདེབས་བསམ་པ་དོན་གྲུབ་མར་གྲགས་པ་ལ། 3
35 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་རབ་གནས་བྱེད་ཚུལ་བྱིན་རླབས་ཀྱི་རོལ་མཚོ་ལ། 14
36 རྟ་མགྲིན་གསང་སྒྲུབ་ཀྱི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་མེ་འོད་ལ། 20
37 སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་བདུད་སྡེ་སྲེག་བྱེད་བསྐལ་པའི་མེ་དཔུང་ལ། 13
38 རྟ་མགྲིན་གསང་སྒྲུབ་ཀྱི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་གི་ཟུར་རྒྱན་ཡེ་ཤེས་མེ་འོད་གསལ་བྱེད་ལ། 24
དཀར་ཆག་ལ། 3
00787 ཇ་
1 རྟ་མགྲིན་གསང་སྒྲུབ་བཀའ་སྡོད་དང་བཅས་པ་མཆོད་ཅིང་བསྐང་བཤགས་བཟློག་པ་བྱ་བའི་ཆོ་ག་དངོས་གྲུབ་ཆར་འབེབས་ལ། 12
2 རྟ་མགྲིན་གསང་སྒྲུབ་ཀྱི་མངའ་གསོལ་ལྷ་རྒྱལ་སྙན་པའི་རྔ་གསང་དང༌།པཎ་ཆེན་བློ་བཟང་ཆོས་ལྡན་གྱིས་མཛད་པའི་བེག་རྩེའི་མངའ་གསོལ་བཅས་ལ། 2
3 རྟ་མགྲིན་དང་མགོན་པོ་སྦྲགས་སྒྲུབ་ཀྱི་གཏོར་བཟློག་བྱ་ཚུལ་གྱི་ཡིག་ཆུང་རིན་ཆེན་འཁྲུལ་གྱི་ལྡེ་མིག་ལ། 5
4 རྟ་མགྲིན་གསང་སྒྲུབ་དང་བཀའ་སྲུང་སྦྲགས་སྒྲུབ་ཀྱི་གཏོར་བཟློག་གི་ཆོ་ག་རྡོ་རྗེའི་འཕྲུལ་སྒྱོགས་ལ། 11
5 རྟ་མགྲིན་གསང་སྒྲུབ་ཀྱི་གདབ་ལས་ཀྱི་ཆོ་ག་མཚོན་ཆའི་འཁོར་ལོ་ལ། 10
6 རྟ་མགྲིན་གསང་སྒྲུབ་སྐྱེ་བཟློག་པའི་ཆོ་ག་བདུད་དཔུང་ཕམ་པའི་རྒྱལ་རྔ་ལ། 4
7 རྟ་མགྲིན་གསང་སྒྲུབ་སྐྱེ་བདག་མདུན་གྱི་ཆོ་གའི་ཡན་ལག་ཏུ་བཟློག་པ་རྒྱས་པར་སྦྱར་ཚུལ་བདུད་ལས་རྒྱལ་བའི་རྒྱལ་མཚན་ལ། 3
8 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་སྲི་གནོན་བྱེད་ཚུལ་རྡོ་རྗེའི་ལྷུན་པོ་བརྩེགས་པ་ལ། 16
9 རྟ་མགྲིན་གསང་སྒྲུབ་ཀྱི་རྣལ་འབྱོར་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་འཆི་མེད་བདུད་རྩིའི་སྙིང་པོ་ལ། 4
10 རྟ་མགྲིན་གསང་སྒྲུབ་ཀྱི་ཡིག་རྙིང་གི་དངོས་ཟིན་གྱི་འཁོར་ལོའི་ལས་རིམ་རྡོ་རྗེའི་གོ་མཚོན་དང༌།འཁོར་ལོའི་མན་
ངག་གི་ཟིན་ཐོ་གཏེར་གྱི་ཁ་བྱང་ལྟ་བུ་བཅས་ལ། 8
11 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་རྦད་བདུན་མ་ལ་བརྟེན་པའི་གདོན་འདུལ་བྱ་ཚུལ་གདུག་ཅན་ཚར་གཅོད་ལ། 7
12 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་རྒྱལ་གདོན་འདུལ་ཐབས་ཀྱི་རིམ་པ་རལ་གྲིའི་འཕྲུལ་འཁོར་ལ། 12
13 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་རྒྱལ་སྲུང་རྡོ་རྗེའི་གོ་ཆ་ལ། 6
14 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་ཕྱིར་བཟློག་གི་གདམས་པ་སྔགས་འཆང་དཔའ་བོའི་ལག་ཆ་ལ། 5
15 རྟ་མགྲིན་གསང་སྒྲུབ་ཀྱི་འཕྲིན་ལས་ཀྱི་ལེ་ལག་ངན་པ་དགུ་ཐུབ་ཀྱི་མན་ངག་ལ། 6
16 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་བཀའ་བསྒོ་བྱེད་ཚུལ་རྡོ་རྗེའི་གོ་ཆ་དང༌།བཀའ་བསྒོ་ཡེ་ཤེས་རྡོ་རྗེའི་གུར་ཁང་བཅས་ལ། 6
17 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་འཆི་ཁ་མའི་སེམས་ཅན་ལ་ཕན་ཐབས་བྱ་ཚུལ་ཉམ་ཐག་དབུགས་འབྱིན་ལ། 11
18 རྟ་མགྲིན་གསང་སྒྲུབ་ལ་བརྟེན་ནས་ཀུ་སུ་ལུའི་ཚོགས་གསོག་ཚུལ་ལ། 2
19 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་ཆེ་གཏོར་རྒྱུན་ཁྱེར་ཚོགས་གཉིས་རིན་ཆེན་འདྲེན་པའི་ཤིང་རྟ་ལ། 4
20 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་ཀླུ་གཏོར་རྒྱས་བསྡུས་ཀྱི་ཆོ་ག་བདུད་རྩིའི་རོལ་མཚོ་ལ། 7
21 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བུམ་གཏེར་གྱི་ཆོ་ག་དགོས་འདོད་ཀུན་འབྱུང་ལ། 12
22 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་ཆར་འབེབས་བྱེད་ཚུལ་གྱི་ཆོ་ག་སྤྲིན་བཅུད་འདུས་པའིརྒྱ་མཚོ་ལ། 17
23 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་སེར་བ་བསྲུང་བའི་གདམས་པ་མེ་ལྟུང་འཁྲུགས་པའི་གུར་ཁང་ལ། 22
24 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་སེར་བདག་བཅུ་གསུམ་མཆོད་ཆོག་ལ། 4
25 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་སེར་བདག་བཅུ་གསུམ་གྱི་བསངས་ཆོག་ཉེར་འཚེ་ཀུན་སེལ་ལ། 3
26 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་གྱི་ཡན་ལག་བསངས་ཀྱི་ཆོ་ག་བཀྲ་ཤིས་དབྱངས་སྙན་ལ། 5
27 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་གྱི་ཡན་ལག་བསངས་ཆོག་བཀྲ་ཤིས་དབྱངས་སྙན་གྱི་ལྷན་ཐབས་བཀྲ་ཤིས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 40
28 དྲེགས་པ་སྡེ་བརྒྱད་ལ་གསེར་སྐྱེམས་གཏོང་བའི་ཆོ་ག་བདུད་རྩིའི་རླབས་ཕྲེང་ལ། 3
29 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་གསེར་སྐྱེམས་དང་བསངས་སོགས་འདོད་གསོལ་ཁ་བསྒྱུར་བྱེད་ཚུལ་ལ།3
30 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་གྲིབ་སེལ་བྱ་ཚུལ་ནོར་བུ་ཀེ་ཏ་ཀ་ལ། 2
31 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་བྱབས་ཁྲུས་བྱེད་ཚུལ་བདུད་རྩིའི་བུམ་བཟང་ལ། 9
32 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་གཟའ་ཀླུ་གཙོ་བའི་སྡེ་བརྒྱད་ཀྱི་དུག་དབྱུང་བྱ་ཚུལ་གདུང་སེལ་ཟླ་འོད་ལ། 14
33 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་འཆི་བླུ་དང་འབྲེལ་བའི་བརྟན་བཞུགས་འབུལ་ཚུལ་རྡོ་རྗེའི་སྲོག་ཤིང་ལ། 12
34 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་འཆི་བླུ་བྱ་ཚུལ་འཆི་བདག་གཡུལ་ངོ་བཟློག་པའི་དཔའ་བོ་ལ། 12
35 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བླ་བླུའི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད་ལ། 6
36 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་ལོ་སྐོར་བཅུ་གཉིས་སྐྱེ་བར་ཆད་སེལ་ཞིང་འདོད་དོན་སྒྲུབ་ཐབས་གཞན་ཕན་བདུད་རྩི་ལ། 7
37 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་རྒྱལ་མདོས་ཀྱི་ཆོ་ག་ངོ་མཚར་སྒྱུ་མའི་མཆོད་སྦྱིན་ལ། 21
38 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བཙན་མདོས་གཏོང་ཚུལ་དྲེགས་པ་མིག་བསྒྱུར་གྱི་ལྟད་མོ་ལ། 5
39 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་རྒྱལ་རྫོངས་བྱ་ཚུལ་གནོད་འཚེ་ཀུན་སེལ་ལ། 7
40 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་སྒྲལ་ཆོག་མཆོད་སྦྱིན་རྒྱ་མཚོ་ལ། 7
41 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་ནད་བདག་སྟོབས་འཇོམས་ཀྱི་ཆོ་ག་ཁྱེར་བདེ་བར་བཀོད་པ་ཀུན་ཕན་བདུད་རྩིའི་ཟེགས་མ་ལ། 4
42 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་ཤ་བརྒྱ་ཟན་བརྒྱའི་ཆོ་ག་དགའ་བདེའི་དཔལ་སྟེར་ལ། 7
43 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་བྱིས་པའི་གདོན་ལ་སྒྲད་གཏོར་གཏོང་ཚུལ་བདུད་རྩིའི་ཡོལ་གོ་ལ། 4
44 རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་ཕྱུགས་སྒྲད་གཏོང་ཐབས་འབྱུང་པོ་ཚིམ་བྱེད་ལ། 3
45 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་ཕྲེང་མོ་འདེབས་ཚུལ་ལྐོག་གྱུར་གསལ་བའི་མེ་ལོང་ལ། 5
46 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བཀའ་སྲུང་བེག་ཙེ་ལྕམ་དྲལ་གྱི་རྗེས་གནང་གི་ཆོ་ག་བཀླགས་པས་དོན་གྲུབ་ལ། 6
47 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བཀའ་སྡོད་བེག་ཙེ་ལྕམ་དྲལ་གྱི་གཏོར་ཆོག་ཤིན་ཏུ་ཁྱེར་བདེ་བསྟན་སྲུང་དགྱེས་པའི་རོལ་མོ་ལ། 3
48 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བཀའ་སྲུང་རྒྱལ་པོ་སྐུ་ལྔའི་སྲོག་གཏད་བྱ་ཚུལ་འཕྲིན་ལས་སྒོ་འབྱེད་ལ། 8
49 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་རྒྱལ་གསོལ་གྱི་ཆོ་ག་འཕྲིན་ལས་དོན་གྲུབ་ལ། 7
50 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བཀའ་སྲུང་རྡོ་རྗེ་ལེགས་པའི་གཏོར་ཆོག་ཤིན་ཏུ་ཁྱེར་བདེ་དམ་ཅན་རོལ་མཚོ་དང༌།དམ་ཅན་རྡོ་རྗེ་ལེགས་པའི་ལ་གསུར་མཆོད་དཔའ་བོ་དགྱེས་བསྐྱེད་བཅས་ལ། 5
51 རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་རང་གཞན་ལ་དགེ་མཚན་སྤེལ་བའི་ཆོ་ག་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ལ། 10
དཀར་ཆག་ལ། 3
00788 ཉ་
1 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་ལམ་གྱི་རིམ་པའི་སྤྱི་དོན་གསང་ཆེན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 82
2 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་པདྨ་ར་གའི་ཐེམ་སྐས་ལ། 18
3 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་བདེ་ཆེན་ཉེ་ལམ་ལ། 10
4 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་གསང་ཆེན་བཅུད་ཀྱི་ཐིགས་པ་ལ། 9
5 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་རྒྱུན་གྱི་ཉམས་ལེན་རྗེ་བློ་གསལ་རྒྱ་མཚོས་མཛད་པ་ལ། 4
6 འདིར་ཉེར་མཁོའི་ཕྱིར་བཀོད་པའི་རྗེ་བཙུན་ནྰ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ལ། 1
7 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་ཀྱི་རིམ་པ་གསལ་བར་བཤད་པ་གསང་ཆེན་བཅུད་ཀྱི་ཐིགས་པ་ལ། 15
8 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་སྐྱེ་བསྙེན་ཡིག་པདྨ་ར་གའི་ཕྲེང་མཛེས་ལ། 14
9 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་འདོད་འཇོ་ལ། 7
10 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་སདྡྷུ་རའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཆ་ལག་དང་བཅས་པ་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང་ལ། 28
11 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སདྡྷུ་རའི་དཀྱིལ་འཁོར་སྒྲུབ་མཆོད་མདོར་བསྡུས་ལ། 3
12 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པའི་ཚིགས་སུ་བཅད་པ་དངོས་གྲུབ་མྱུར་དུ་འགུགས་པའི་ལྕགས་ཀྱུ་དང༌།ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དངོས་གྲུབ་ནོར་བུ་འདྲེན་པའི་ཤིང་རྟ་བཅས་ལ། 5
13 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྙིང་པོ་དང༌།རྐང་བརྒྱད་སྐྱེ་བསྟོད་པའི་ཕན་ཡོན་བཤད་པ་སྐལ་བཟང་དགའ་བསྐྱེད་ལ། 6
14 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་ཐུན་མཚམས་སུ་ཉེ་བར་མཁོ་བའི་མན་ངག་རིམ་པ་ལྔ་པ་ལ། 4
15 མཁའ་འགྲོའི་གྲིབ་སེལ་བྱ་ཚུལ་གངྒྰའི་ཆུ་རྒྱུན་ལ། 4
16 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་སྒོ་ནས་འཆི་བ་བླུ་བའི་མན་ངག་འཆི་མེད་རྡོ་རྗེའི་སྲོག་སྦྱིན་ལ། 7
17 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་སྒོ་ནས་ལྷོ་སྒོའི་ཆོ་ག་བྱ་ཚུལ་སྡིག་མུན་སེལ་བའི་ཟླ་བ་ལ། 14
18 ནྰ་རོ་མཁའ་སྤྱོད་མའི་སྒོ་ནས་བཀའ་བསྒོ་རྒྱས་པ་བྱེད་ཚུལ་དང༌།བཀའ་བསྒོ་བསྡུས་པ་བྱ་ཚུལ་བཅས་ལ། 3
19 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་དམིགས་རིམ་ཤིན་ཏུ་ཟབ་པ་བདེ་ཆེན་ལམ་གྱི་སྙིང་པོ་ལ། 26
20 འདི་གཉིས་བཀའ་རྒྱ་མའི་གྲས་ཡིན་ཀྱང་རྗེ་ཆ་ཚང་ཕྱིར་འདིར་བཅུག་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་འཕོ་བ་ཚེ་སྒྲུབ་ཀྱི་མཐའ་རྟེན་དང་བཅས་པ།འཕོ་བའི་ངག་འདོན་བསྡུས་པ་བཅས་ལ། 4
21 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནྰ་རོ་མཁའ་སྤྱོད་མའི་ལམ་གྱི་རིམ་པའི་སྟོང་ཐུན་གནད་དོན་ཀུན་གསལ་ལ། 6
22 རྗེ་བཙུན་ནྰ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་སྙིང་པོ་མཁའ་སྤྱོད་ཉེ་ལམ་དང༌།མན་ངག་ཡེ་ཤེས་མཁའ་འགྲོའི་གསང་གཏམ་བཅས་ལ། 4
23 རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བཀའ་སྲུང་དཔའ་བོ་དུར་ཁྲོད་བདག་པོའི་གཏོར་ཆོག་དང་རྗེས་གནང་བྱ་ཚུལ་ལས་བཞི་དོན་གྲུབ་ལ། 5
24 གསུང་ནང་མ་བཀའ་རྒྱ་མའི་སྐོར་ལ།རྡོ་རྗེ་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་མཛོད་དང༌།གཤིན་རྗེ་རིགས་ལྔ་ལ་བརྟེན་ནས་ཉམས་ཆག་གསོ་བ།འཇམ་དཔལ་ཞི་དྲག་གི་བསྲུང་བ་དུས་མིན་འཆི་བ་ཞི་བ།བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཞི་རྒྱས་ལས་སྒྲུབ་ཚུལ་བཅས་ལ། 13
25 ཡི་གེ་བཞི་པའི་བསད་བཟློག་གི་ངག་འདོན་དགྲ་སྲོག་གཅོད་པའི་མཚོན་ཆ།ཁྲོ་བཅུའི་བཟློག་པ་བྱ་ཚུལ་ཁྱེར་བདེ་བཅས་ལ། 5
26 ཕྱུག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷན་ཀྱིས་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དྲག་པོ་ཀུན་འདུས་ལ། 7
27 རྗེ་བཙུན་མ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་ཨུཏྤ་ལའི་ཕྲེང་བ་ལ། 7
28 རྗེ་བཙུན་མ་ཀུ་རུ་ཀུ་ལླེའི་བསྙེན་ཡིག་དོན་ཡོད་འཕྲུལ་གྱི་ཞགས་པ་ལ། 14
29 རྗེ་བཙུན་མ་ཀུ་རུ་ཀུ་ལླེའི་སྦྱིན་སྲེག་གི་ཆོ་ག་ཁམས་གསུམ་དབང་དུ་བསྡུ་བའི་ལྕགས་ཀྱུ་ལ། 16
30 མགོན་པོ་སྙིང་ཞུགས་དང་འབྲེལ་བ་འཕོ་བའི་མན་ངག་མཁའ་སྤྱོད་ཉེ་ལམ་ལ། 3
31 མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་སྐོར་ཡིད་བཞིན་དབང་གི་རྒྱལ་པོའི་གཏེར་མཛོད་ལ། 16
32 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱུག་དྲུག་པའི་ཐུན་མོང་མ་ཡིན་པའི་གཏོར་ཆེན་གྱི་མན་ངག་ནག་པོ་འགྲོ་ཤེས་སུ་བཀོད་པ་སྡིག་ཅན་སྒྲོལ་བའི་རལ་གྲི་ངར་མ་ལ། 25
33 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱུག་དྲུག་པའི་རྒྱས་པའི་གཏོར་སྒྲུབ་བྱ་ཚུལ་དགོས་འདོད་ཀུན་འབྱུང་ལ། 9
34 དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་གསལ་བར་བཀོད་པ་འཕྲིན་ལས་རྣམ་བཞིའི་བང་མཛོད་ལ། 22
35 དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་གྱི་བསྙེན་པ་བྱ་ཚུལ།སྦྱིན་སྲེག་དང་བཅས་པ་བཻ་ཌྰརྱའི་ཕྲེང་བ་ལ། 9
36 དམ་ཅན་ཆོས་ཀྱི་རྒྱལ་པོ་ནང་སྒྲུབ་ལ་མཆོད་གཏོར་འབུལ་བའི་ཆོ་ག་ལས་བཞི་ལྷུན་གྱིས་གྲུབ་པའི་དགའ་སྟོན་ལ།23
37 དཔལ་ལྡན་ལྷ་མོ་དམག་ཟོར་མའི་བསྙེན་སྒྲུབ་ཀྱི་མན་ངག་སྙིང་པོ་བཅུད་སྡུད་ལ། 4
38 འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོའི་དྲག་པོའི་གཏོར་ཆེན་གྱི་ཆོ་ག་བདུད་དཔུང་འཇོམས་པའི་རྡོ་རྗེ་ལ། 10
39 དཔལ་ལྡན་དམག་ཟོར་གྱི་རྒྱལ་མོའི་གཏོར་ཆེན་ཐུན་མོང་མ་ཡིན་པའི་མན་ངག་གསལ་བར་བཀོད་པ་དགྲ་སྲོག་གཅོད་པའི་རལ་གྲི་ལ། 6
40 ཆོས་སྐྱོང་རྒྱལ་པོ་སྐུ་ལྔའི་བསྙེན་པ་བྱ་ཚུལ་རྒྱལ་པོ་རོལ་མཚོ་ལ། 8
41 དམ་ཅན་ནོར་སྒྲུབ་ཀྱི་གཏོར་ཆོག་དངོས་གྲུབ་བང་མཛོད་ལ། 11
དཀར་ཆག་ལ། 3
00789 ཏ་
1 རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་ཆ་ལག་དང་བཅས་པའི་དཀར་ཆག་ལེགས་པར་བཤད་པ་ཆོས་དུང་གཡས་འཁྱིལ་ཞེས་བྱ་བ་བི་པ་སྤྲུལ་སྐུ་ངག་དབང་མི་ཕམ་ཟླ་བས་བསྒྲིགས་པ་ལ། 35
2 རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་ལ། 36
3 རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་གྱི་ཆ་ལག་རིན་ཆེན་སིལ་མ་ལས་སྔོན་འགྲོའི་ཉེར་མཁོ་ལ། 12
4 བྱེད་གྲུབ་ལྔ་བསྡུས་གཟའ་ལྔ་སོགས་ཀྱི་ཉེ་མཁོའི་རེའུ་མིག་ལ། 14
5 གྲུབ་རྩིས་ཆ་ཤས་བརྒྱ་ཉེར་དྲུག་གི་རེའུ་མིག་ལ། 9
6 གྲུབ་རྩིས་ཉི་བར་དོར་བའི་བསྐལ་ལིའི་རེའུ་མིག་ལ། 6
7 གྲུབ་རྩིས་གཟའ་དྷུ་ཟླ་མཁའ་གཟུགས་སྐྱེ་བར་སྤེལ་བ་ལ། 2
8 རིལ་ཆའི་རེའུ་མིག་དུས་ཉིར་སྤེལ་བ་ལ། 2
9 གྲྭ་པའི་ཉི་དྷུ་རེ་བདུན་བར་སྤེལ་བ་ལ། 2
10 བྱེད་པའི་གཟའ་དྷུའི་རེའུ་མིག་ལ། 2
11 བྱེད་པའི་ཉི་དྷུའི་རེའུ་མིག་ལ། 3
12 སྤྱི་ནོར་སྔ་མར་འཕྲི་བས་ཕྱི་མ་འཆར་བྱེད་རེའུ་མིག་ལ། 4
13 ཉི་མ་གཟའ་ལྔ་དང་བཅས་པའི་མདའ་རོའི་རེ་ཁྰ་ལ། 5
14 དམར་པོའི་དལ་བར་རེའུ་མིག་ལ། 3
15 ཟླ་བུའི་རྐང་འཛིན་རེའུ་མིག་ལ། 5
16 རིག་བྱེད་བདག་པོའི་དལ་དག་རེའུ་མིག་ལ། 4
17 དཀར་པོའི་རྐང་འཛིན་རེའུ་མིག་ལ། 2
18 སྤེན་པའི་དལ་བར་རེའུ་མིག་ལ། 8
19 དམར་པོའི་ཆེ་རོ་རི་མཁའ་རིའི་རེའུ་མིག་ལ། 7
20 ལྷག་པའི་ཆེ་རོ་རི་མཁའ་རིའི་རེའུ་མིག་ལ། 8
21 ཕུར་བུའི་ཆེ་རོ་རི་མཁའ་རིའི་རེའུ་མིག་ལ། 7
22 དཀར་པོའི་ཆེ་རོ་རི་མཁའ་རིའི་རེའུ་མིག་ལ། 7
23 སྤེན་པའི་ཆེ་རོ་རི་མཁའ་རིའི་རེའུ་མིག་ལ། 8
24 ཉིན་ཞག་ཉི་མ་བར་པའི་རེའུ་མིག་ལ། 4
25 ཚེས་ཞག་བཀྲ་ཤིས་ཀྱི་དལ་དག་རེའུ་མིག་ལ། 2
26 ཚེས་ཞག་ཞི་གཉིས་ཀྱི་དལ་དག་རེའུ་མིག་ལ། 4
27 ཆོས་ཞག་བླ་མའི་དལ་དག་རེའུ་མིག་ལ། 5
28 ཚེས་ཞག་དལ་འགྲོའི་དལ་དག་རེའུ་མིག་ལ། 6
29 ཁྱིམ་ཞག་བཀྲ་ཤིས་ཀྱི་དལ་དག་རེའུ་མིག་ལ། 2
30 ཁྱིམ་ཞག་ཞེ་གཉིས་ཀྱི་དལ་དག་རེའུ་མིག་ལ། 3
31 ཁྱིམ་ཞག་ལྷའི་བླ་མའི་དལ་དག་རེའུ་མིག་ལ། 4
32 ཁྱིམ་ཞག་དལ་འགྲོའི་དལ་དག་རེའུ་མིག་ལ། 6
33 ཞག་གསུམ་རྣམ་དབྱེ་དང་སྟོང་འག་སྐབས་ཉེར་མཁོའི་རེའུ་མིག་ལ། 2
330
34 དུས་སྦྱོར་རེའུ་མིག་མདོར་བསྡུས་ལ། 8
35 རིགས་དང་དཀྱིལ་འཁོརརྒྱ་མཚོའི་མངའ་བདག་རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མའི་གསང་གསུམ་རྨད་དུ་བྱུང་བའི་རྟོགས་བརྗོད་པདྨ་དཀར་པོ་ཞེས་བྱ་བ་གུང་ཐང་འཇམ་དཔལ་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་སྟོད་ཆ་ལ། 236
དཀར་ཆག་ལ། 2
00790 ཐ་
1 རིགས་དང་དཀྱིལ་འཁོརརྒྱ་མཚོའི་མངའ་བདག་རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མའི་གསང་གསུམ་རྨད་དུ་བྱུང་བའི་རྟོགས་བརྗོད་པདྨ་དཀར་པོ་ཞེས་བྱ་བའི་སྨད་ཆ་ལ། 406
2 དཔལ་ལྡན་བླ་མ་དམ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་ཐུན་མོང་མ་ཡིན་པའི་རྣམ་ཐར་པུཎ་ཊ་་རི་ཀའི་འཁྲི་ཤིང་ཞེས་བྱ་བ་གཞུང་ལུགས་སྨྲ་བའི་དབང་པོ་རིག་པའི་རལ་གྲིས་མཛད་པ་ལ། 66
དཀར་ཆག་ལ། 2
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ནི་ཨ་མདོ་ཕོ་རོད་ཀྱི་སའི་ཆར་གནས་ལུང་ཀྲུའུ་སྡེ་བཞི།རུས་ནི་བོད་ཀྱི་རུས་ཆེན་བྲ་འབྲུ་ལྡོང་གསུམ་ལས་བྲ་ཡིན་ཏེ་ཡབ་སྐྱབས་རྒྱལ་དང༌།ཡུམ་བཟའ་ཆོས་མཚོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་མེ་སྦྲུལ་1737 ལོའི་ཧོར་ཟླ་11 ཚེས་7 ལ་འཁྲུངས།དགུང་ལོ་དྲུག་ལ་དགོན་ལུང་གདན་སར་ཕེབས།དགུང་ལོ་དགུ་ལ་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་དྲུང་ནས་རབ་བྱུང་བཞེས།དགུང་ལོ་བཅོ་བརྒྱད་ལ་
དམ་པ་མང་པོའི་རྣམ་ཐར་བཞིན་ཟླ་བཤོལ་སོ་སོར་བྱས་པས་ཉི་ཤུ་ལོན་པར་རྩིས་ཆོག་པ་བཀའ་ཁྲོལ་བས་སུམ་པ་མཁན་ཆེན་མདུན་ནས་བསྙེན་རྫོགས་སྡོམ་པ་བཞེས།དགུང་ལོ་བཅུ་དགུ་ལ་དབུས་གཙང་དུ་བྱོན།བླ་སྒོ་མང་གི་ཆོས་སྒོར་ཞུགས་ཏེ་གཞུང་གོང་འོག་ལ་གསན་བསམ་མཛད།དགུང་ལོ་ཉེར་ལྔ་ལ་མདོ་སྨད་དུ་ཕེབས།ཆོས་སྡེ་བྱ་ཁྱུང་དང་སྐུ་འབུམ་གཉིས་ཀྱི་ཁྲིར་བཞུགས།དགུང་ལོ་རེ་ལྔ 1801 ལོ་གྲུབ་མཐའ་ཤེལ་དཀར་མེ་ལོང་བརྩམས།དགོན་སྡེ་དུ་
མ་ཕྱུག་བཏབ།རླབས་ཆེན་གྱི་རྟེན་བཞེངས་མང་པོ་གནང༌།རིས་མེད་སྐྱེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད།དགུང་ལོ་རེ་དྲུག་སྟེ་ཆེ་ཁྱི་1802 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་བཅུ་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn