སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་གྱི་དཀར་ཆག

252པར་པོད། ཤོག་གྲངས།
00689ཀ་
1འཕགས་ཡུལ་རྒྱ་ནག་ཆེན་པོ་བོད་དང་སོག་ཡུལ་དུ་དམ་པའི་ཆོས་འབྱུང་ཚུལ་དཔག་བསམ་ལྗོན་བཟང་ཞེས་བྱ་བ་ལ། 316
00690ཁ་
1ཡི་གེའི་རྣམ་གཞག་རབ་གསལ་མེ་ལོང་གི་རྩ་བ་དང་དེའི་མཆན་འགྲེལ་རབ་གསལ་མེ་ལོང་ལ། 14
2ཚད་མ་སྡེ་བདུན་གྱི་སྙིང་ནོར་དང་གྲུབ་མཐའི་རྣམ་གཞག་བྱུང་བསྡུས་ལ། 19
3གསུང་རབ་མཛོད་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་ལ། 99
4དངོས་པོ་བརྒྱད་དོན་བདུན་ཅུའི་གྲངས་འདྲེན་དཔག་བསམ་མྱུ་གུ་ཞེས་བྱ་བ་ལ། 9
5མངོན་པར་རྟོགས་པའི་རྒྱན་གྱི་དཀའ་གནད་ཀྱི་སྤྱི་དོན་བྱུང་བསྡུས་བློ་གསར་མགུལ་རྒྱན་ཞེས་བྱ་བ་ལ། 99
6དགེ་འདུན་ཉི་ཤུའི་སྤྱི་དོན་བསྡུས་པ་ལ། 14
7དབུ་མ་འཇུག་པའི་མཐའ་དཔྱོད་བྱུང་བསྡུས་ཟླ་འོད་ཅེས་བྱ་བ་ལ། 172
8གསུང་རབ་རྣམས་ལས་བཤད་པའི་གྲངས་འདྲེན་འགའ་ཞིག་བསྡུས་པ་མེ་ཏོག་ཕྲེང་སྤེལ་ཞེས་བྱ་བ་ལ། 45
00691ག་
1བླ་མའི་རྣལ་འབྱོར་དངོས་གྲུབ་བང་མཛོད་ལ། 11
2པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བླ་མ་མཆོད་པའི་ཆོ་གའི་ཊིཀ་སྐལ་ལྡན་མགུལ་རྒྱན་ལ། 62
3བླ་མེད་བྱང་ཆུབ་བགྲོད་པའི་ཉེ་ལམ་ལ། 43
4ཞི་ལྷག་ཟུང་འབྲེལ་གྱི་མན་ངག་ཀུན་འདུས་ལ། 145
5ཐལ་འགྱུར་བའི་ལུགས་ཀྱི་ལྟ་བའི་ཁྲིད་ཡིག་ཅུང་ཟད་རྒྱས་ཙམ་ཞི་བདེའི་ཟིལ་མངར་ལ། 36
6དབུ་མའི་ལྟ་ཁྲིད་འབྲིང་པོ་ལེགས་བཤད་ཟླ་ཟེར་ལ། 12
7དབུ་མའི་ལྟ་ཁྲིད་ཤིན་ཏུ་མདོར་བསྡུས་བློ་གཞོན་ད་རྒྱན་ལ། 4
8ཤེས་རབ་སྙིང་པོའི་སྒྲུབ་ཐབས་ལས་སྦྱོར་བཅས་པ་མུན་སེལ་སྒྲོན་མེ་ལ། 18
9གཅོད་ཀྱི་སྡོམ་ཚིག་མཆན་འགྲེལ་དང་བཅས་པ་ཀུན་མཁྱེན་ལམ་བཟང་ལ། 8
10མགུར་ཁུ་བྱུག་ངག་སྙན་སོགས་ལ། 24
11ཐར་འདོད་སྐལ་ལྡན་གྱིས་གཏན་གྱི་མདུན་མ་སྒྲུབ་ཚུལ་ཐོ་ཆུང་དགེ་བསྐུལ་གླུ་དབྱངས་ལ། 48
12བློ་སྦྱོང་དོན་བདུན་མ་ཟུར་འདེབས་དང་བཅས་པའི་རྩ་ཚིག་རྣམས་ཀྱི་མཆན་འགྲེལ་ཅན་ཐེག་མཆོག་ཟླ་ཚེས་ལ། 16
00692ང་
1རྒྱུད་སྡེ་རྒྱ་མཚོའི་གྲུ་གཟིངས་ལ། 72
2དཔལ་རྡོ་རྗེ་འཇིགས་བྱེད་རྗེ་བཅུ་གསུམ་མའི་ངག་འདོན་མདོར་བསྡུས་ཟུང་འཇུག་ཉེ་ལམ་ལ། 16
3ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་རིལ་སྒྲུབ་ཚུལ་བདུད་རྩིའི་ཚེ་རྒྱུན་ལ། 18
4ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་དབང་བཅས་ཤིན་ཏུ་མདོར་བསྡུས་བྱང་གྲོལ་གསེར་ཟམ་ལ། 24
5བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་དང་དེའི་སྒོ་ནས་སྨྱུང་བར་གནས་ཚུལ་གྱི་ཆོ་ག་དགེ་ལེགས་ཐེམ་སྐས་ལ། 15
6འཕགས་མ་གདུགས་དཀར་པོ་ཅན་གྱི་བསྙེན་སྒྲུབ་ལས་ཚོགས་བྱ་ཚུལ་ཕུན་ཚོགས་འདོད་འཇོ་ལ། 32
7སྐུ་གསུང་ཐུགས་རྟེན་གྱི་ཐིག་རྩ་མཆན་འགྲེལ་ཅན་མེ་ཏོག་འཕྲེང་མཛེས་ལ། 25
8ས་བརྟག་བསླང་སྤྱད་གསུམ་བུམ་གཏེར་དང་བཅས་པའི་ལག་ལེན་མདོར་བསྡུས་ཨུཏྤལ་ཆུན་པོ་ལ། 8
9དཀྱིལ་འཁོར་གྱི་ས་ཆོག་གར་དང་མཆོད་གར་གྱི་ལག་ལེན་ངོ་མཚར་ཟློས་གར་ལ། 14
10སྐུ་གསུང་ཐུགས་རྟེན་ལ་རབ་གནས་བྱ་ཚུལ་རྒྱས་འབྲིང་བསྡུས་པའི་ལག་ལེན་ཆ་ལག་དང་བཅས་པ་དགེ་ལེགས་བྱིན་འབེབས་ལ། 62
11རྒྱུད་སྡེ་བཞི་སོ་སོའི་སྦྱིན་སྲེག་གི་ལག་ལེན་མདོར་བསྡུས་དངོས་གྲུབ་ཆུ་རྒྱུན་ལ། 49
12པུར་ཆོག་གི་ལག་ལེན་ཕན་བདེའི་གཏམ་སྙན་ལ། 35
13བར་དོ་འཕྲང་སྒྲོལ་གྱི་ཚིག་འགྲེལ་བྱུང་བསྡུས་ལེགས་འདྲེན་ཤིང་རྟ་ལ། 11
14བདེ་བ་ཅན་གྱི་སྨོན་ལམ་དག་ཞིང་ཉེ་ལམ་ལ། 2
15གཏོར་ཆོག་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་ལ། 7
16མགོན་པོའི་རྗེ་བཞི་དྲིལ་སྒྲུབ་ཀྱི་མན་ངག་འདོད་དགུའི་རེ་སྐོང་དང་བསྙེན་སྒྲུབ་ལས་གསུམ་སོགས་ཀྱི་རྣམ་གཞག་མདོར་བསྡུས་དངོས་གྲུབ་འདོད་འཇོ་གཉིས་ལ། 15
17གཏེར་བདག་རྒྱལ་ཆེན་དམ་ཐོས་སྲས་ལ་གསང་གཏོར་འབུལ་ཚུལ་ག་འཛིན་བང་མཛོད་ལ། 8
18སྲུང་བ་ལྔ་སོགས་ཀྱི་སྒོ་ནས་གདོན་བགེགས་ཀྱི་གནོད་འཚེ་བཟློག་བསྲུང་བྱ་ཚུལ་རིན་ཆེན་གོ་མཚོན་ལ། 28
19གསུང་རབ་དམ་དག་ཆུའི་དྲི་མ་སེལ་བྱེད་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་ལ། 13
00693ཅ་
1རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་མན་ངག་གི་སྙིང་པོ་རྣམ་པར་བསྡུས་པ་ཆོས་སྤྱོད་ནོར་བུའི་ཕྲེང་བ་ལ། 417
00694ཆ་
1ཆོས་སྤྱོད་བྱུང་བསྡུས་སྐལ་བཟང་ཐར་ལམ་ལ། 405
00695ཇ་
1སྨན་མར་ལ། 20
2གསོ་དཔྱད་བདུད་རྩིའི་ཆུ་རྒྱུན་གྱི་ཆ་ལག་ལས་ལག་ལེན་བྱུང་བསྡུས་བདུད་རྩི་ཟིལ་དཀར་ལ། 47
3སྨན་བསྡུས་ལ། 4
4སྨན་དཔྱད་ཤིན་ཏུ་བྱུང་བསྡུས་བདུད་རྩིའི་དགའ་སྟོན་ལ། 7
5གསོ་དཔྱད་བདུད་རྩི་ཆུ་རྒྱུན་གྱི་ཆ་ལག་ནང་ཚན་གྱི་སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལ། 49
6སྐར་ནག་རྩིས་ཀྱི་སྙིང་ནོར་བྱུང་བསྡུས་ཀུན་གསལ་མེ་ལོང་ལ། 69
7རྩིས་ཀྱི་བསྟན་བཅོས་ཀུན་གསལ་མེ་ལོང་གི་བུ་གཞུང་ཟླ་བསིལ་རྩི་སྦྱོར་དགེ་ལྡན་རྩིས་གསར་ལ། 93
8དགེ་ལྡན་རྩིས་གསར་གྱི་ས་རིས་འབྲི་ཚུལ་དང་འབྱུང་རྩིས་རེའུ་མིག་ལ། 26
9ཨོ་རོད་ཕྱོགས་སུ་དར་བའི་ལུག་གི་སོག་པ་ལ་བལྟ་བའི་མོ་ཕྱྰ་སྒྱུ་མའི་ལུང་སྟོན་ལ། 4
10ཚིག་རྒྱན་བྱུང་བསྡུས་སྙན་ངག་འཇུག་སྒོ་ལ། 5
11སྙན་ངག་མེ་ལོང་ལས་བཤད་པའི་རྒྱན་རྣམས་ཀྱི་དཔེར་བརྗོད་རྒྱུ་སྐར་ཕྲེང་མཛེས་དང་མིང་གི་མངོན་བརྗོད་བྱུང་བསྡུས་ཙནྡན་མ་ཎིའི་དོ་ཤལ་ལ། 46
12ཡིག་བསྐུར་སོགས་ཀྱི་རྣམ་གཞག་བློ་གསར་དགའ་སྟོན་སྒོ་འབྱེད་ལ། 69
13བླ་དཔོན་འགའ་ཞིག་ལ་བསྐུར་བའི་ཆབ་ཤོག་གཏམ་སྙན་པི་ཝང་ལ། 22
14ཞུ་བ་འབུལ་ཚུལ་ལུགས་ཟུང་འགུགས་བྱེད་པི་ཝང་ལ། 16
15གསོ་བ་རིག་པའི་མན་ངག་ཤིན་ཏུ་བསྡུས་པ་བདུད་རྩིའི་ཐིག་པ་ལ། 38
16གསོ་དཔྱད་རྒྱ་མཚོའི་སྙིང་ནོར་མདོར་བསྡུས་བདུད་རྩིའི་ཆུ་རྒྱུན་ལ། 20
00696ཉ་
1རྒྱལ་བསྟན་གྱི་གཞི་སོ་སོར་ཐར་པའི་བསླབ་བྱའི་གོ་རིམ་མདོར་བསྡུས་མེ་ཏོག་རབ་བཞད་ལ། 52
2དགོན་སྡེ་འགའ་ཞིག་གི་བཅའ་ཡིག་བླང་དོར་སྙན་སྒྲོན་ལ། 18
3སྒྲུབ་སྡེ་འགའ་ཞིག་གི་བཅའ་ཡིག་བྱང་གྲོལ་གསེར་ཟམ་ལ། 15
4ནང་དོན་ཐ་སྙད་རིག་གནས་ཀྱི་གཞུང་གི་དོགས་གནད་འགའ་ཞིག་དྲིས་པའི་ལན་ཕྱོགས་གཅིག་ཏུ་བྲིས་པ་རབ་དཀར་པ་སངས་ལ། 100
5མཁན་པོ་ཨ་ཏ་རི་ནི་པན་ཊི་ཏར་གྲགས་པའི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ལ། 294
6ཁ་ཆར་འབེབས་སྲུང་སོགས་ཀྱི་གདམས་པ་གནམ་སའི་མཛེས་རྒྱན་ལ། 38
དཀར་ཆག་ལ། 12
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །སུམ་པ་ཡེ་ཤེས་དཔལ་འབྱོར་ནི་མཚོ་སྔོན་རྨ་ཆུའི་འགྲམ་ཐོ་ལི་ཞེས་པའི་སར་ཨོ་རོད་མཚོ་བཞིའི་ནང་གི་པྰ་ཐུད་ཀྱི་ཐལ་ཇིའི་རྒྱུད་པ་ཡབ་རྡོ་རྗེ་བཀྲ་ཤིས་དང༌། ཡུམ་ཇུ་འུན་བྷར་བ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་1704ལ་འཁྲུངས། དགུང་ལོ་བདུན་ལ་ཕེབས་སྐབས་ཐར་ཤུར་དཔོན་སློབ་ཆོས་སྐྱོང་རྒྱ་མཚོ་པའི་ཞལ་སྔ་ནས་རབ་ཏུ་བྱུང༌། མཚན་བློ་བཟང་ཆོས་སྐྱོང་སྩལ། དགུང་ལོ་དགུ་ལ་ཕེབས་སྐབས་སྤྲུལ་སྐུ་ངོས་འཛིན་གྱིས་སུམ་པ་བླ་བྲང་དུ་གདན་དྲངས། དགུང་ལོ་བཅུ་གསུམ་ལ་ཕེབས་དུས་རྣལ་འབྱོར་ཆེན་པོ་སློབ་དཔོན་ཆོས་བཟང་རིན་པོ་ཆེའི་མདུན་ནས་དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་དགུར་བོད་ལ་ཕེབས་ནས་དབུས་གཙང་ཁུལ་དུ་གནས་མཇལ་སྐབས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་བསྒྲུབས། མཚན་ཡེ་ཤེས་དཔལ་འབྱོར་ཞེས་སྩལ། དེ་ནས་རྗེ་སར་ཕེབས་ཏེ་དཔལ་ལྡན་འབྲས་སྦུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་གྲྭ་ཚང་གི་ཆོས་མཛད་ཀྱང་མཛད་དེ་ལོ་བརྒྱད་རིང་བཞུགས། དགུང་ལོ་ཉེར་བདུན་ལ་ཕེབས་སྐབས་ཨ་མདོར་ཕེབས། དགུང་ལོ་ཞེ་བཞི་ལ་ཆོས་འབྱུང་ལྗོན་བཟང་བརྩམས། དགུང་ལོ་རེ་བརྒྱད་ལ་སོག་ཡུལ་དུ་ཕེབས་ནས་ལོ་བརྒྱད་ཙམ་བཞུགས། དགུང་ལོ་དོན་ལྔ་ལོར་སོག་ཡུལ་ནས་དགོན་ལུང་སུམ་པ་བླ་བྲང་དུ་ཕེབས། སྔར་དགུང་ལོ་ཞེ་གསུམ་ལ་དགོན་ལུང་གི་ཁྲི་པ་གནང་མྱོང་ཡོད། དགུང་ལོ་དོན་དགུ་ལ་ཕེབས་སྐབས་སླར་ཡང་ཁྲི་པར་ཕེབས་ནས་མདོ་ཕྱོགས་པོད་ལྔ་དང་རིག་གནས། གསོ་དཔྱད། སྐར་རྩིས་ཀྱི་ས་རིས། འབྱུང་རྩིས་སོགས་སྐོར་དཔེ་མཁྱུད་རང་གིས་གང་ཤེས་སློབ་མ་རྣམས་ལ་བཤད་ཁྲིད་མཛད་མཐར། དགུང་ལོ་བརྒྱད་ཅུ་གྱ་ལྔ་སྟེ་ས་སྤྲེ་1788ལ་སྐུ་གཤེགས། འདིར་གསུང་འབུམ་པོད་བརྒྱད་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
