སླེ་ལུང་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-04-12 16:11:40     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།       ཀློག་ཐེངས།  

 

timg (1).jpg

 པར་པོད། ཤོག་གྲངས།

 00680དང་པོ།

 ཀརྗེ་བཙུན་བླ་མ་དམ་ཆོས་བཟང་པོ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོའི་སྙིང་པོ་ལ། 38

ཁབདག་ཉིད་ཆེན་པོ་ཀུན་མཁྱེན་དྷརྨའི་མཚན་ཅན་གྱི་རྟོགས་པ་བརྗོད་པ་ངོ་མཚར་རོལ་མོ་ལ། 31

 གདཔལ་འཁོར་ལོ་སྡོམ་པའི་ཟབ་དོན་འགའ་ཞིག་གི་གནད་གྲོལ་བ་སྦས་དོན་ཡང་གསལ་ཉིན་བྱེད་ལ། 45

ངགནོད་སྤྱིན་ཆེན་པོ་བེག་རྩེ་ལྕམ་དྲལ་གྱི་བསྐང་བ་མཆོད་བསྟོད་ཀྱི་རིམ་པ་ལ། 31

 ཆརྒྱལ་པོ་ཆེན་པོ་དམ་ཐོས་སྲས་ཀྱི་མདོས་ཀྱི་ལག་ལེན་གསལ་བྱེད་ལ། 5

 ཇགསང་བདག་སྙན་བརྒྱུད་ཀྱི་ནང་ཚན་རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱི་མདོས་ཆོག་མཛེས་རྒྱན་ལ། 15

 ཉལེགས་ལྡན་ཚོགས་རྗེ་ཆེན་པོའི་མཆོད་སྤྲིན་ལས་བཞིའི་བང་མཛོད་ལ། 45

 ཏདམག་དཔོན་ཆེན་པོ་ཇོ་བོ་རྒྱལ་མཚན་པའི་གསོལ་མཆོད་བཙན་རྒྱོད་དམ་རོལ་ལ། 11

 ཐཁྲ་ཚལ་དགོན་གྱི་གཞིས་བདག་གི་གསོལ་མཆོད་མདོར་བསྡུས་པ་ལ། 5

 དསྟག་ཤེར་རྗེ་བཙན་པའི་གསོལ་མཆོད་མདོར་བསྡུས་ལ། 7

 ནཞིང་སྐྱོང་ཚེ་རིང་མའི་དགོས་སྒྲུབ་དགེ་ལེགས་མྱུར་དུ་འགུགས་པའི་ཕོ་ཉ་ལ། 7

 པརྡོ་རྗེ་གཡུ་སྒྲོན་མའི་ཕྱི་ནང་གསང་གསུམ་གྱི་བསྙེན་ཡིག་འདོད་འཇོའི་ཡང་སྙིང་ཡིད་བཞིན་དབང་རྒྱལ་ལ། ཕདཔལ་ལྡན་རྗེ་མོ་ཨེ་ཀ་ཛ་ཏིའི་བམ་སྐོང་དཔག་བསམ་ལྗོན་འབྲས་ལ། 17

 བརྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་ཐབས་དང་འབྲེལ་བར་ཐུགས་དམ་བསྐང་བྱེད་ལ། 6

 མརྗེ་མཆོག་དྲི་ཟའི་རྒྱལ་པོའི་སྒྲུབ་འཕྲིན་ཁྱེར་བདེ་གསལ་བྱེད་བུམ་བཟང་ལ། 16

 ཙགིང་ཆེན་སྲོག་གི་བདག་པོའི་སྒྲུབ་འཕྲིན་ཚང་ཆེན་ཉིང་ཁུ་ལ། 7

 ཚབོན་སྐྱོང་རྗེའི་རྒྱལ་པོའི་གསོལ་མཆོད་རྔ་ཆེན་ལ། 13

 ཛདྲེགས་པའི་ཡང་རྗེ་གནོད་སྤྱིན་ཙི་ཏ་དམར་པོའི་མཆེད་བདུན་གྱི་སྲོག་གཏད་ཀྱི་རིམ་པ་ལ། 13

 ཝསོལ་མཆོད་ལེགས་ཚོགས་རྒྱས་བྱེད་ལ། 6

 ཞགིང་ཆེན་འོད་ལྡན་དཀར་པོའི་གསོལ་མཆོད་དགའ་སྟོན་ལ། 7

 ཟཀླུ་རྒྱལ་མལ་གྲོ་གཟི་ཅན་གྱི་མཆོད་སྤྲིན་རྡོ་རྗེའི་ཉིན་བྱེད་ལ། 12

 འབླ་མའི་རྣལ་འབྱོར་གསོལ་འདེབས་ཞབས་བརྟན་སྨོན་ལམ་བསླབ་བྱ་དཀར་ཆག་དང་སྙན་དར་ཁ་བྱང་བྲིས་ཐང་རྒྱབ་ཡིག་སོགས་ལ། 64

 ཡཚད་མ་གྲུབ་པའི་ལེའུའི་ཟུར་རྒྱན་གཞན་ཕན་རྒྱ་མཚོ་ལ། 44

 རགཉེན་པོ་རྗེ་གསུམ་གྱི་ཉམས་ལེན་སྙིང་པོ་དྲིལ་བ་ལ། 24

 ལཐུན་དྲུག་གི་རྣལ་འབྱོར་བྱ་ཚུལ་ལ། 18

 ཤགཅོད་ཡུལ་གྱི་གདམས་པ་འཁོར་འདས་མཉམ་སྦྱོར་ལ། 14

 སཡང་ཟབ་འཁོར་བ་རྒྱུན་གཅོད་ཀྱི་བསྲེག་པའི་མན་ངག་ལ། 12

 ཧསྲད་རྒྱུད་ལུགས་ཀྱི་དམིགས་བརྩེ་མའི་བླ་མའི་རྣལ་འབྱོར་དགའ་ལྡན་རྗེ་བརྒྱ་མར་གྲགས་པའི་ཁྲིད་ཡིག་ངོ་མཚར་དགའ་སྟོན་ལ། 7

 ཨཟབ་དོན་གྱི་ལེགས་བཤད་བྱུང་འབྲུ་ལ། 3

 00681གཉིས་པ།

 ཀིཁྱུང་ནག་བཟླ་ས་དམིགས་བྱ་ཚུལ་གདེང་ཅན་མཐར་བྱེད་ལ། 5

 ཁིའཇིག་རྟེན་གསུམ་གྱི་མགོན་པོ་རྡོ་རྗེ་རྒྱལ་པོ་དཔལ་ཕག་མོ་གྲུ་པའི་རྣམ་ཐར་སྙིང་པོ་ལ། 10

 གིཞབས་བརྟན་དང་གསོལ་འདེབས་ཀྱི་རིམ་པ་འགའ་ཞིག་ལ། 7

 ངིབདེ་མཆོག་གི་ཆོ་ག་སྤྲོ་བསྡུའི་གསོལ་བྱེད་ལ། 14

 ཅིདྲིས་ལན་ལྟ་བའི་མིག་ཡངས་ལ། 68

 ཆིཐོས་བསམ་དར་རྒྱས་གླིང་གི་སྲུང་མ་རྒྱལ་སྙོན་མའི་གསོལ་ཁ་བཤན་པ་དམ་རོལ་ལ། 13

 ཇིཨེ་སེ་བོའི་ཡུལ་རྗེ་དར་མ་བཀྲ་ཤིས་ཀྱི་གསོལ་མཆོད་ལ། 5

 ཉིཧྰུཾ་སྒྲུབ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་རིམ་པ་ལ། 9

 ཏིདགོངས་འདུས་ལས་གསུང་པའི་གྲིབ་སེལ་གྱི་ལག་ལེན་ལ། 15

 ཐིསྒྲོལ་དཀར་ཚེ་སྤྱིན་ཡིད་བཞིན་འཁོར་ལོའི་སྒྲུབ་འཕྲིན་དང་འབྲེལ་བར་བརྟན་བཞུགས་འབུལ་ཚུལ་ལ། 16

 དིས་སྐྱོང་རྒྱ་རི་བ་ཆེན་པོའི་ཞབས་བརྟན་འཆི་མེད་འདོད་འཇོ་ལ། 4

 ནིསྙན་དར་ཞལ་བྱང་གི་རིམ་པ་སྣ་ཚོགས་ལ། 3

 པིརྡོ་རྗེ་གཡུ་སྒྲོན་མའི་ཕྱི་ནང་གསང་གསུམ་སྲེག་ཆོག་ལ། 6

 ཕིབདུད་མགོན་མཆེད་གསུམ་གྱི་རྟེན་མདོས་རྒྱུན་ཁྱེར་གྱི་ཆོ་ག་ལ། 2

 བིབླ་མ་མཆོད་པའི་ཆོ་ག་དངོས་གྲུབ་ཡིད་བཞིན་འདྲེན་པའི་ཤིང་རྟ་ལ། 18

 མིགསང་འཛིན་ལས་ཀྱི་རྡོ་རྗེར་གསོལ་འདེབས་སྨོན་ལམ་ལ། 29

 ཙིརྗེ་ཙོང་ཁ་པ་ཆེན་པོ། ཀུན་མཁྱེན་བློ་བཟང་ཡེ་ཤེས།

 རྗེ་བཙུན་སྒྲོལ་མ་དངོས་སོགས་ཐུན་མོང་ལ་གསོལ་འདེབས་དབྱིག་གི་ཕྲེང་བ་ལ། 34

 ཚིདམ་དཀར་ཕྱོགས་ལ་བསྐུལ་བའི་བསླབ་བྱ་དོན་གསལ་ལ། 24

 ཛིདྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དགོངས་དོན་གསལ་བར་བྱེད་པ་བློ་བཟང་དགོངས་གསལ་ལ། 52

 ཝིའདོད་ཁམས་དབང་ཕྱུག་ཨེ་ཀ་ཛ་ཏིའི་བསྐང་བ་མཆོད་བསྟོད་ཀྱི་རིམ་པ་ལ། 27

 ཞིགོང་ས་རྒྱལ་བའི་དབང་པོ་བསྐལ་བཟང་རྒྱ་མཚོར་ཕུལ་བའི་ཞུ་ཡིག་ལ། 21

 ཟིབསམ་ཡས་སུ་བྱམས་པ་གཙོར་གྱུར་གྱི་གོས་སྐུ་གསར་བཞེངས་ཀྱི་དཀར་ཆག་ལ། 27

 འིསྙན་དར་ཞལ་བྱང་སོགས་འདོད་གསོལ་སྣ་ཚོགས་ལ། 20

 ཡིརྡོ་རྗེ་གཅེས་ཕྲེང་གི་ལས་བྱང་དང་བྱིན་རླབས་ཀྱི་ལྷན་ཐབས་དོན་གཉིས་མཛེས་རྒྱན་ལ། 13

 རིབདུད་མགོན་རོང་རྗེ་རྒྱལ་མཚན་གྱི་བསྐང་བ་མཆོད་བསྟོད་ཀྱི་རིམ་པ་ལ། 13

 ལིདྲག་པོ་གསུམ་དྲིལ་གྱི་སྒྲུབ་ཐབས་གསལ་བའི་མེ་ལོང་ལ། 13

 ཤིགསང་བ་བསམ་གྱི་མི་ཁྱབ་པའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་གསང་འཛིན་མྱུར་ལམ་ལ། 10

 སིསྙིང་པོ་དོན་གསུམ་གྱི་ཁྲེད་ཀྱི་སྔོན་འགྲོའི་བརྒྱུད་འདེབས་ལ། 13

 00682གསུམ་པ།

 ཀུབཅོམ་ལྡན་འདས་དཔལ་གར་གྱི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཆོ་གའི་རྣམ་བཤད་སྙིང་པོའི་མཆོད་སྤྱིན་ལེགས་བཤད་རྒྱ་མཚོ་ལ། 53

 ཅུབཙན་རྒྱོད་དར་མ་རྒྱལ་མཚན་གྱི་གསོལ་མཆོད་ལ། 8

 ཇུརྗེ་ཆེན་གྱི་བསྙེན་ཡིག་བདེ་འབྱུང་གི་མཆོག་སྤྱིན་ལ། 12

 ཏུགསོལ་འདེབས་ཞབས་བརྟན་གྱི་རིམ་པ་ལ། 11

 ཐུཨེ་པ་དྲུང་ཡིག་ངག་དབང་ཕུན་ཚོགས་ལ་གདམས་པའི་དྲིས་ལན་ཕུན་ཚོགས་ཉིན་བྱེད་ལ། 13

དུབྱད་གྲོལ་གསེར་གྱི་ལྡེ་མིག་གི་མན་ངག་ལག་ལེན་ལ། 29

 ནུརྟ་མཆོག་པད་མ་དབང་ཆེན་གྱི་སྙིང་པོ་ལ། 3

 པུཤ་བརྒྱ་གཟན་བརྒྱའི་ཆོ་ག་ནག་འགྲོས་སུ་སྤེལ་བ་སྙིགས་དུས་ཕན་བྱེད་ལ། 6

 ཕུ། ཞལ་གདམས་ཟབ་དོན་གྱི་སྙིང་པོ་ལ། 3

 བུནམ་མཁའི་བཅུད་ལེན་བདུད་རྩིའི་ཐུར་མ་ལ། 2

 མུསྙན་དར་ཞལ་བྱང་འདོད་གསོལ་གྱི་རིམ་པ་ལ། 2

 ཙུམགུར་གྱི་རིམ་པ་ཐོལ་བྱུང་རྡོ་རྗེའི་གླུ་ལ། 3

 ཚུཤིས་བརྗོད་ལམ་བཟང་ལ། 2

 ཛུའཇམ་དབྱངས་ཆོས་འཁོར་གྱི་ནང་ཚན་ཁྲོས་ནག་ལས་བྱང་ལ། 19

 བདེན་ཚིག་བཅུད་ལེན་སྙིང་པོ་ལ། 9

 ཞུལྕགས་ཁྱི་ལོ་དམ་གྲོལ་གླིང་དུ་སྨན་སྒྲུབ་ཆེན་མོ་བགྱིས་པའི་དཀར་ཆག་བདུད་རྩིའི་གར་མཁན་ལ། 10

 ཟུསྨན་སྒྲུབ་མདོར་བསྡུས་བྱ་ཚུལ་གཅིག་ཆོག་སྨན་གྱི་ཐིག་ལེ་ལ། 8

 ཤུརྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གསུང་པར་རིན་པོ་ཆེ་སྲིད་གསུམ་རྒྱན་གཅིག་རྫུ་འཕྲུལ་ཤིང་རྟའི་དཀར་ཆག་ལ། 127

 ཀེབླ་མ་བདེ་ཆེན་དབང་ཕྱུག་གི་བརྒྱུད་འདེབས་སྨིན་གྲོལ་མྱུར་ལམ་ལ། 2

 ཁེའཇམ་དཀར་གྱི་སྒྲུབ་ཐབས་རྒྱུན་ཁྱེར་སྙིང་པོ་བསྡུས་པ་ལ། 3

 ཁེསྐྱབས་སེམས་སྔོན་འགྲོ་ལ། 1

 གེརྣམ་འཇོམས་ཀྱི་ཁྲུས་ཆོག་བདུད་རྩིའི་གཏེར་བུམ་ལ། 3

 ངེརྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་ལ། 2

 ཅེསེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་དང་དེའི་རྒྱུ་ཁྱེར་ལ། 3

 ཆེཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་དབང་གི་བརྒྱུད་འདེབས་དང་དེའི་སྒྲུབ་ཐབས་ལ། 4

 ཇེགསང་བདག་བདུད་རྩི་ཐིགས་པའི་རྗེས་གནང་གི་ཡི་གེ་སྨིན་བྱེད་བདུད་རྩི་ལ། 11

 ཉེགསང་བདག་གཏུམ་པོ་མེ་འབར་གྱི་སྒྲུབ་ཐབས་ལ། 7

 ཏེགསང་བདག་གཏུམ་པོའི་སྒྲུབ་ཐབས་བཅུད་ཐིགས་ལ། 2

 ཐེགསང་བདག་གཏུམ་པོ་མེ་འབར་གྱི་སྒྲུབ་ཐབས་ལ། 2

 དེགསང་བདག་བདུད་རྩི་ཐིགས་པའི་རྒྱུན་ཁྱེར་ལ། 2

 ནེཕྱག་རྡོར་དང་རྡོར་སེམས་ཀྱི་སྒོམ་བཟླ་ས་བུམ་བཟང་ཡང་དེའི་རྒྱུན་ཁྱེར་ལ། 3

 པེགསང་བདག་གཏུམ་པོ་མེ་འབར་གྱི་སྦྱིན་སྲེག་གི་ཆོ་ག་གཞན་ཕན་རྒྱ་མཚོ་ལ། 7

 ཕེརྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་འཕྲིན་རྒྱལ་གདོན་སོགས་ཀྱི་སྤུ་གྲི་ལ། 3

 བེདབང་ཆེན་ཐུགས་རྗེ་བསྐུལ་བའི་སྒྲུབ་འཕྲིན་ཉིན་བྱེད་འོད་སྣང་ལ། 4

 མེབཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དྲིལ་བུ་རྗེ་ལྔའི་དབང་གི་བརྒྱུད་འདེབས་དང་དེའི་རྒྱུན་ཁྱེར་ལ། 3

 ཅེརྣམ་སྲས་ཀྱི་མངའ་གསོལ་གནོད་སྤྱིན་ཡིད་འགུལ་ལ། 2

 ཆེཁྱུང་ནག་མོའི་སྤུ་གྲིའི་བསྙེན་ཡིག་མདོར་བསྡུས་ལ། 5

 ཇེཁྱུང་ནག་གི་སྒྲུབ་ཐབས་ཁྱེར་བདེ་ལ། 2

 ཝེརྒྱལ་སྲས་ཁྱུང་གི་སྒྲུབ་ཐབས་དོན་གསུམ་མཐར་བྱེད་ལ། 2

 ཞེཁྱུང་ནག་གི་རྗེས་གནང་ཆོ་ག་ལ། 2

 ཟེཁྱུང་ནག་གི་སྒྲུབ་ཐབས་ལ། 2

 འེསྙན་བརྒྱུད་ཀྱི་ནང་ཚན་གསང་བའི་ཁྲུས་ཆོག་ལ། 3

 ཡེསྔགས་ཀྱི་རྩ་ལྟུང་དང་སྦོམ་པོའི་སྡོམ་ཚིག་ལ། 3

 རེབསངས་ཀྱི་ཆོ་ག་འདོད་རྒུའི་མཆོག་སྤྱིན་ལ། 8

 ལེལྷོ་སྒོའི་ཆོ་ག་ཐུགས་རྗེའི་དཔྱང་ཐག་ལ། 5

 ཤེཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པའི་བརྒྱུད་འདེབས་དང་དྲེགས་པའི་དེད་དཔོན་རྒྱལ་མཚན་དབལ་མངའ་གསོལ་ལ། 4

 སེཁྲ་འབྲུག་ཆོས་སྐྱོང་ཆེན་པོའི་མཆོད་བསྟོད་ལ། 6

 ཧེཚངས་པ་དུང་ཐོད་ཅན་དཔོན་བློན་གྱི་རྟེན་མདོས་ཆོ་ག་ལ། 3

 ཨེརྗེ་མོ། དཔལ་རྗེ། བེག་རྩེ། རྒྱལ་མཚན་པ་རྣམས་ཀྱི་གཏོར་འབུལ་རྒྱུན་ཁྱེར་ལ། 3

 ཀོརྗེ་ཆེན་ཚངས་པ་ཆེན་པོའི་མངའ་གསོལ་ལ། 4

 ཁོཚངས་པ་དུང་ཐོད་ཅན་གྱི་འདོད་གསོལ་དང་དེའི་དྲག་བསྐུལ་ལ། 3

 གོསྤྲུལ་པའི་ཆོས་སྐྱོང་ཆེན་པོའི་འཕྲིན་ལས་འདོད་པའི་རེ་སྐོང་ལ། 2

 ངོཁྲ་འབྲུག་ཚངས་པ་ཆེན་པོའི་བཀའ་སྡོད་བསེ་་བའི་མཆོད་བསྟོད་ལ། 3

 ཅོགིང་ཆེན་ཚངས་པའི་བཀའ་སྡོད་གནོད་སྤྱིན་ཆེན་པོའི་མཆོད་བསྟོད་ལ། 3

 ཆོརྗེ་ཆེན་གྱི་བསྙེན་པ་བྱ་ཚུལ་ལ། 2

 ཇོརྗེ་ཆེན་དབང་ཕྱུག་ཆེན་མོའི་མེ་མཆོད་དགེ་ལེགས་མྱུར་འགུགས་ལ། 3

 ཉོདམ་ཅན་སྡེ་བདུན་གྱི་བསྐང་བ་ཁྱེར་བདེ་ལ། 5

 ཏོགསང་བདག་སྙན་བརྒྱུད་ཀྱི་བཀའ་སྲུང་དམ་ཅན་ལ་གཏོར་འབུལ་ལ། 2

 ཐོརྩ་གསུམ་དམ་ཅན་རྒྱ་མཚོའི་བསྐང་བ་ལ། 4

 དོཆོས་སྲུང་སྤྱིའི་འཕྲིན་བཅོལ་བསམ་དོན་ལྷུན་གྲུབ་ལ། 2

 ནོགཏོར་འབུལ་ཉུང་ངུར་བསྡུས་པ་ལ། 3

 པོམཚམས་རྡོ་བསྐྱེད་ཆོག་ལ། 2

 ཕོམགོན་པོ་ཕྱག་དྲུག་པའི་བསྐང་བའི་རིམ་པ་ལ། 4

 བོགནོད་སྤྱིན་ཙིའུ་དམར་པོའི་མངའ་གསོལ་སྡེ་བརྒྱད་ལ། 3

 མོགནོད་སྤྱིན་ཆེན་པོའི་མཆོད་པའི་འཕྲིན་ལས་ལ། 6

 ཙོསྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ་ལ། 2

 ཚོརྡོ་རྗེའི་ཆོས་སྲུང་སྤྱི་བསྒོས་ལ། 3

 ཛོའོལ་ཁའི་ཡུལ་རྗེ་གཞི་བདག་རྣམས་ཀྱི་གསོལ་མཆོད་ལ། 3

 ཝོཞལ་པྲམ་གཟུགས་ཀྱི་བསྟོད་པ་ཟིལ་གནོན་ལ། 2

 ཞོའབུར་དོང་དགོན་གཞི་བདག་དཔོན་བློན་གྱི་གསོལ་མཆོད་ལ། 3

 ཟོའཕྲིན་བཅོལ་འདོད་འཇོའི་དཔལ་སྟེར་ལ། 2

འོརྒྱལ་བའི་སྲས་ཀྱི་རྣམ་པར་ཐར་པ་འཇུག་པའི་སྨོན་ལམ་རྒྱ་མཚོའི་སྤྲིན་ཆེན་ལ། 68

 ཡོརྒྱལ་ཆེན་སྐུ་ལྔའི་གཏོར་འབུལ་ཁྱེར་བདེ་དང་དེའི་གཏོར་བསྔོ་ལ། 2

རོརྒྱལ་མཚན་པར་གཉེར་གཏད་བགྱིས་པའི་འཕྲིན་ཚིག་དང་དེའི་གསེར་སྐྱེམས་ལ། 3

 ལོ1ཡམ་ཤུད་དམར་པོའི་འདོད་གསོལ། རྒྱལ་མཚན་པའི་འདོད་གསོལ་བཅས་ལ། 2

 ལོ2བསྐང་བའི་རིམ་པ་ལེགས་བཤད་ལ། 5

ཤོགསང་འཛིན་ལས་ཀྱི་རྡོ་རྗེ་ལ་བརྟེན་པའི་རྣལ་འབྱོར་ལ། 4

 སོཆབ་ཤོག་གི་རིམ་པ་ལ། 5

 ཧོམེ་ལུག་ཟླ་ཚེས་ནང་གོང་ས་མཆོག་ལ་ཕུལ་བའི་ཞུ་མཆིད་ལ། 5

ཨོམཁའ་སྤྱོད་གྲུབ་པའི་སྨོན་ལམ་འཕྲུལ་གྱི་བཞག་པ་ལ། 4

00683བཞི་པ།

ཀམཁའ་སྤྱོད་ཀྱི་གནས་ཡིག་དང་བྱིན་འབེབས་ལོ་རྒྱུས་ལ། 17
ཁགནས་མཆོག་ཟངས་མདོག་དཔལ་རིའི་གནས་བཤད་ཡིད་ཆེས་ལ། 11
གགནས་ཆེན་ཟངས་མདོག་དཔལ་རིའི་གཙུག་ལག་ཁང་གི་གནས་བཤད་ངོ་མཚར་རབ་གསལ་ལ། 5
ངརྗེ་གཅིག་ཞིང་སྐྱོང་མཆེད་གཉིས་ཀྱི་ལོ་རྒྱུས་མེ་ལོང་ལ། 21
ཅགནས་ཆེན་ཟངས་མདོག་དཔལ་རིའི་གནས་བརྟན་གྱི་བཀོད་པ་འཕྲོས་པའི་ལྗོན་ཤིང་ལ། 20
ཆགནས་ཆེན་ཟངས་མདོག་དཔལ་རིའི་ཆ་ཤས་ལས་གནས་རི་རྣམས་ཀྱི་ལོ་རྒྱུས་ལ། 31
ཇམཁའ་འགྲོ་རྡོའི་མཆོད་རྟེན་གྱི་ལོ་རྒྱུས་ཌ་ཀིའི་ལམ་ཡང་ལ། 4
ཉགཡུང་དྲུང་འཁྱིལ་བའི་གསང་ཕུག་རྙེད་པའི་ལོ་རྒྱུས་འཁོར་ལོ་ལ། 3
ཏགླང་པོ་སྣའི་ལྗོངས་སུ་བསྐྱོད་པའི་གནས་ཚུལ་ལ། 4
ཐམཚོ་མགོར་བགྲོད་ཚུལ་གྱི་ལམ་ཡིག་ཉམས་དགའ་ལ། 7
དགཟི་ཅན་དང་དབུ་མའི་ཕོ་བྲང་གསར་དུ་བརྙེད་པའི་ལོ་རྒྱུས་སྣང་གསལ་ལ། 4
ནམ་ཅིག་ཙིན་ཊ་ཀ་འབར་མ་དབང་གི་གདོང་པ་ཅན་གང་དུ་སྤྱན་དྲངས་པ་སོགས་ཀྱི་ལོ་རྒྱུས་འོད་སྟོང་ལ། 13
པསྲིད་གསུམ་ཟིལ་གནོན་གྱི་གནས་བཤད་ལ། 23

ཕགནས་ཐོར་བུ་རྣམས་ཀྱི་ལོ་རྒྱུས་ལྟད་མོའི་གྲོང་ཁྱེར་ལ། 23 
བརྗེམ་ལུང་གསང་ཆེན་བཀོད་པའི་གནས་སུ་བགྲོད་ཚུལ་གྱི་ལམ་ཡིག་ལ། 8
མགནས་མཆོག་པད་མ་བཀོད་དུ་བགྲོད་བའི་ལམ་ཡིག་བདེན་གཏམ་ལ། 53
ཙརྡོ་ལུང་རྡོ་རྗེའི་གླིང་གི་གནས་གསར་དུ་རྙེད་པའི་ལོ་རྒྱུས་དྲང་གཏམ་ལ། 12
ཚསྤྲོ་ལུང་དབང་ཕྱུག་གླིང་གི་གནས་སྒོ་གསར་དུ་ཕྱེ་བའི་ལོ་རྒྱུས་སྒྲ་དབྱངས་ལ། 14
ཛཝ་བ་པ་དཔལ་རྗེ་ཇག་མེ་སོགས་ཀྱི་གསང་ཕུག་ངོ་འཕྲོད་པའི་ལོ་རྒྱུས་མེ་ལོང་ལ། 14
ཝམཁའ་འགྲོའི་འདུ་གནས་གྲི་གུག་གསང་ལམ་གྱི་ལོ་རྒྱུས་མེ་ཏོག་འཕྲེང་མཛེས་ལ། 3
ཞཕོ་བྲང་ཆེན་པོ་ལྟ་ན་སྡུག་གི་གནས་བཤད་ལ། 5

ཟདོན་མཐུན་པའི་འདུས་པའི་ཚོམ་བུ་དུ་མར་ངོ་མཚར་བའི་ལྟད་མོ་ལ། 18

འལྕགས་ཁྱི་ལོ་རྗེ་གཅིག་ཉི་གཞོན་གྱི་དུས་སྟོན་ཆེན་མོར་གནས་སྒོ་གསར་དུ་ཕྱེ་བའི་བདེན་པའི་ཟུང་ལྡན་ལ། 52

ཡབཙན་རྒྱོད་ཁ་ལ་མེད་འབར་གྱི་བླ་རྡོ་རྙེད་ཚུལ་ལོ་རྒྱུས་ལ། 9

རལམ་ཡིག་བདེན་པའི་ཟུངས་ལྡན་ལ། 9
ལལྟད་ཆུང་མཁའ་འགྲོའི་དགའ་ཚལ་གྱི་གནས་ཡིག་ལ། 3 
ཤགསལ་དྭངས་རི་བོ་ཆེའི་གནས་སྒོ་གསར་དུ་ཕྱེ་བའི་ལོ་རྒྱུས་ལ། 13

སརི་བོ་ཆེའི་གནས་ཡིག་འཇུག་བདེའི་ཕྲེང་བ་ལ། 9

ཧཡིད་བཞིན་གྱི་ནོར་བུ་རཏྣ་ཏ་རེའི་ལོ་རྒྱུས་མཐོང་ན་ཀུན་དགའ་ལ། 4

ཨམི་དབང་བསོད་ནམས་སྟོབས་རྒྱལ་དམ་གྲོལ་གླིང་དུ་བྱོན་པའི་ལོ་རྒྱུས་ལ། 41

ཀིལྕགས་ཕོ་ཁྱིའི་ལོ་འགལ་རྐྱེན་གྱི་གཡུལ་ལས་རྒྱལ་བའི་ལོ་རྒྱུས་སྒྱུ་འཕྲུལ་རྒྱན་གྱི་མེ་ལོང་ལ། 55

ཁིརྗེ་གཅིག་རྡོ་རྗེ་སྐྱབས་བྱེད་ཀྱི་འཁྲུངས་ཁང་དུ་དམ་ཅན་རྒྱ་མཚོའི་བསྟི་གནས་གསར་དུ་བསྐྲུན་པའི་དེབ་ཐེར་རིན་ཕྲེང་ལ། 7

གིསྐལ་བཟང་གི་སྐྱེས་བུ་ཐར་འདོད་དོན་ལྡན་གྱི་རྣམ་ཐར་ལས་འཕྲོས་པའི་གཏམ་སྦྱོར་ཉུང་ངུར་བསྡུས་པ་ཡིད་ཀྱི་དགའ་སྟོན་ལ། 6

ངིདམ་ཅན་སྙོན་ཁ་ཆེན་པོ་སྤྱན་འདྲེན་མཛད་པའི་ལོ་རྒྱུས་རིན་པོ་ཆེའི་ཨུཏྤལ་ལའི་ཆུན་པོ་ལ། 7

ཅིཆུ་ཕོ་བྱི་བའི་ལོར་སྨོན་གྲོལ་གླིང་དུ་བསྐྱོད་པའི་ལོ་རྒྱུས་ཞིང་ཁམས་རྒྱ་མཚོ་ལ། 15 
00684ལྔ་པ།
1དག་སྣང་བླ་མ་དྲག་པོའི་སྒྲུབ་ཐབས་དང་བརྒྱུད་འདེབས་ཚོགས་མཆོད་སྦྱིན་སྲེག་བཅས་ལ། 4
2རྡོ་རྗེ་ཐོད་པ་རྩལ་གྱི་རྒྱུན་ཁྱེར་དང་སྒྲུབ་ཐབས་སྨན་བླའི་སྒོམ་བཟླ་ས་བཅས་པར། 4
3གསང་བདག་བླ་མའི་ཕྱི་ནང་གསང་གསུམ་གྱི་རྒྱུན་ཁྱེར་ལ། 7

 4གཏུམ་པོ་གཙོ་འཁོར་གྱི་སྒྲུབ་ཐབས་ལ། 3 
5ཚེ་སྒྲུབ་ཉི་ཟླ་འི་སྲོག་འཛིན་ལ། 8
6འཆི་མེད་དཔལ་སྟེར་དབང་ཆོག་ལ། 4
7གཡུ་སྒྲོན་མའི་དབང་ཆོག་ཕོ་ཉ་ལ། 7 
8མཁའ་སྤྱོད་དཀར་མོའི་མན་ངག་ཕན་བདེའི་སྲོག་སྩལ་ལ། 14
9མཁའ་འགྲོ་ཐུགས་བཅུད་ལས་ལྔ་ལྡན་འོད་ལྔའི་ལམ་བཟང་ལ། 6
10ཆུ་ཚན་བྱིན་རླབས་ཆོ་ག་ལ། 7
11བསྟན་སྲུང་རྒྱ་མཚོའི་རྟེན་རྫས་ལ། 12
12དམག་ཟོར་མའི་ལས་ཚོགས་ལ། 2
13སྲོག་བདུད་མ་མོའི་ཆོས་སྐོར་གྱི་ལེ་ལག་ལ། 10
14དྲང་སྲོང་སྒྲུབ་སྐོར་ལས་བཞི་འབྱུང་གནས་ལ། 7 
15དེའི་ཚིག་སྒྲིལ་གྱི་དབང་ཆོག་ལ། 4
16དམག་ཟོར་རྒྱལ་མོའི་ལས་ཚོགས་དོ་ཤལ་ལ། 4
17གཏུམ་པོའི་སྒྲུབ་ཐབས་ལ། 3 
18གཏུམ་པོ་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས་ལ། 3
9རྗེ་གཅིག་དྲིལ་སྒྲུབ་རྩ་གསུམ་བསྙེན་ཡིག་ལ། 11
20རིགས་ལྡན་རྣམས་ཀྱི་སྒྲུབ་ཐབས་ཟུར་རྒྱན་ལ། 5
21གེ་སར་གྱི་མན་ངག་སྐོར་ལ། 4 
22གེ་སར་གྱི་གཏམ་རྒྱུད་ལ། 5
23གེ་སར་རྒྱལ་པོའི་དཔོན་བློན་གསོལ་མཆོད་ལ། 5
24རྗེ་གཅིག་ཉི་གཞོན་གྱི་དྲིལ་སྒྲུབ་རྩ་གསུམ་དང་དེའི་ཟུར་རྒྱན་བཅས་ལ། 9
25རྗེ་ཆེན་གྱི་སྒྲུབ་སྐོར་ལས་ཚོགས་སྲོག་སྡུད་ཆེན་མོ་ལ། 3
26ཚངས་པ་འོད་ལྡན་དཀར་པོའི་སྒྲུབ་ཐབས་རྒྱལ་རྫོང་གི་ལེ་ཚན་ལ། 5
27དུད་མཚན་མའི་སྲོག་གཏད་རིམ་པ་གསུམ་པ་ལ། 5
28བཙན་རྒྱོད་སྒྲུབ་སྐོར་ལས་མཁའ་འགྲོ་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་ལ། 5 
29ཅིག་ཅར་དམར་པོའི་གསོལ་ཁ་ལ། 4
30གནོད་སྤྱིན་ཆེན་པོའི་སྒྲུབ་སྐོར་འཕྲུལ་འཁོར་ལ། 6 
31སེང་གདོང་མང་དམར་པོའི་སྒྲུབ་སྐོར་ལ། 3
32དེའི་བསྙེན་སྒྲུབ་གསལ་བྱེད་ལ། 4
33གསལ་བྱེད་སྲིད་ཞིའི་མཚན་སྟེར་དབང་ཆོག་ལ། 3
34ཞིང་སྐྱོང་མ་མཆེད་གཉིས་ཀྱི་གསོལ་མཆོད་ལ། 2
35མ་མོ་ལང་གའི་དབང་ཕྱུག་གི་སྒྲུབ་ཐབས་ལ། 9
36བཙན་རྒྱོད་ལས་མཐའ་ལས་བཞིའི་འཕྲིན་ལས་མྱུར་སྒྲུབ་ལ། 5
37ལེགས་ལྡན་ཚོགས་རྗེའི་ཟོར་གྱི་ལས་མཐའ་དང་དེའི་སྒྲུབ་ཐབས་ལ། 19
38དྲག་པོའི་འཕྲིན་ལས་ཁང་བུ་ལ། 4
39ཞིང་སྐྱོང་སྲོག་བདུད་ནག་པོའི་རིགས་གཏད་ལ། 6
40ཉི་མ་མུན་སེལ་གྱི་ཚེ་སྒྲུབ་ལ། 6
41སྲོག་བདུད་སྒྲུབ་སྐོར་བྱུང་ཚུལ་ལོ་རྒྱུས་ལ། 5
42ཞིང་སྐྱོང་འབར་བའི་སྒྲུབ་འཕྲིན་དང་དེའི་གཏོར་བཟློག་ལ། 19
43ཞིང་སྐྱོང་མུན་སེལ་གྱི་སྐྲ་འབེབས་ལས་ཚོགས་ལ། 7 
44སྲོག་གཏད་རྡོ་རྗེའི་བདུད་རྩི་ལ། 3
45མན་ངག་རྡོ་རྗེའི་ཟབ་ཆོས་ལ། 6
46ཞིང་སྐྱོང་མཆེད་གཉིས་ཀྱི་མཆོད་སྤྲིན་ལ། 7
47སྐྲག་མེད་ཉི་ཤར་གྱི་སྲོག་གཏད་ཆོ་ག་ལ། 5
48རྗེ་གཅིག་ཉི་མ་མུན་སེལ་གྱི་མན་ངག་ཁྱེར་བདེ་ལ། 2
49སྡེ་བརྒྱད་གནོད་བཟློག་ལ། 2
50གནོད་སྤྱིན་ཆེན་པོའི་གསོལ་བསྐུལ་ལ། 3
51བསྐང་བ་ཐོལ་བྱུང་དགྱེས་སྐོང་ལ། 3
52རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་སྒྲུབ་སྐོར་སྲོག་བདུད་ལ། 6
53གུ་རུ་གཟི་བརྗིད་རྡོ་རྗེའི་ལས་བྱང་མྱུར་ལམ་ལ། 19
54དབང་བཞི་བདུད་རྩི་བུམ་པའི་དབང་ཆོག་ཁྲིད་ཡིག་ལ། 6
55མཐོང་གྲོལ་སྐུ་བརྙན་རྣམ་གཉིས་ལ་བརྟེན་པའི་དོན་གཉིས་སྒྲུབ་ཚུལ་ལ། 13
56དེའི་ལས་ཚོགས་དགོངས་གཏེར་ལ། 17
57ན་གརཀྵ་འོག་འདོན་ཐར་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་ལ། 44
58རྗེ་མཆོག་སྲིད་གསུམ་པོ་ཚངས་པ་ཆེན་པོའི་བསྐང་གསོ་ལ། 19
59རྐྱེན་ངན་ལམ་ཁྱེར་གྱི་མན་ངག་ལ། 4

60གཅོད་ཀྱི་གདམས་པའི་སྙིང་པོ་མཉམ་ཉིད་བློ་བདེ་ལ། 6
61བཞད་པའི་རྡོ་རྗེའི་གསང་སྒྲུབ་སྙིང་པོ་ལ། 3
62སྟོབས་ལྡན་དྲག་ཤུལ་དབང་པོའི་སྲོག་གཏད་ལ། 3
63ཕྱག་རྒྱ་ཆེན་པོ་གསང་ལམ་མའི་ཁྲིད་ཡིག་ལ། 2
64ཐབས་མཆོག་དཔའ་བོའི་གསོལ་འདེབས་ལ། 4
65མཚོ་རྒྱལ་འགྲོ་བ་ཀུན་འདུལ་གྱི་བྱིན་རླབས་ཆོ་ག་སྐལ་བཟང་སྣང་བྱེད་ལ། 4
66མནྡ་ར་བྱིན་རླབས་ཀྱི་ཆོ་ག་བདེ་སྟོང་ལ། 7
67དེའི་ཕྱི་སྒྲུབ་ཐབས་མཆོག་མྱུར་ལམ་ལ། 11
68ལོ་འཁོར་བཅུ་གཉིས་ལ་བརྟེན་པའི་བསུ་བཟློག་ཡིད་བཞིན་ནོར་བུ་ལ། 6
69རྔོ་མོ་ཁ་རག་དང་གུང་རྒྱལ་གྱི་སྒྲུབ་སྐོར་མེ་ལོང་ལ། 4
70མཁའ་འགྲོ་ཕྱི་ནང་གསང་གསུམ་བཙན་རྒྱོད་དང་བཅས་པའི་ལས་ཚོགས་ལ། 11
71བཙན་རྒྱོད་འབར་བ་སྤུན་བདུན་གྱི་སྲེག་པ་མེའི་ལས་སྦྱོར་གྱི་ཆོ་ག་ལ། 9
72སྲོག་སྒྲུབ་མ་རང་བྱུང་རྒྱལ་མོ་དང༌། དུང་སྐྱོང་མ། བདུད་མོ་རེ་མ་ཏེ་གསུམ་གྱི་སྲོག་གཏད་བྱ་ཚུལ་ལ། 4
73དྲང་སྲོང་ཁྲོ་གཏུམ་ནག་པོའི་བསྐང་བ་ལ། 2
74དྲག་སྒྲུབ་འཕྲུལ་གྱི་ལྡིང་ཁང་གི་ལྷན་ཐབས་ལ། 4
75རིགས་ལྡན་མ་མཆོད་པ་དང་བདུད་རྩི་མཆོད་པའི་གསལ་བྱེད་ལ། 3
76རིགས་ལྡན་མ་རྣམས་ལ་གསོལ་བ་གདབས་པའི་གདུང་ཚིག་དགའ་བཞིའི་བང་མཛོད་དང་དེའི་མཆོད་བསྟོད་ལ། 11
77རྗེ་གཅིག་ཉི་མ་མུན་སེལ་གྱི་གནང་བའི་འཁྲུལ་པ་རྩ་གཅོད་ཀྱི་མན་ངག་དམ་རྟོག་འུར་དེད་ལ། 3
78བདེ་ལྡན་མའི་སྒྲུབ་ཐབས་བྱིན་རླབས་རྒྱུན་ཁྱེར་ལ། 7
79ཉི་གཞོན་གུར་གུམ་གྱི་རིགས་གཏད་ཆོ་ག་ལ། 4

80གསང་སྒྲུབ་ཀྱི་སྒྲུབ་སྐོར་བུམ་བཟང་ལ། 4
81རྒྱོ་འདོད་སྐྱེས་བུའི་གདུང་སེལ་ལ། 13
82དྲང་སྲོང་གི་ཡུམ་དུ་ཀིཏ་ཀའི་སྒྲུབ་རིམ་གུ་ཧའོ་ལ། 3
00685དྲུག་པ།
ཀདམ་ཅན་མགར་བ་ནག་པོའི་སྒྲུབ་སྐོར་སྟག་སྦྱང་རྒྱུད་ལ། 4
ཁགནོད་སྤྱིན་ཧ་ལ་འབར་བའི་རྒྱུད་ལ། 7
གསྟག་མདའི་རྒྱུད་ལ། 11
ངབདུད་རྒྱལ་ཐོད་ཕྲེང་ལ། 6

ཅསྲོག་གཟེར་ནག་པོ་ལ། 6
ཆསྲོག་ཟན་དམར་པོ་ལ། 21
ཇདགེ་བསྙེན་དགྲ་གསང་ནག་པོར། 13
ཉཕུང་བྱེད་ནོར་སྲུང་ལ། 5
ཏདམ་ཅན་སྒྲུབ་སྐོར་ལ། 9
ཐཡང་འཁོལ་མགར་ནག་ལ། 2
དརྫོགས་ཆེན་གུ་རུའི་ཐུགས་སྒྲུབ་ལ། 3
ནསྲོག་སྒྲུབ་ཡང་སྙིང་སྟག་བཞོན་ལ། 14
པདམ་ཅན་གསོལ་མཆོད་ལ། 3
ཕརྡོར་ལེགས་བཙན་གསོལ་ལ། 1
བརྡོར་ལེགས་གསོལ་ཁ་ལ། 5
མཐེམ་ཡིག་ལ། 1
ཙགསང་སྒྲུབ་སྤུ་གྲི་ལ། 6
ཛརཏྣའི་ཐུགས་གཏེར་ལ། 2
ཝརྡོར་ལེགས་ཀྱི་བསྐང་གསོ་ལ། 12
ཞདེའི་ལས་ཚོགས་ལ། 6 
ཟསྐྱེས་བུ་ཆེན་པོའི་ཇག་ཆིངས་ལ། 2 
ཡནོར་སྒྲུབ་དབང་སྡུད་ཀྱི་གདམས་པ་ལ། 3 
རདགྲ་རྗེ་ཆོ་འཕྲུལ་ལྟས་ངན་ལ། 3
ལལྟས་ངན་ལྕོག་ལ་དང་རྡོར་ལེགས་གསོལ་ཁ་བཅས་ལ། 4
སརྡོ་རྗེ་བསམ་གྲུབ་ལ། 2 
ཧཡིད་བཞིན་ནོར་བུའི་ལོ་རྒྱུས་ལ། 4
ཨདགྲ་རྗེའི་ཆོ་འཕྲུལ་ཡང་ཟབ་ལ། 4
ཁིདམ་ཅན་མདོས་གཏེར་མ་ལ། 8

 གིསྐྱེས་བུ་ཆེན་པོའི་རྗེས་གནང་ལ། 2

 ངིདམ་ཅན་བླ་རྡོའི་ཡན་ལག་ལ། 1 

 ཅིདམ་ཅན་ནོར་སྒྲུབ་ལ། 4

 ཇིདམ་ཅན་སྒྲུབ་སྐོར་ལ། 1

 ཏིདམ་ཅན་དོ་མཐོང་གི་སྒྲུབ་ཐབས་ལ། 2

 ཐིདམ་ཅན་དམར་ནག་ཚར་གཅོད་ལ། 6

 དིཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལ། 3

 ནིདམ་ཅན་སྲོག་བསྐོར་ལ། 3

 པིགསང་བ་སྲོག་གི་འཁོར་ལོ་ལ། 5

 ཕིདེའི་སྒྲུབ་སྐོར་ལ། 4

 བིསྡེ་བརྒྱད་གནས་ཡིག་ལ། 3

 མིགསང་བ་གནད་ཀྱི་དྲིལ་སྒྲུབ་ལ། 3

 ཙིདམ་ཅན་རྟེན་མདོས་ལ། 3

ཚིགསེར་སྐྱེམས་འཕྲིན་ལས་ཀུན་འགྲུབ་ལ། 5

ཛིལས་བྱང་གནམ་ལྕགས་སྤུ་གྲི་ལ། 6 

ཝིསྡེ་བརྒྱད་གནས་ཡིག་ལ། 2

ཞིསྒྲུབ་སྐོར་བརྗེད་བྱང་ལ། 3

ཟིདམ་ཅན་སྒྲུབ་ཐབས་ལ། 4

འིདམ་ཅན་མགར་ནག་ལ། 4

 ཡིམགར་བའི་སྒྲུབ་ཐབས་ལ། 5

 རིདགེ་བསྙེན་རྡོར་ལེགས་ལ། 2

ལིབླ་མ་ཡང་ཏིག་ཆོས་སྐོར་ལ། 6

ཤིམགར་ནག་མེ་སྤུང་འབར་བ་ལ། 10

 ཧིསྒབ་དྲེའི་མནན་པ་ལ། 3

 ཨིའདོད་འཇོ་བུམ་བཟང་ལ། 5

 ཀུཐེ་རང་ལྕགས་ཀྱི་ར་ཅན་ལ། 1

 ཁུདམ་ཅན་རིགས་བརྒྱུད་འཕེལ་བ་ལ། 1

 གུསྟོང་བདུད་ཚེ་བདུད་སྒྲུབ་ཐབས་ལ། 3

 ཅུདམ་ཅན་གསང་སྒྲུབ་ལ། 2

 ཆུགསོལ་ཁ་ཡིག་རྙིང་ལ། 2

 བྱུབཀའ་སྲུང་བྱེ་བྲག་པ་བཤན་པ་ནག་པོའི་སྒྲུབ་ཐབས་ལ། 4

 ཏུདམ་ཅན་སྒྲུབ་སྐོར་ལ། 1

 ཐུདམ་ཅན་ལྕགས་དྲལ་ལ། 7

 དུདམ་ཅན་ལྕམ་དྲལ་གྱི་རྦད་བསྐུལ་ལ། 10

 ནུདམ་ཅན་རྡོར་ལེགས་འཕྲིན་ལས་བསྡུས་པ་ལ། 2

 པུདམ་ཅན་གྱི་གསོལ་ཁ་ལ། 3

 ཕུདམ་ཅན་རྡོར་ལེགས་ཀྱི་བསྐང་བ་ལ། 7

 བུརྗེ་ལྔའི་དྲིལ་སྒྲུབ་ལ། 4

 མུགཏད་བཅོལ་དམ་རིམ་ལ། 5

 ཙུདགོས་འདོད་ཀུན་འབྱུང་ལ། 7

 ཚུསྲོག་སྒྲུབ་དྲག་པོ་སྤུ་གྲི་ལ། 3

 ཛུལྕམ་དྲལ་རྟགས་ཡིག་ལྡེ་མིག་ལ། 4

 དམ་ཅན་ཡབ་ཡུམ་གཉིས་མེད་ལ། 9

 ཞུསྲོག་འཁོར་འབྲི་བའི་ཡིག་ཆུང་ལ། 4

 ཟུནོར་སྒྲུབ་གསང་སྒྲུབ་ལ། 4

 འུལྕམ་དྲལ་ཡབ་ཡུམ་གྱི་མན་ངག་ལ། 4

 ཡུགཡུ་སྒྲོན་མ་སྒྲུབ་པ་ལ། 4

 རུགནོད་སྤྱིན་གདོང་ཅན་དབུས་སེལ་རྒྱ་མཚོ་ལ། 3

ལུམ་མོ་བསྟན་མ་ཆེན་མོའི་གསང་སྒྲུབ་ལ། 4

 ཤུགཡུ་སྒྲོན་མ་ནག་མོའི་སྒྲུབ་ཐབས་ལ། 5

 སུགཡུ་སྒྲོན་མའི་འཕྲུལ་སྒྲུབ་ལ། 3

 ཧུདེའི་བསྐང་གསོ་དངོས་གྲུབ་འཁྱིལ་བ་ལ། 4

 ཨུརྟེན་འཛུགས་རི་རབ་ལྷུན་པོ་ལ། 5

 ཀེརྡོ་རྗེ་ལེགས་པའི་གསོལ་ཁ་ལ། 1

 ཁེགཏེར་སྲུང་སྒྲུབ་ཐབས་ལ། 1

 གེདམ་ཅན་མྱུར་མགྱོགས་ལ། 4

ངེདམ་ཅན་ནོར་སྒྲུབ་ལ། 7

ཅེདམ་ཅན་ནང་སྒྲུབ་ལ། 3

 ཆེགསང་སྒྲུབ་ཞལ་ཤེས་ལ། 4

 ཇེབསྐང་བ་མཆོད་བསྟོད་ལ། 8

 ཉེབསྐང་གསོ་དངོས་གྲུབ་ནམ་མཁའ་ལ། 55

ཏེསྟག་བཞོན་བདུན་འགྲོས་ཀྱི་མན་ངག་ལ། 24

 ཐེནོར་སྒྲུབ་སྲིད་ཞིའི་གཡང་བུམ་ལ། 8

 དེནོར་སྒྲུབ་གཏེར་དུང་གཡས་འཁྱིལ་ལ། 6 

ནེརིག་འཛིན་ནུས་ལྡན་རྡོ་རྗེའི་གཏེར་བྱོན་ཟུར་རྒྱན་ལ། 3

 པེདམ་ཅན་སྒོ་ནས་མངོན་ཤེས་སྒྲུབ་ཐབས་ལ། 5

 ཕེབླ་རྡོ་སྲོག་འཁོར་མན་ངག་ལ། 15

 བེགནས་ཡིག་མངོན་སྤྱོད་ལྡེ་མིག་ལ། 7

 མེའགྱུ་དུས་ཀྱི་མན་ངག་རྣམ་གཞག་ལ། 13

 ཙེགདབ་ལས་ཀྱི་ངར་འདོགས་རྡོ་རྗེ་ལ། 6

 ཚེའཁོན་སྦྱོང་གི་མན་ངག་ཧུབ་ལེན་ལ། 3

 ཛེབསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ལ། 6

 ཝེལས་སྦྱོར་གྱི་ཡང་ཡིག་རྒྱ་མཚོ་ལ། 8

 00686བདུན་པ།

 1རིག་པ་འཛིན་པ་བློ་བཟང་འཕྲིན་ལས་ཀྱི་རྟོགས་བརྗོད་སྐལ་བཟང་དགའ་སྟོན་ཞེས་བྱ་བར། 375

 00687བརྒྱད་པ།

 1ཡང་གསང་རྒྱ་ཅན་གྱི་ནང་ཚན་ལས་བླ་མ་བདེ་ཆེན་དབང་ཕྱུག་གི་བརྒྱུད་འདེབས་དང་དེའི་སྒྲུབ་ཐབས་ལ། 16

 2མན་ཊ་ར་བའི་བྱིན་རླབས་ཀྱི་ཆོ་ག་ལ། 7

 3རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་གི་ཡང་བཅུད་མཁའ་འགྲོ་ཡང་ཏིག་གི་དབང་ཆོག་མཐའ་ཡས་འགྲོ་ཕན་ལ། 186

 4ན་ག་རཀྵ་འོག་འདོན་མཐར་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་ལ། 44

 5གསང་བདག་དྲང་སྲོང་ལོ་ཏྲིའི་ཞི་ཁྲོའི་བསྙེན་ཡིག་ལ། 77

 6ལེགས་ལྡན་ཚོགས་རྗེ་ཆེན་པོའི་ཟོར་གྱི་ལས་མཐའ་ཐོག་མདའི་བུ་ཡུག་ལ། 11

 7གཏེར་བདག་ཆེན་པོ་རྫོང་བཙན་པའི་བསྐང་བ་རྒྱས་པ་གང་འདོད་མཆོག་རྩོལ་ལ། 13

                        མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

 ༄༅། །སླེ་ལུང་བློ་བཟང་འཕྲིན་ལས་ནི་ལྷོ་ཁ་ཟངས་རི་གཙང་སྣ་དཀར་པོ་ཞེས་ཡབ་ཀུན་དགའ་རྒྱལ་པོ་དང༌། ཡུམ་རྒྱས་ཕུར་ཚས་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་གླང་སྟེ་1697ལོ་ལ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ལ་མཚན་དགོས་དགོས་ཚོ་རིང་ཞེས་བཏགས། དགུང་ལོ་དྲུག་གི་ཐོག་གོང་ས་ཆེན་པོ་ཚངས་དབྱངས་རྒྱ་མཚོའི་དྲུང་དུ་དབུ་སྐྲ་གཙུག་ཕུད་འབུལ་བར་རྗེ་སར་བྱོན། གོང་ས་མཆོག་ནས་དབུའི་སྐྲ་ཕུད་བཞེས་པའི་བབས་འབྲེལ་འདུག་ཀྱང་ལུས་རྟེན་བསྒྱུར་བའི་འདི་རིགས་གཞན་ལ་མ་གནང་བའི་མིག་འགྲན་ཡོང་རིགས་སུ་འདུག་པས་གེར་གདུང་རིན་པོ་ཆེའི་སྐུ་མདུན་འབུལ་བཞེས་བཀའ་ཕེབས་ཀྱིས་སྐུ་ཚབ་རྩོལ་འཕྲལ་སྐྲ་ཕུད་ཕུལ་རྗེས་མཚན་བློ་བཟང་བསྟན་པ་གྲུབ་པའི་རྒྱལ་མཚན་དུ་འདོགས་པ་གནང༌། དགུང་ལོ་བཅུ་གསུམ་སྐབས་གོང་ས་དྲུག་པ་ཆེན་པོ་ཆོས་འཁོར་རྒྱལ་ཆིབས་བསྒྱུར་སྐབས་འོས་དགར་ཞལ་མཇལ་ནས། གསུང་གང་འདོད་དུ་བྱུང་བས་ཤིན་ཏུ་བསྐལ་བཟང་ཐོབ། དགུང་ལོ་བཅུ་བཞིའི་ཐོག་གཙང་དུ་ཕེབས་ནས། པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་འཕྲིན་ལས་ཞེས་ལ་རྩོ། གཞན་ཡང་ཆོས་བཀའ་མང་པོ་གསན། དེའི་ལོར་འནོ་མངའ་རིས་གྲྭ་ཚང་གི་ཆོས་སྒོར་བཞུགས། རྗེ་ངག་དབང་ཆོས་གྲྭགས་བསྟེན་ནས་བསྡུས་གྲྭ་ནས་གཞུང་ལ་སློབ་གཉེར་མཛད། དགུང་ལོ་ཉི་ཤུའི་ཐོག་མཁན་པོ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཞེ་གཅིག་པའི་ཐོག་རྗེ་ས་ནས་སླེ་ལུང་དམ་གྲོལ་གླིང་དུ་ཕེབས་ནས་འདུས་སྡེ་གསར་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་གནང༌། ཁོང་གིས་ཞོགས་དོན་ཡོད་མཁས་གྲུབ་དང་ཕུར་ལྕོག་ངག་དབང་བྱམས་པ་སོགས་བླ་མ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་གསན། དེ་ནས་དགུང་ལོ་ཉི་ཤུ་ཐམ་པའི་ཐོག་སོག་པོ་འཇུན་འགར་བའི་དུས་ཟིང་སྐབས་འོལ་དགའ་སོགས་ས་ཁུལ་ཁག་ལ་བྱོལ་ཐབས་ཀྱི་བཞུགས། དེ་རྗེས་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་དབུ་བླར་གྱུར་ནས་ང་ལུམ་སྦྱ་གསུམ་གྱི་དོན་གནད་སྐོར་རྩེར་རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་མདུན་དུ་ཕེབས་ནས་མི་དབང་གི་མགྲིན་ཚབ་པ་གནང༌། འདིར་དགུང་ལོ་ཉེར་བརྒྱད་པར་གྱི་མཛད་པ་ལས། སྐུ་ཚེ་སྨད་ཀྱི་མཛད་པ་གསལ་རྙེད་མ་བྱུང་རུང༌། བླ་མ་གཞན་ཁག་གི་མཛད་རྣམ་ནང་ཁོང་དགུང་ལོ་ལྔ་བཅུ་ལྷག་ཙམ་བཞུགས་ཡོད་པར་མངོན། འདིར་གསུང་འབུམ་པོད་བརྒྱད་བཞུགས།

 

                     རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

 

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།