མཁར་རྡོ་བཟོད་པ་རྒྱ་མཚོའམ་བློ་བཟང་སྒོམ་ཆུང་གི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 15:17:32     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

20100226180456393.jpg

པར་པོད། ཤོག་གྲངས།

645

ཀཐུབ་བསྟན་ཡོངས་སྙིང་བྱ་བཏང་བློ་བཟང་སྒོམ་ཆུང་གི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་མགུར་མ་སོགས་ལ། 45

ཁ། མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོའི་རྣམ་ཐར་ལ། 13

གབྱང་ཆུབ་ལམ་གྱི་རིམ་པ་དམར་ཁྲིད་བདེ་ལམ་གྱི་ལྷག་མཐོང་ལྟ་ཁྲིད་མ་རིག་མུན་སེལ་ལ། 18

ང་། བླ་མ་མཆོད་པའི་ཁྲིད་ཡིག་ཡིད་ཆེས་རྒྱུད་ལྡན་ཟབ་གསལ་སྙིང་པོ་ལྷན་པར་ཕྱུང་བ་ལ། 28

ཅ། ལམ་རིམ་སྔོན་འགྲོ་དེ་དོན་བསམ་པ་མདོ་ལུང་གསལ་བའི་ཉི་མ་ལ། 12

ཇ། བླང་དོར་གསལ་བའི་མུན་སེལ་ལ། 9

ཉ། རྗེར་བཅས་འགྲོ་བའི་སྐྱབས་མགོན་ཡབ་སྲས་ཟུང་ལ་ཞུ་ཡིག་གསལ་བྱེད་གཏམ་དང༌། མཁར་རྡོ་བསམ་གཏན་གླིང་གི་གང་དེའི་བྱེད་པོ་བླ་དམ་མགུར་བསྡེབས་ལ། 30

ཐ། བྱང་ཆུབ་ལམ་གྱི་རིམ་པ་བདེ་ལམ་གྱི་ཞལ་ཤེས་ལྷན་ཐབས་ལ། 23

ད། ཕ་བོང་ཁའི་དཀར་ཆག་བསྡུས་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལ། 6

པ། རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཟུར་རྒྱན་ལུང་བསྟན་རིན་ཕྲེང་ལ། 18

ཕ། གཅོད་ཀྱི་གདམས་པ་ཟབ་མོ་ཁྱེར་བདེ་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །མཁར་རྡོ་བཟོད་པ་རྒྱ་མཚོའམ་བློ་བཟང་སྒོམ་ཆུང་ནི་ཆོས་འཁོར་དཔལ་གྱི་རྗེ་ས་སྟེང་ཁང་སྦུག་ཏུ་ཡབ་སྔགས་འཆང་ངག་དབང་ཚུལ་ཁྲིམས་དང༌། ཡུམ་ཨ་ལྕེ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་ཆུ་བྱི་1672ལོ་ལ་འཁྲུངས། མཚན་ཤེས་རབ་རྒྱ་མཚོར་གསོལ། དགུང་ལོ་བཅུ་གསུམ་ལ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། སློབ་དཔོན་རྒྱལ་མཚན་དོན་གྲུབ་སར་རབ་བྱུང་བསྒྲུབས་ནས་མཚན་བཟོད་པ་རྒྱ་མཚོར་གསོལ། དགུང་ལོ་བཅུ་བཞི་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད་ནས་དགུང་ལོ་བཅུ་དགུ་བར་བཞུགས། དགུང་ལོ་ཉི་ཤུ་ཐམ་པར་སློབ་དཔོན་རྒྱལ་མཚན་དོན་གྲུབ་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་ཉེར་གཉིས་ཐོག་ཡེར་པ་དང༌། མཁར་རྡོ། འཕན་པོ་ཤར་འབུམ་པ་སོགས་ལ་ཕེབས་ནས་ལམ་རིམ་ལ་ཐུགས་གཉེར་མཛད། དེ་ནས་མཁར་རྡོའི་གནས་འདི་ཕུན་སུམ་ཚོགས་པ་ཞིག་འདུག་པས་དེར་སྒྲུབ་པ་སྙིང་པོར་བཞུགས་རྒྱུ་གཏན་འཁེལ་ནས་དཀའ་ཆེན་ངག་དབང་གྲགས་པ་དང༌། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་སོགས་བླ་མ་མང་པོ་བསྟེན། དགུང་ལོ་ཉེར་ལྔ་ལོ་ལ་ལྷོ་དྭགས་དང༌། གཙང་ཁུལ་གནས་ཆེན་ཁག་ལ་རེ་འཁོར་གྱིས་སྒྲུབ་པ་ཉམས་ལེན་གནང་བ་དང༌། འཚོ་ཆས་ཀྱི་ཐད་མེ་ཏོག་བཅུད་ལེན་ཕྱག་བཞེས་མཛད། དགུང་ལོ་སོ་ལྔ་མེ་ཁྱི་ས་ག་ཟླ་བའི་སྐབས་མཁར་རྡོ་རི་ཁྲོད་དུ་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་གནས་འདིར་སྤྱན་དྲངས། ཁོང་གི་སྐུ་ཚེ་སྨད་ཀྱི་མཛད་པ་རྣམ་ཐར་ནང་གསལ་མེད་པས་འདིར་འབྲིར་མ་སྤོབས། འདིར་གསུང་འབུམ་པོད་གཅིག་བཞུགས།

 

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།