ཁྱར་དགེ་བློ་གྲོས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 13:10:28     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

0947429804.jpg

པར་པོད། ཤོག་གྲངས།

641

1རྗེ་བཙུན་བླ་མ་དམ་པའི་རྣམ་ཐར་སྐལ་ལྡན་རེ་སྐོང་ལ། 15

2དེའི་ཟུར་འདེབས་ལ། 21

3གསང་བའི་རྣམ་ཐར་པད་དཀར་ཕྲེང་བ་སོགས་ཆོས་སྐྱོང་གི་མཛད་པ་ལ། 5

4བླ་མའི་རྣལ་འབྱོར་དང་གསོལ་འདེབས་ལ། 5

5ལྷག་རྗེ་མང་པོའི་བསྟོད་པ་ལ། 6

6སྐྱེས་བུ་གསུམ་གྱི་ལམ་རྣམ་པར་ངེས་པ་བྱ་དཀའ་བའི་མཛེས་རྒྱན་ལ། 7

7ཞལ་གདམས་མགུར་མའི་སྐོར་ལ། 7

8དགེ་ཚུལ་གྱི་བསླབ་བྱ་ལ། 22

9ལྟུང་བ་བཤགས་པའི་འགྲེལ་པ་ལ། 11

10རྗེ་འགའ་ཞིག་གི་མངོན་རྟོགས་ལ། 7

11རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ལ། 75

12དཔལ་འཁོར་ལོ་བདེ་མཆོག་གི་བསྐྱེད་རིམ་ལ། 65

13མགོན་པོ་དང་རྣམ་སྲས་ཀྱི་གཏོར་འབུལ་ལ། 5

14བསངས་ཡིག་ལྷུན་གྲུབ་མ་ལ། 10

15བསྔོ་བའི་ལེ་ཚན་ལ། 7

16གསོལ་འདེབས་དོན་གཉིས་ལྷུན་གྲུབ་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཁྱར་དགེ་བློ་གྲོས་རྒྱ་མཚོ་ནི་མདོ་སྨད་ཅོ་ནེའི་ས་ཆར་ཡབ་ཀླུ་འབུམ་ཡག་དང༌། ཡུམ་རྗེ་མོ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་སྤྱི་ལོ་1664ལ་འཁྲུངས། དགུང་ལོ་བདུན་ལ་ཀ་ཁ་སོགས་འབྲི་ཀློག་སྦྱངས། ལོ་ལྔའི་རིང་ཕྱུགས་འཚོ་ཞོར་ལ་ཡིག་རྩ་སོགས་སྦྱངས། དགུང་ལོ་བཅུ་གཅིག་ལ་བླ་མ་རི་ཁྲོད་པའི་དྲུང་དུ་རབ་བྱུང་བསྒྲུབས། མཚན་བློ་གྲོས་རྒྱ་མཚོར་གསོལ། དེ་ནས་ཅོ་ནེ་ཆོས་རྗེ་དང་མཉམ་དུ་དབུས་སུ་ཕེབས་ནས་འབྲས་སྒོ་མང་གྲྭ་ཚང་དུ་བཞུགས། གཞུང་ཆེན་མོར་ཐུགས་གཉེར་མཛད། གཙང་གནས་སུ་ཕེབས། དབུས་སུ་ཕེབས་ནས་ཕ་བོང་ཁ་པ་ངག་དབང་བསྟན་འཛིན་སར་བསྙེན་རྫོགས་བསྒྲུབས། འཇམ་དབྱངས་བཞད་པ་སོགས་བླ་མ་མང་པོ་བསྟེན། དེ་ནས་ཨ་མདོར་ཕྱིར་ཕེབས། དགོན་པ་གསར་འདེབས་སོགས་ཆོས་ཀྱི་བྱ་བ་རྒྱ་ཆེར་སྤེལ། མདོ་སྨད་དགོན་ཁག་ཡོངས་ལ་ཞབས་ཀྱིས་བཅག་དགུང་ལོ་མཐོན་པོར་ཕེབས་པ་ན་རི་ཁྲོད་དུ་འཚོ་བ་ངན་ངོན་བསྟེན་ནས་ཉམས་རྟོགས་ཁོ་ན་མཛད། དགུང་ལོ་དོན་བདུན་ཏེ་ལྕགས་སྤྲེ་1740ལོར་སྐུ་གཤེགས། འདིར་གསུང་འབུམ་པོད་གཅིག་བཞུགས།

                                        རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།