ངག་དབང་འཇམ་དབྱངས་བློ་གྲོས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2016-12-01 13:03:18     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

xin_4930508270938015149794.jpg

པར་པོད། ཤོག་གྲངས།

622ཀ་

1མི་ཏྲ་བརྒྱ་རྩའི་མངོན་དཀྱིལ་གྱི་རྣམ་བཤད་རྡོ་རྗེ་ཐེག་པའི་གནད་དོན་ཀུན་གསལ་ནོར་བུའི་མེ་ལོང་ལ། 307

2ལམ་རིམ་བསྡུས་དོན་ངག་འདོན་དང་འབྲེལ་ནས་ལམ་གྱི་རིམ་པའི་དམིགས་སྐོར་མདོར་བསྡུས་རྒྱུན་འཁྱེར་དུ་བྱ་བ་

བློ་གསལ་གཞོན་ནུའི་མགྲིན་པ་མཛེས་བྱེད་མེ་ཏོག་མགུལ་རྒྱན་ལ། 31

623ཁ་

1རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་ལ། 21

2དེའི་སྔོན་འགྲོའི་ས་ཆོག་འཇམ་དབྱངས་བླ་མའི་ཞལ་ལུང་ལ། 12

3དེའི་རབ་གནས་བསྡུས་པ་དམ་གསལ་སྒྲོན་མེ་ལ། 11

4དེའི་སྦྱིན་སྲེག་མདོར་བསྡུས་ཁྱེར་བདེ་ལ། 5

5རྡོ་རྗེ་ཕག་མོའི་མངོན་རྟོགས་ཆོག་སྒྲིག་མདོར་བསྡུས་ལ། 11

6དེའི་རས་བྲིས་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་ཚུལ་ལ། 9

7ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་ལྷན་ཐབས་ལ། 37

8ཐེག་པ་ཆེན་པོའི་བློ་སྦྱོང་དང་སེམས་བསྐྱེད་ཆོ་ག་ལ། 9

9བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལ། 7

10མན་ཊལ་འབུལ་ཞིང་གསོལ་བ་གདབ་པ་ལ། 4

11ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ་ཚུལ་ལ། 2

624ག་

1དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པའི་དབང་བཞི་ལེན་ཚུལ་ལ། 47

2འཕོ་ཁྲིད་དགའ་ལྡན་ཞིང་དུ་བགྲོད་པའི་མྱུར་ལམ་ལ། 6

3གསོལ་འདེབས་ཀྱི་སྐོར་ལ། 13

4གནས་བསྟོད་དང་མགུར་མའི་ལེ་ཚན་རྣམས་ལ། 10

5རྗེ་བཙུན་ཙོང་ཁ་པ་ཆེན་པོ་ནས་ཉེ་བར་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཚེ་ཁྲིད་མན་ངག་ཟབ་ཆོས་ལ། 4

6མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ལ་བརྟེན་པའི་ཚེ་ཁྲིད་ཀུན་ཕན་འཆི་མེད་དཔལ་སྟེར་ལ། 10

7འཇམ་དབྱངས་གསང་སྒྲུབ་ཀྱི་སྒྲུབ་ཐབས་ཡིད་བཞིན་དབང་རྒྱལ་ལ། 5

8བྷེ་ར་བའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེ་དང་བཅས་པར། 9

9འཇམ་དབྱངས་བྱ་བའི་སེང་གེའི་སྒྲུབ་ཐབས་སྒོམ་བཟླ་ས་རྗེས་གནང་གི་ཡི་གེ་དང་བཅས་ལ། 7

10དབྱངས་ཅན་མ་དམར་པོའི་སྒྲུབ་ཐབས་བློ་གྲོས་སྣང་བ་རྒྱས་བྱེད་སྐལ་བཟང་ཡིད་སྨོན་སེལ་བའི་སྒྲོན་མེ་ལ། 3

11སྒྲུབ་ཐབས་བརྒྱ་རྩ་ནས་ཁོལ་དུ་བྱུང་བ་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་ལ། 3

12ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལ། 4

13བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ཞལ་གཟིགས་རྟ་མགྲིན་གནམ་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ལས་ཚོགས་ལ། 9

14བླ་མ་དམ་པའི་ཞལ་ཤེས་ཀྱིས་བརྒྱན་པའི་འཇམ་དབྱངས་དམར་པོ་ཡབ་ཡུམ་རིལ་སྒྲུབ་ལ། 5

15དམིགས་བརྩེ་མའི་ཆར་འབེབས་བྱེད་ཚུལ་ཡོངས་འཛིན་ཞལ་ལུང་ལ། 10

16བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་བུམ་གཏེར་དང་བཅས་པ་དགོས་འདོད་ཀུན་འབྱུང་ལ། 10

17སེང་གེ་སྒྲའི་སྒྲུབ་ཐབས་ལ། 5

18རྗེ་བཙུན་སེང་གེ་སྒྲའི་གདོན་འགྲོལ་གྱི་ཆོ་ག་བདུད་སྡེ་གཡུལ་ལས་རྒྱལ་བ་གདུང་སེལ་ནོར་བུ་ལ། 18

19ཀླུ་རྒྱལ་ཝ་རུ་ནའི་གདོན་འགྲོལ་ལ། 3

20སེ་ཀུ་བྱ་ཁྱུང་དགོན་གྱི་བཅའ་ཡིག་ལ། 4

21བྱང་ཆུབ་སེམས་དཔའི་གཞུང་སྡོམ་པ་ཉི་ཤུའི་མཆན་ལ། 3

22རྩ་ལྟུང་བཅུ་བཞིའི་མཆན་ལ། 4

23ཐུན་དྲུག་རྣལ་འབྱོར་གྱི་སྙིང་པོ་ཤིན་ཏུ་བསྡུས་པ་ལ། 4

24འདུལ་བའི་བསླབ་བྱ་ཚིག་ཉུང་ངུར་དྲིལ་བ་ལ། 37

25སྔགས་ཀྱི་བསླབ་བྱ་དངོས་གྲུབ་སྙེ་མ་ལ། 25

26ལྕམ་སྲིང་གི་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་རིམ་མདོར་བསྡུས་ལ། 10

27ལྕགས་མཁར་ཟུར་དགུ་པའི་འདོན་བསྒྲིགས་རིམ་པ་ལ། 8

625བྲིས་མ་ང་

1དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་མངོན་རྟོགས་ཀྱི་དམིགས་རིམ་བརྒྱུད་ལྡན་བླ་མའི་ཞལ་གྱི་བུམ་བཟང་ལས་འོང་བ་

བློ་གསར་མཛེས་རྒྱན་ལ། 38

2དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་དང་པོའི་ཟབ་ཁྲིད་ཤིན་ཏུ་གཅེས་པའི་ཞལ་ཤེས་དང་བཅས་ཟིན་ཐོར་བཀོད་པ་

ལ། 43

3དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཞིའི་རིམ་པའི་དམིགས་ཁྲིད་ཀྱི་ཟིན་ཐོར་བཀོད་པ་ལ། 30

4དཔལ་གསང་བ་འདུས་པའི་བསྐྱེད་རིམ་ཉེར་མཁོ་གཅེས་བསྡུས་བློ་གསལ་ཀུན་ཕན་ལ། 46

5དཔལ་གསང་བ་འདུས་པའི་བསྐྱེད་རིམ་པ་དང་པོའི་སྐབས་སུ་ཉེ་བར་མཁོ་བའི་ཞལ་ཤེས་བློ་གསལ་དགའ་བསྐྱེད་ལ། 61

6རྫོགས་རིམ་སྔོན་འགྲོ་ཐུན་མོང་མ་ཡིན་པ་རྣལ་འབྱོར་རྡོར་སེམས་སྒོམ་བཟླ་ས་དང་བླ་མའི་རྣལ་འབྱོར་གཉིས་ཀྱི་ཉམས་ཁྲིད་དམ་པའི་ཞལ་ཤེས་བརྗེད་ཐོར་བཀོད་པ་ལ། 14

7རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ཟབ་ལམ་རིམ་པ་ལྔ་ཡི་དམར་ཁྲིད་དམ་པའི་གསུང་རྒྱུན་བདུད་རྩིའི་བུམ་བཟང་ལ། 16

191

8དཔལ་གསང་བ་འདུས་པའི་ཟབ་མོ་རྫོགས་རིམ་དམར་ཁྲིད་ཉམས་སུ་ལེན་ཚུལ་ལ། 14

9དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་དཀའ་བའི་གནད་ཀྱི་ཞལ་ཤེས་འགའ་ཞིག་ལ། 8

10དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་ཏ་སྲུང་བའི་འཁོར་ལོ་ལ། 10

11གྲུབ་དབང་ན་རོ་ཏ་པའི་མན་ངག་ཆོས་དྲུག་ཆེན་མོར་གྲགས་པའི་ཞལ་གདམས་ཟབ་མོ་བླ་མའི་གསུང་རྒྱུན་མདོར་བསྡུས་ཟིན་ཐོར་བཀོད་པ་ལ། 4

12བདེ་མཆོག་ལྰུ་ཨི་པའི་བསྐྱེད་རིམ་གྱི་ཟིན་ཐོ་ལ། 24

13གྲུབ་པའི་དབང་ཕྱུག་ལྰུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་རྫོགས་རིམ་ལུགས་བཟང་ཟབ་ཁྲིད་ལག་རྗེས་སྙིང་པོར་དྲིལ་བ་ལ། 30

14ལོ་མ་གྱོན་པ་རིགས་གསུམ་གྱི་སྒྲུབ་ཐབས་ས་དང༌། གཙུག་ལག་ཁང་རྟེན་དགོན་གནས་དང་བཅས་གཉེར་གཏད་ཀྱི་འཕྲིན་བཅོལ་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ངག་དབང་འཇམ་དབྱངས་བློ་གྲོས་ནི་རབ་བྱུང་བཅུ་གཅིག་པའི་ས་བྱི་1648ལོར་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་དྲུང་ནས་ཆོས་བཀའ་མང་པོ་གསན་མྱོང་བ་དང༌། ཁོང་ནི་དུས་རབས་བཅུ་བདུན་པའི་དཀྱིལ་ཙམ་དུ་སྐུ་འཚོ་བཞུགས་སུ་ཡོད་པ་ལས། མཛད་རྣམ་སོགས་ཞིབ་པ་རྙེད་སོན་མ་བྱུང་བས་འདིར་ཞིབ་ཆ་འབྲིར་མ་སྤོབས། གསུང་འབུམ་པོད་བཞི་བཞུགས།

 

                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།