ཛ་ཡ་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་གྱི་དཀར་ཆག
པར་པོད། ཤོག་གྲངས།
602དང་པོ།
1ཤྭཀ་བཙུན་བློ་བཟང་འཕྲིན་ལས་ཀྱི་ངག་དམས་ཕྱོགས་སུ་སྒྲིག་པ་ལས་རྩ་བརྒྱུད་བླ་མ་ཡོངས་འཛིན་གཞན་འགའ་ཡི་གསོལ་འདེབས་རིམ་པ་ལ། 99
2རྒྱལ་བ་ཤྰཀྱའི་རྒྱལ་པོ་དང་སངས་རྒྱས་བྱང་སེམས་ཀྱི་བསྟོད་པ་སོགས་ལ། 10
3བླ་མ་མཆོད་པའི་ཆོ་ག་དང་བླ་མའི་རྣལ་འབྱོར་སོགས་ལ། 40
4དད་ལྡན་འགའ་ཞིག་གི་བསྐུལ་བའི་སྨོན་ལམ་རིམ་པ་ལ། 25
5ངོས་ཅག་སྤྱི་བསྒྱུར་བྱེད་པའི་དུས་མཆོད་ཀྱི་རིམ་པ་ལ། 8
6ཤེར་ཕྱིན་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཤད་ལེགས་བཤད་སྒྲོན་མེ་ལ། 39
7སྤྱི་བཤད་རྒྱས་ཙམ་སྔོན་འགྲོ་བའི་པོ་ཏི་ལྔའི་ས་བཅད་ལ། 17
8རྣམ་འགྲེལ་གྱི་ལེའུ་དང་པོ་དང་ལེའུ་གཉིས་པའི་ས་བཅད་ལ། 14
9མ་ཎིའི་ཕན་ཡོན་སོགས་སྟོན་པའི་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་ལ། 22
10སྐྱེ་བ་སྔ་ཕྱིའི་བརྟག་པ་བསྟན་བཅོས་དངུལ་དཀར་མེ་ལོང་ལ། 13
11རྟེན་གསུམ་བཞེངས་པའི་དཀར་ཆག་དང་སྙན་དར་ཕུལ་བའི་སྐོར་དྲིས་ལན་རྣམས་ལ། 17
12གསེར་གྱི་ཐུར་མ་ལ་སོགས་པའི་རང་གཞན་གྲོས་འདེབས་ཀྱི་རིམ་པ་ལ། 17
13དོན་རྒྱན་སོ་ལྔའི་དཔེར་བརྗོད་ཚངས་སྲས་དགྱེས་པའི་གླུ་དབྱངས་ལ། 20
14བསྔོ་བཤད་དང་བསྔོ་བ་བསྡུས་པར། 36
603གཉིས་པ།
1རང་གིས་འཁོར་བར་སྤྱོད་ཚུལ་ཤིན་ཏུ་གསལ་བའི་སྒྲོན་མེ་ལ། 26
2ཡི་གེའི་བསྟན་བཅོས་མདོར་བསྡུས་དང་མི་ཏྲ་ཛོ་ཀིའི་རྣམ་ཐར་ལ། 9
3བསྟན་པར་ཞུགས་པའི་སྒོ་དམ་པ་དང་སྐྱབས་འགྲོའི་ཁྲིད་སོགས་འགའ་ཞིག་ལ། 20
4ཤྰཀྱའི་རྒྱལ་པོའི་སྒྲུབ་ཐབས་སོགས་རྗེ་མང་མངོན་རྟོགས་རིམ་པ་ལ། 71
5རྗེས་གནང་གི་རིམ་པ་བཀའ་བསྒོ་མདོར་བསྡུས་སོགས་ལ། 19
6འཇིགས་བྱེད་ཀྱི་སྒྲུབ་ཐབས་སོགས་གཏོར་འབུལ་འགའ་ཞིག་ལ། 37
7བཅོམ་ལྡན་འཕགས་མ་གདུགས་དཀར་གྱི་མངོན་དཀྱིལ་དངོས་གྲུབ་གཏེར་མཛོད་ལ། 20
8ཡང་གདུགས་དཀར་གྱི་བདག་མདུན་ཆོ་ག་དངོས་གྲུབ་ཆར་འབེབས་ལ། 8
9ཚེ་དབང་སྔོན་འགྲོ་སྟ་གོན་དང་དབང་བསྐུར་ཚུལ་བཤད་པ་མདོར་བསྡུས་ལ། 5
10སྤྱན་རས་གཟིགས་ཕྱག་བཞི་པའི་སྒྲུབ་དཀྱིལ་གཞན་ཕན་འོད་ཟེར་ལ། 18
11དེའི་སྦྱིན་སྲེག་ལ། 6
12བཅོམ་ལྡན་འདས་པད་མ་དབང་ཆེན་གྱི་སྒྲུབ་དཀྱིལ་གསལ་བ་ལ། 10
13ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་བསྐང་གསོ་ལ། 8
14དེའི་ལས་ཚོགས་དྲུག་གི་གདམས་ངག་ལ། 5
15ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་དཀྱིལ་མེ་ཏོག་ཕྲེང་མཛེས་ལ། 14
16རབ་ཏུ་གནས་པའི་ཆོ་ག་ལ། 8
17བསངས་དང་གསོལ་མཆོད་རྣམས་ལ། 18
604གསུམ་པ།
1ཤྰཀྱའི་བཙུན་པ་བློ་བཟང་འཕྲིན་ལས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གསལ་བའི་མེ་ལོང་ལས་
གླེགས་བམ་དང་པོར། 422
605བཞི་པ།
1ཤྰཀྱའི་བཙུན་པ་བླ་མ་བློ་བཟང་འཕྲིན་ལས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གསལ་བའི་མེ་ལོང་
ལས་གླེགས་བམ་གཉིས་པ་ལ། 445
606ལྔ་པ།
1ཤྰཀྱའི་བཙུན་པ་བློ་བཟང་འཕྲིན་ལས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གསལ་བའི་མེ་ལོང་ལས་
གླེགས་བམ་གསུམ་པ་ལ། 371
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །ཛ་ཡ་བློ་བཟང་འཕྲིན་ལས་འཁྲུངས་ཡུལ་སོག་པོ། རུས་ནི་ཆིང་གེ་རྒྱུད་ཡབ་ས་མཐར་མིང་ཅན་དང༌། ཡུམ་ཨོ་ཁི་ཏ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་1642ལོ་འཁྲུངས། དགུང་ལོ་བཞིའི་ཐོག་འདུལ་འཛིན་བློ་གྲོས་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་ལྔ་ནས་བཅུ་ཡི་བར་སློབ་དཔོན་ཤེས་རབ་རིན་ཆེན་གྱི་དྲུང་ནས་འཇིགས་བྱེད་དང༌། གདུགས་དཀར། གསང་འདུས་སོགས་ཐུགས་འཛིན་མཛད། དགུང་ལོ་ཉེར་གཅིག་ལ་དབུས་ཕྱོགས་སུ་ཕེབས་ནས་གཙང་དུ་བྱོན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསེར་ཞལ་མཇལ་ཏེ་ཆོས་འབྲེལ་
ལྗགས་ལུང་གསན། དེ་ནས་རྒྱལ་བ་ལྔ་པ་ཆེན་པོ་ཐོག་མར་མཇལ་ཞིང་དགའ་བདེས་ཚིམ། རྒྱལ་དབང་ཆེན་པོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཞུས། གླིང་སྟོད་ཞབས་དྲུང་བློ་བཟང་རྒྱ་མཚོའི་དྲུང་ནས་སྤྱོད་འཇུག་དང༌། གསོ་རིག་རྩ་རྒྱུད་ཀྱི་ལུང་ཞུས། བཀྲ་ཤིས་ལྷུན་པོར་གསར་ཞུགས་ཀྱིས་དཀའ་ཆེན་ནམ་མཁའ་བསོད་ནམས་གྲགས་པ་བསྟེན་ནས་དམ་འགྲེལ་ཡོངས་རྫོགས་ཐུགས་ལ་བཟུང་ནས་རྩོད་པ་སོགས་ལ་ཐུགས་བརྩོན་དྲུང་མཛད། དགུང་ལོ་ཉེར་གསུམ་ཐོག་པོ་ཏ་ལའི་གཟིམ་ཆུང་ཉི་འོད་འཁྱིལ་དུ་རྒྱལ་དབང་མཆོག་གི་དྲུང་ནས་བསྙེན་རྫོགས་བསྒྲུབས། མཚན་བློ་བཟང་འཕྲིན་ལས་སྩལ། དགུང་ལོ་སོ་གསུམ་ལ་རྒྱལ་བའི་དུ་སྡོམ་རྒྱུན་གསར་པ་བསྐྱར་གྲུབ་མཛད། བཀྲས་ལྷུན་དུ་སྔ་རྗེས་གཞུང་ཆེན་པོད་ལྔ་ལ་གསན་བསམ་རྒྱ་ཆེར་མཛད་རྗེས་དགུང་ལོ་སོ་བརྒྱད་ལོ་སོག་ཡུལ་དུ་ཕྱིར་ཕེབས་ནས་གདུལ་བྱ་དམས་སྨིན་པར་མཛད། རྗེ་འདིས་རྒྱལ་དབང་ལྔ་པ་ཆེན་པོ་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན། ཁྱབ་བདག་དགེ་འདུན་དོན་གྲུབ། སློབ་དཔོན་འཇམ་དབྱངས་གྲགས་པ། དགའ་ལྡན་ཁྲི་པ་བློ་བཟང་དོན་ཡོད་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གསན་བསམ་དཔྱིད་ཕྱིན་མཛད། རྗེ་ཉིད་སོགས་ཡིག་ལ་མཁས་པར་གྱུར་པས་ཆོས་བཀའ་མང་པོ་སོག་ཡིག་ཏུ་བསྒྱུར་བར་མཛད། དགུང་ལོ་རེ་བདུན་ཏེ་ས་བྱི་1708ལོ་སྐུ་གཤེགས། གསུང་འབུམ་པོད་ལྔ་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn