རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

པར་པོད། ཤོག་གྲངས།
584ཀ་
1མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་གསུང་འབུམ་ལས་གསོལ་འདེབས་སོགས་ཐོར་བུའི་སྐོར་ལ། 20
2མཁན་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་ཐོར་བུ་ལས་བཀའ་བསྒོ་བྱེད་ཚུལ་ལེ་ཚན་གསུམ་ལ། 4
3ཆོས་སྒྲུབ་པའི་བར་ཆད་ཞི་བའི་ཕྱིར་གདམས་པའི་ཤོ་ལོ་ཀ་སོགས་ལེ་ཚན་བཅོ་ལྔ་ལ། 7
4རྩ་བའི་བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་སོགས་ལེ་ཚན་ཉེར་བཞི་ལ། 16
5བསྔོ་བ་ལེ་ཚན་ལྔ་ལ། 8
6བྲུལ་གཏོར་བསྡུས་པ་ལ། 4
7ཛ་ཡ་པན་ཊི་ཏའི་བརྟན་བཞུགས་ཤོ་ལོ་ཀ་སོགས་ལེ་ཚན་བཅུ་གཉིས་ལ། 5
8ཉམས་དགར་བྲིས་པའི་ཚིགས་བཅད་སོགས་ལེ་ཚན་ལྔ་ལ། 6
9བསྔོ་བཤད་དང་བསྔོ་བ་བཅས་པ་ལེ་ཚན་དྲུག་ལ། 7
10དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་ཐབས་ཚིག་ཤིན་ཏུ་བསྡུས་པ་ལ། 8
11རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་ངག་འདོན་དུ་བྱ་བའི་རིམ་པ་ལ། 12
12གཏོར་ཆེན་དྲུག་ཅུ་པའི་ལག་ལེན་ངག་འདོན་གསལ་བར་བཀོད་པ་གནམ་ལྕགས་སྤུ་གྲི་ལ། 25
13དམ་ཅན་ཆོས་ཀྱི་རྒྱལ་པོའི་བླ་བརྒྱུད་ལ། 3
14ཆོས་རྒྱལ་ཕྱི་སྒྲུབ་ཁོ་ན་ལ་བརྟེན་པའི་ཟོར་གྱི་ཆོ་ག་ངག་འདོན་དུ་བསྒྲིགས་པ་ལ། 7
15བེག་རྩེའི་ཟོར་ཆོག་མེའི་སྤུ་གྲི་དང་བསྐང་གསོ་རྒྱས་པ་བསྟོད་བསྐུལ། ཀ་དག་མ་གཏོར་བསྔོ་ཅུང་རྒྱས་པ་ལ། 11
16ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་དང་གསོལ་ཁའི་སྐོར་ལ། 24
17རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་དངོས་གྲུབ་ཀྱི་ལྕགས་ཀྱུ་ལ། 7
18རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་དངོས་གྲུབ་བང་མཛོད་ལ། 13
19ཚེ་སྒྲུབ་ལེ་ཚན་གཉིས་ལ། 4
20གདུགས་དཀར་དང་འོད་ཟེར་ཅན་མ་སྒྲོལ་མའི་སྒྲུབ་ཐབས་རྣམས་ལ། 6
21འདུས་པའི་རྒྱུད་ལས་གསུང་བའི་ཛམ་བྷ་ལའི་གཏོར་མ་བྱ་ཚུལ། ཁ་སར་པ་ཎི་སྒྲུབ་ཐབས་སྤྱན་རས་གཟིགས་ཀྱི་གཏོར་མ། གཏོར་མ་ཆ་བཞི་རྣམས་ལ། 5
22སེང་གདོང་མའི་མངོན་རྟོགས་ཚིགས་བཅད་མ་ལ། 2
23རྟ་མགྲིན་གསང་སྒྲུབ་ཀྱི་ཞི་བའི་སྦྱིན་སྲེག་ལ། 6
24འཇམ་དབྱངས་དང་ན་རོ་མཁའ་སྤྱོད་མའི་སྒྲུབ་ཐབས། ཚེ་དཔག་མེད་བཅས་ཀྱི་སྒྲུབ་ཐབས་རྣམས་ལ། 8
25ཡུམ་ཆེན་མོའི་སྒྲུབ་ཐབས་དང་བདེ་མཆོག་དཀར་པོའི་མངོན་རྟོགས་གཏོར་འབུལ་ལ། 4
26ཁྱུང་ནག་སྒྲུབ་ཐབས་གདོན་འཇོམས་སྤུ་གྲི་ལ། 4
585ཁ་
1མཁན་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་ལས་རིགས་གསུམ་མགོན་པོ་དང༌། རྣམ་སྲས་ཀྱི་སྒྲུབ་ཐབས་བསྡུས་པ་ལ། 5
2མ་གཅིག་དཔལ་གྱི་རྗེ་མོའི་གསོལ་མཆོད་ལ། 5
3གྲུབ་རྒྱལ་མའི་ལུགས་ཀྱི་ཚེ་དབང་བསྐུར་ཚུལ་གཉིས་ལ། 13
4རྗེས་གནང་གི་སྐོར་ལ། 34
5ནམ་མཁའ་སྒོ་འབྱེད་ཀྱི་དབང་གི་ཆོ་ག་ཐར་པའི་སྒོ་འབྱེད་ལ། 7
6གཅོད་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ་བདག་འཛིན་གཅོད་པའི་རལ་གྲི་ལ། 10
7བླ་མའི་རྣལ་འབྱོར་སྐོར་ལ། 20
8ལོ་མ་གྱོན་མའི་སྒྲུབ་ཐབས་ཉེར་འཚེ་ཀུན་སེལ་བི་ཧར་མི་ཏ་ལ། 9
9རྗེ་བཙུན་སྒྲོལ་མའི་ཆོ་ག་འཆི་མེད་བདུད་རྩི་ཞེས་བྱ་བ་ལ། 19
10སྒྲོལ་མ་གཡུ་བཟློག་གི་ཆོ་ག་འཇིགས་མེད་གོ་ཆ་ལ། 12
11བརྒྱ་བཞིའི་ཆོ་ག་བདུད་ལས་རྣམ་རྒྱལ་ལ། 13
12མ་གཅིག་ཁ་འབར་མའི་གཏོར་ཆོག་འཇིགས་མེད་སྲོག་མཁར་ལ། 12
13འཆི་བ་བསླུ་བའི་ཆོ་ག་འཆི་བདག་གཡུལ་རྒྱལ་ལ། 11
14སྐྱབས་འགྲོའི་རྣམ་བཤད་ཐར་པའི་སྒོ་འབྱེད་དང༌། སྐྱབས་འགྲོའི་བཤད་པ་ཤིན་ཏུ་བསྡུས་པ་ལ། 8
15དགའ་ལྡན་བཀྲ་ཤིས་དགེ་འཕེལ་གྱི་སྔགས་ཁང་དུ་དགུ་གཏོར་སོགས་ལ་འདོན་ལུགས་ཚོགས་འདོན་སྒྲིག་ལམ་ནམ་ཡང་མི་འགྱུར་བའི་ཡི་གེར་བཀོད་པ་ལ། 8
16ལས་འབྲས་རྣམ་གཞག་གོ་བདེ་བར་བཀོད་པ་ལ། 11
17འཆི་ཁ་མ་དང་བར་དོའི་ཆོས་བཤད་བདེ་ལམ་རབ་གསལ་ལ། 5
18ཆོས་སྡེ་ཆེན་པོ་དགའ་ལྡན་བཀྲ་ཤིས་དགེ་འཕེལ་གྱི་དགེ་འདུན་རྣམས་ཀྱི་སྤང་བླང་དམས་ཚུལ་བཞིན་དུ་བགྱི་བས་ཁྲིམས་སུ་བཅའ་བ་ལ། 4
19དགའ་ལྡན་བཀྲ་ཤིས་དགེ་འཕེལ་བའི་ལས་ཚན་རྣམས་ཀྱི་ཉམས་སུ་བླང་བྱ་རགས་རིམ་ཙམ་ཡི་གེར་བཀོད་པ་ལ། 6
20པདྨ་ཡང་གསང་ཁྲོས་པའི་བསྐྱེད་རིམ་རྣམ་བཤད་པདྨ་ཞིང་གི་སྒོ་འབྱེད་ལ། 34
586ག་
1མཁན་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་ལས་བྱང་ཆུབ་ལམ་རིམ་གྱི་ཁྲིད་བློ་ཡི་མུན་སེལ་ལ། 20
2བླ་མ་མཆོད་པའི་ཁྲིད་དངོས་གྲུབ་ཀྱི་ཆར་འབེབས་ཞེས་བྱ་བ་ལ། 35
3བདེ་བ་ཅན་གྱི་འཕོ་བའི་གདམས་ངག་ལ། 4
4སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་བྱམས་མགོན་ཕོ་ཉ་ལ། 155
5བསླབ་བྱ་གཞན་ཕན་སྙིང་པོ་ཞེས་བྱ་བ་ལ། 4
6བདེ་མཆོག་གི་བླ་མའི་རྣལ་འབྱོར་བྱིན་རླབས་ཀྱི་ཆུ་འཛིན་ལ། 7
7གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་རྗེ་ལྔའི་སྒྲུབ་ཐབས་ནག་འགྲོས་སུ་བཀོད་པ་ལ། 14
8དེའི་བུམ་བསྐྱེད་དང་མདུན་བསྐྱེད་རྣམས་ལ། 8
9དེའི་བདག་འཇུག་བཀྲ་ཤིས་དང་བཅས་པ་ལ། 16
10དཔལ་འཁོར་ལོ་བདེ་མཆོག་ལུས་དཀྱིལ་གྱི་བསྐྱེད་རིམ་མཁའ་སྤྱོད་ལྡེ་མིག་ལ། 13
11རྗེ་ལྔའི་ཕྱིས་དཀྱིལ་གྱི་བསྐྱེད་རིམ་མཁའ་སྤྱོད་སྒོ་འབྱེད་ལ། 18
12རྗེ་ལྔའི་ཕྱི་དཀྱིལ་གྱི་དབང་བཤད་ལ། 18
13བདེ་མཆོག་གི་སྒོ་ནས་གཤིན་པོའི་ཆོ་ག་མཁའ་སྤྱོད་མྱུར་ལམ་ལ། 11
14རྗེ་ལྔའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་ཀྱི་ལྕགས་ཀྱུ་ལ། 19
15བདེ་མཆོག་གི་རབ་གནས་ཤིན་ཏུ་བསྡུས་པ་ལ། 6
16བདེ་མཆོག་གི་ཚོགས་འཁོར་ཆོ་ག་བདེ་ཆེན་རོལ་པ་ལ། 4
17དྲིལ་བུ་ལུས་དཀྱིལ་གྱི་ལྷན་ཐབས་ལ། 5
18རྩ་ལྟུང་རྣམ་བཤད་མདོར་བསྡུས་ལ། 5
587ང་
1མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་བསྟན་འཛིན་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་གྱི་དཀར་ཆག་ནོར་བུའི་ཕྲེང་བ་ལ། 8
2མཁན་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་ལས་བླ་མའི་གསོལ་འདེབས་དད་པའི་ལྕགས་ཀྱུ་ཞེས་བྱ་བ་ལ། 4
3རྩིས་གཞུང་བླང་དོར་གསལ་བའི་འོད་ཟེར་ལ། 30
4འབྲས་རྩིས་ལེགས་བཤད་ཀུན་འདུས་ལ། 38
5རྟག་ལོངས་སོགས་རེའུ་མིག་ལ། 11
6དཔལ་རྡོ་རྗེ་གདན་བཞིའི་བདག་གདན་གྱི་སྐབས་ནས་ཕྱུང་པ་གྲུབ་རྩིས་སོགས་རྩིས་ཀྱི་ལག་ལེན་གསལ་བར་བཀོད་པ་ལ། 107
རྩིས་གཞུང་མུན་སེལ་སྒྲོན་མེ་ལ། 8
8གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་ཁྲིད་འཆི་མེད་དཔལ་སྟེར་ལ། 13
9རིགས་ལྡན་དོགས་གཅོད་ལ། 6
10གསོལ་འདེབས་དགེ་ལེགས་ཚོགས་གཉིས་མ་དང༌། བདག་ཉིད་ཀྱི་སྤྱོད་ཚུལ་མདོར་བསྡུས་ལ། 6
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱལ་མཚན་ནི་རབ་བྱུང་བཅུ་གཅིག་པའི་ས་ཡོས་སྤྱི་ལོ་1639ལོར་སོག་པོའི་དཔོན་རིགས་ཀྱི་དུད་ཚང་ཞིག་ཏུ་འཁྲུངས། དགུང་ལོ་ལྔ་ཐོག་ནམ་མཁའ་བསོད་ནམས་གྲགས་པའི་མདུན་དབང་ཞུས། མཚན་ཆོས་ཀྱི་རྡོ་རྗེ་གསོལ། དགུང་ལོ་དྲུག་པར་རྗེ་བློ་བཟང་ཡར་འཕེལ་བསྟེན་ནས་ཀློག་དང་སྦྱོར་སྡེབ་བློ་འཛིན་གནང༌། དགུང་ལོ་བདུན་ལ་བློ་བཟང་ཡར་འཕེལ་དྲུང་དགེ་བསྙེན་བསྒྲུབས། མཚན་བློ་བཟང་བསྟན་འཛིན་རྒྱལ་མཚན་ཞེས་གསོལ། སྐབས་དེར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཁོང་གྲུབ་ཆེན་རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་སྐུ་སྐྱེར་ངོས་འཛིན་མཛད། དེ་ནས་ཆོས་རྒྱལ་འཕྲིན་ལས་རྒྱ་མཚོ་བླ་མར་བསྟེན་ནས་དབང་ལུང་ཁྲིད་སོགས་གསན། འཕན་ཡུལ་སྨན་པ་ཀུན་དགའ་བྱང་ཆུབ་ས་ནས་གསོ་རིག་དང༌། སྐར་རྩིས། སོག་ཡིག་སོགས་གསན་བཞེས་གནང༌། དེ་ནས་དབུས་གཙང་དུ་ཕེབས། འབྲས་སྤུངས་སུ་རྒྱལ་བ་ལྔ་པ་དང་མཇལ་ཞིང༌། འཇིགས་བྱེད་སོགས་ཀྱི་ཆོས་གསན། དེ་ནས་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་ཁག་ལ་གནས་མཇལ་མཛད། བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་དང་མཇལ། བཀྲ་ཤིས་ལྷུན་པོ་རྒྱུད་པ་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གསན་སྦྱོང་མཛད། དགུང་ལོ་ཉི་ཤུ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་དུ་བསྙེན་རྫོགས་བསྒྲུབས། དེ་ནས་སོག་ཡུལ་དུ་ཕེབས་ནས་དགོན་གསར་བཀྲ་ཤིས་དགེ་འཕེལ་གླིང་དུ་བཞུགས། བསྟན་བཅོས་འགའ་ཞིག་བརྩམས། དགུང་གྲངས་ལྔ་བཅུ་རྩ་གྲངས་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས། འདིར་གསུང་འབུམ་པོད་བཞི་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn