པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 23:34:09     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

xin_4930508270938015149794.jpg

 

པར་པོད།ཤོག་གྲངས།

545 དང་པོ།

1 ཤེས་རབ་ཀྱི་ཕ་རོལ་དུཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་

སྙིང་པོ་རྒྱན་གྱི་དོན་ལེགས་པར་བཤད་པ་ཡུམ་དོན་གསལ་བའི་སྒྲོན་མེ་ལ།211

2 དོན་བདུན་ཅུ་ལ། 18

3 ཕར་ཕྱིན་དང༌།དབུ་མའི་སྤྱི་ཐལ་སོགས་ཀྱི་དོགས་གནད་འགའ་ཞིག་ལས་བརྩམས་པའི་དྲིས་ལན་ལ། 20

4 དྲང་ངེས་མ་འབྱེད་ཀྱི་ལོགས་པར་བཤད་པའི་སྙིང་པོ་ལ། 59

5 ཆོས་མངོན་པ་ཀུན་བཏུས་ཀྱི་དཀའ་བའི་གནད་གྲོལ་བའི་དཀའ་འགྲེལ་མཁས་པའི་ཡིད་འཕྲོག་ལ། 42

6 དགེ་འདུན་ཉི་ཤུའི་མཐའ་དཔྱོད་ལ། 81

546 གཉིས་པ།

1 བུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ་ལ། 91

2 བུ་མ་ལ་འཇུག་པའི་བརྒྱལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ་ལ།69

3 ལྟ་བའི་ཁྲིད་ཡིག་བསྡུས་པ་འཇམ་དཔལ་ཞལ་ལུང་ལ། 5

4 ལྟ་བའི་ཁྲིད་ཡིག་དེ་ཉིད་གསལ་བྱེད་ལ། 18

547 སུམ་པ།

1 ཚད་མ་རྣམ་འགྲེལགྱི་ཚད་མ་གྲུབ་པའི་ལེའུའི་རྣམ་པར་བཤད་པ་དཀའ་འགྲེལ་དགོངས་པ་རབ་གསལ་ལ། 42 2

ལེའུ་གསུམ་པའི་རྣམ་བཤད་ལ། 115

3 ལེའུ་བཞི་པའི་རྣམ་བཤད་ལ། 84

4 རང་དོན་ལེའུ་ལ། 117

548 བཞི་པ།

ཀ སོ་ཐར་ཚུལ་ཁྲིམས་པད་ཚལ་རྒྱས་བྱེད་འདུལ་བའི་ལེགས་བཤད་ལུང་རིགས་ཀྱི་ཉི་མ་ལས་རབ་བྱུང་གི་གཞི་དང་

མ་འབྱེད་ཀྱི་འགྲེལ་པ་ལ།88

ཁ།ཞུ་བ་སྤྱིར་བསྟན་གྱི་འགྲེལ་པ་ལ། 20

ག གཞི་བཅུདྲུག་གི་འགྲེལ་པ་ལ། 58

549 ལྔ་པ།

1 ཆོས་མངོན་པ་མཛད་ཀྱི་དགོངས་པ་ལེགས་པར་བཤད་པ་ཤེས་བྱ་རབ་གསལ་མཛད་གནས་བདུན་ལ། 186

550 དྲུག་པ།

1 རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་གཞག་མཁས་པའི་ཡིད་འཕྲོག་ལ། 65

2 རྫོགས་རིམ་ཐར་ལམ་སྒྲོན་མེ་མཁས་པའི་ཡིད་འཕྲོག་ལ། 81

3 བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛས་རྒྱན་ལ།103

4 སྟན་རྩིས་རིན་པོ་ཆེའི་ཕྲེང་བ་ལ།

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །པཎ་ཆེན་བསོད་ནམས་གྲགས་པ་ནི་ལྷོ་ཁ་རྩེད་ཐང་དུ་ནང་བར་ལམ་པའི་སྲས་སུ་རབ་བྱུང་བརྒྱད་པའི་ས་ཁྱི་1478 ལ་འཁྲུངས།སྐུ་གཞོན་ནུའི་དུས་ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་ཏུབྱུང་སྟེ་མཚན་བསོད་ནམས་གྲགས་པའི་དཔལ་ཞེས་གསོལ།རྩེད་ཐང་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་ལ་གསན་བསམ་མཛད།ཚད་མའི་དོགས་གཅོད་ཞུ་བ་དང་སྦྲགས་གཡའ་བཟང་དུ་ཕེབས་ཏེ་ཆོས་རྗེ་དྭགས་པོ་རབ་འབྱམས་པ་སོགས་བསྟེན་ནས་ལོ་ཤས་རིང་གཞུང་དང༌།རིག་གནས་སོགས་ལ་གསན་སྦྱོང་མཛད།དགུང་ལོ་བཅུདྲུག་ལ་སེ་རར་ཆོས་ཞུགས་མཛད།ཆོས་རྗེ་དོན་ཡོད་དཔལ་ལྡན་དགེ་རྒྱན་དུ་བསྟེན་ནས་དགུང་ལོ་ཉེར་བདུན་པར་གཞུང་ཆེན་གསན་བསམ་མཛད།དགུང་ལོ་སུམ་ཅུ་ལ་རྩེད་ཐང་ཆོས་གྲྭར་རབ་འབྱམས་པའི་གྲྭ་བསྐོར་མཛད།དགུང་ལོ་སོ་གཅིག་ལ་རྒྱུད་སྟོད་དུ་ཆོས་ཞུགས་མཛད་ནས་རྗེ་ཆོས་ལྡན་བློ་གྲོས་ཀྱི་དྲུང་དུ་གསང་སྔགས་ཀྱི་ཆོས་མང་དུ་གསན།དགུང་ལོ་སོ་བཞི་ལོར་རྒྱུད་སྟོད་ཀྱི་ཁྲིར་ཕེབས།ཁོང་གི་དུས་སྟོད་རྒྱུད་དང་སྨད་རྒྱུད་ཅེས་འགྲན་པ་བཞིན་གནས་པ་རྗེའི་ཕྱག་རྗེས་ཡིན།ད་དུང་ཁོང་དགུང་ལོ་སོ་དྲུག་ནས་དབུ་བཙུགས་ཏེ་གསང་འདུས་བསྐྱེད་རྫོགས་དང༌།ཕར་ཕྱིན།དབུ་མའི་སྤྱི་དོན།འདུལ་བའི་རྣམ་བཤད།མཛད་ིཀ་ཆོས་འབྱུང་སོགས་སྔརྟིང་གིས་ལྗགསརྩོམ་གནང༌།དགུང་ལོ་ཞེ་བདུན་ལ་རྒྱུད་ཀྱི་ཁྲི་བཤོལ།དགུང་ལོ་ཞེ་བརྒྱད་ནས་རྩ་བའི་བླ་མ་རྒྱལ་བ་དགེ་འདུན་རྒྱ་མཚའི་བཀའ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་མཁན་ཁྲིར་ལོ་ལྔ་བཞུགས།གུང་ལོ་ང་གཉིས་ལོ་དགའ་ལྡན་ཁྲི་པ་གདན་རབས་བཅོ་ལྔ་པའི་ཁྲིར་ཕེབས།དགུང་ལོ་ང་བརྒྱད་བར་ཁྲི་བསྐྱངས།དགུང་ལོ་རེ་དྲུག་ལོ་འབྲས་སྤུངས་ཀྱི་ཁྲི་པ་མཛད།དེ་ནས་སེ་ར་དང་སྐྱོར་ལུང་དགོན་གྱི་མཁན་ཁྲི་ཡང་མཛད།དགུང་ལོ་དོན་གསུམ་པར་རྒྱལ་བ་དགེ་འདུན་རྒྱ་མཚའི་ཡང་སྲིད་ངོས་འཛན་གནང་བ་དང༌།རབ་བྱུང་གི་མཁན་པོ་ཡང་མཛད།དགུང་ལོ་དོན་བདུན་ཏེ་ཤིང་སྟག་1554 ལ་སྐུ་གཤེགས།འདིར་གསུང་འབུམ་པོད་དྲུག་བཞུགས།

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།