རྗེ་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་གསུང་འབུམ་གྱི་དཀར་ཆག
རྗེ་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་གསུང་འབུམ་གྱི་དཀར་ཆག
པར་པོད།ཤོག་གྲངས།
534 དང་པོ།
1 ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་གཞུང་འགྲེལ་ལ། 95
2 རྩེད་ཐང་དགེ་བཤེས་ཀྱི་དྲི་ལན་འཇམ་དབྱངས་བླ་མའི་ཐུགས་བཅུད་དྲི་མེད་རིགས་པའི་གསང་ལམ་ལ། 12
3 ཤེས་རབ་སྙིང་པོའི་རྣམ་པར་བཤད་པ་ཚིག་དོན་རབ་ཏུ་གསལ་བྱེད་ལ། 6
4 རྒྱུ་དང་འབྲས་བུའི་ས་ལམ་གྱི་རྣམ་པར་གཞག་པ་ལས་བརྩམས་ཏེ་གཏམ་དུ་བྱ་བའི་རབ་ཏུ་བྱེད་པ་ཐེག་མཆོག་ལྷུན་པོ་ལ། 39
5 རྟེན་འབྲེལ་གྱི་རྣམ་བཤད་ཐར་པའི་ཐེམ་སྐས་ལ། 23
6 དུས་ཚིགས་ཀྱི་དཀའ་བའི་གནས་ལ་དོགས་པ་དཔྱད་པ་དུས་ཚིགས་བརྒྱལ་ལན་ལ། 28
7 ཛི་ཏ་རིའི་ལུགས་རྗེ་བཙུན་རྣམ་རྒྱལ་མའི་སྒྲུབ་ཐབས་ལ། 8
8 ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་གཞུང་འགྲེལ་ཀུན་བཟང་མཆོད་སྤྲིན་ལ། 87
9 མཁས་པའི་འཇུག་སྒོ་བསྡུས་པ་ཐུན་མོང་བའི་རབ་ཏུ་བྱེད་པ་ཤེས་བྱ་ཀུན་གསལ་ལ། 23
10 ཐེག་པ་གསུམ་གྱི་དགེ་འདུན་གྱི་རྣམ་པར་གཞག་པ་བྱ་བའི་རྒྱན་ལ། 46
535 གཉིས་པ།
1 དབུ་མ་རྩ་བའི་ཚིག་ལེའུར་བྱས་པའི་གཞུང་འགྲེལ་རིག་པའི་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ལ། 82
2 དབུ་མ་ལ་འཇུག་པའི་གཞུང་འགྲེལ་དགོངས་པ་རབ་གསལ་ལ། 57
3 ལྟ་བ་ངན་པ་ཐམས་ཅད་ཚར་གཅོད་པའི་བསྟན་བཅོས་གནམ་ལྕགས་འཁོར་ལོ་ཞེས་བྱ་བ་གོ་བོ་བསོད་ནམས་སེང་
གེ་ཞེས་བྱ་བའི་དགེ་བའི་བཤེས་གཉེན་ལ་གདམས་པ་ལ། 57
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །རྗེ་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་ནི་རབ་བྱུང་བདུན་པའི་ས་བྱ་1429 ལོ་ལ་ཚལ་གུང་ཐང་དུ་འཁྲུངས།སྐུ་གཞོན་དུས་གསང་ཕུར་ཆོས་ཞུགས་ཀྱིས་གུང་རུ་ཆོས་བློ་དང༌།སློབ་དཔོན་དཔལ་བློ་བ་ལ་ཕར་ཚད་གསན།སློབ་དཔོན་གནས་བརྟན་ལ་འདུལ་བ་དང༌།མངོན་པ་གསན།བ་སོ་ཆོས་རྗེའི་ས་ནས་གསང་སྔགས་སྐོར་གསན་ནས་མཁས་པ་ཆེན་པོར་གྱུར།དགུང་ལོ་ཉེར་ལྔའི་ལོ་གསང་ཕུ་ར་བ་སྨད་པའི་འཆད་ཉན་མཛད།དེ་ནས་མདོ་ཁམས་སུ་ཕེབས། དེ་ནས་ཕྱིར་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་གི་འཆད་ཉན་ལོ་ཉི་ཤུ་ལྷག་ཙམ་མཛད།དགུང་ལོ་རེ་ལྔ་ཆུ་གླང་ལ་འབྲས་སྤུངས་ཀྱི་ཁྲིར་ཕེབས།གཞུང་ཆེན་མོའི་བཤད་པ་གཙོ་བོ་མཛད།སྣེའུ་པས་སྤྱིན་བདག་མཛད་ནས་འབྲས་སྤུངས་ཀྱི་བྱམས་ཆེན་གྱི་སྐུ་བཞེངས།དགུང་ལོ་དོན་ལྔ་ཆུ་ཕག་1503 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་གཉིས་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn