མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག
མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག
པར་པོད།ཤོག་གྲངས།
530 ཀ་
ཀ ལེགས་པར་བཤད་པ་པདྨ་དཀར་པོའི་ཞལ་ལུང་ལ། 245
ཁ།ལེགས་པར་བཤད་པ་པདྨ་དཀར་པོའི་ཞལ་ལུང་ལས་རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ་ལ། 31
ག ཞལ་ལུང་ལས་གཟའ་དམས་སྟོང་པ་ལ་འཇུག་པའི་ལྷན་ཐབས་བློ་གསལ་ཡིད་ཀྱི་མུན་སེལ་ལ། 22
ང་།ཞལ་ལུང་ལས་རྩིས་ལ་ལོག་རྟོག་ཀུན་སེལ་སྒྲོན་མེ་ལ། 31
ཅ།ཞལ་ལུང་ལས་དུས་བཞི་གཡོན་སྐོར་བ་འགོག་ཅིང་གཡས་སྐོར་སྒྲུབ་པར་བྱེད་པའི་བསྟན་བཅོས་གཡས་སྐོར་རབ་ཏུ་གསལ་པའི་སྒྲོན་མེ་ལ། 22
ཆ།ཞལ་ལུང་ལས་གཟའ་ཉིའི་སྤྱི་ནོར་གསལ་བ་བྱེད་པའི་སྒྲོན་མེ་ལ། 6
ཇ།ཞལ་ལུང་ལས་ས་དུམ་བུ་བཅུ་གཉིས་སུ་དབྱར་དགུན་གྱི་ཉི་སྡོག་གསལ་བར་བྱེད་པ་ལ། 10
ཉ།ཞལ་ལུང་ལས་ཉི་ཤུ་བཅོ་ལྔ་འཆར་པའི་ས་ཆ་གང་ཡིན་པྱད་པ་ལ། 5
ཏ།ཞལ་ལུང་ལས་གི་ལས་དུས་བཞི་གཡས་སྐོར་དག་པའི་ཡི་གེ་ལ། 5
ཐ།ཞལ་ལུང་གི་ལྷན་ཐབས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 14
ད།ཞལ་ལུང་ལས་བྱེད་པ་དང་གྲུབ་མཐའི་རྩིས་ཀྱི་ཚུལ་དལ་པར་འབྱེད་པ་རྩིས་ལ་མུན་པ་སེལ་པའི་སྒྲོན་མེ་ལ། 15
ན།ཞལ་ལུང་ལས་རང་ལུགས་རྣམ་པར་དག་པའི་བསྟན་རྩིས་དང༌།རྒྱུད་ཀྱི་དངོས་བསྟེན་ཉུང་ངུའི་བྱེད་པ་མདོ་ཙམ་བཤད་པའི་ལེགས་བཤད་མཛེས་རྒྱན་ལ། 23
531 ཁ་
1དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གསལ་བར་བྱེད་པ་དྲི་མེད་འོད་ཀྱི་རྒྱན་ཞེས་བྱ་བ་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པ་ལ། 319
532 ག་
1དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་དོན་གསལ་བར་བྱེད་པའི་སྒྲོན་མེ་ལ། 180
2 རིམ་པ་ལྔའི་དོན་ཡང་གསལ་སྒྲོན་མེ་ལ། 83
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །མཁས་གྲུབ་ནོར་བཟང་རྒྱ་མཚོ་ནི་གཙང་རྟ་ནག་ཏུ་ཡབ་ནམ་མཁའ་དཔལ་བཟང་དང༌།ཡུམ་ཆོས་སྐྱབས་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པ་ཆུ་ཡོས་1423 ལ་འཁྲུངས།དགུང་ལོ་བཅུ་གསུམ་ཐོག་བྲག་དམར་ཆོས་སྡིང་དུ་ཆོས་རྗེ་བློ་གྲོས་མགོན་པོའི་དྲུང་དུ་དགེ་ཚུལ་བསྒྲུབས།རི་ཁུད་ཆོས་སྡེར་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།ཡོན་བདག་དཀར་པོ་དགེ་སྦྱོང་གིས་གདན་དྲངས་པ་ལྟར་རྗེ་ཤེས་རབ་སེང་གེ་དང༌།རྗེ་དགེ་འདུན་གྲུབ་པ།འདུལ་འཛིན་བློ་གྲོས་སྦས་པ་སོགས་རི་ཁུད་ཆོས་སྡེར་ཕེབས་སྐབས་རྗེ་འདིས་བླ་མ་དམས་དང་མཇལ་ནས་ཆོས་ཀྱང་ཞུས།དེ་ནས་དབུས་སུ་ཕེབས་ནས་གྲྭ་ཚང་ཆེན་མོ་སོགས་ལ་སློབ་གཉེར་དུ་བྱོན་ཏེ་གཞུང་ལུགས་ལ་སྤྱངས་པས་རིང་པོར་མི་ཐོགས་པར་རིགས་ལམ་ལ་མཁས་པར་གྱུར།དེ་ནས་འཆུམས་བདེ་ཆེན་དང༌།ཆོས་འཁོར་སྒང་སོགས་སུ་བྱོན་ནས་ཀུན་མཁྱེན་ཤེས་རབ་རིན་ཆེན་སོགས་བསྟེན་ནས་གཞུང་ལུགས་ལ་ཐོས་བསམ་རྒྱ་ཆེ་གནང༌།དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་རྒྱལ་བ་དགེ་འདུན་གྲུབ་པ་བསྟེན་ནས་ལམ་རིམ་དང༌།ཕར་ཕྱིན།དབུ་མ།འདུལ་བ།མངོན་པ་སོགས་ཞིབ་ཏུ་སྤྱངས།ལྷག་པར་ཚད་མ་རྣམ་འགྲེལ་སྤྱངས་པ་མཐར་ནན་གནང་ནས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པར་གྱུར།རྗེ་བློ་གྲོས་ཆོས་སྐྱོང་གི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་སོ་བདུན་ལ་འོལ་ཁ་རིན་ཆེན་སྒང་དུ་ཕེབས་ནས་ཆོས་རྗེ་གྲགས་པ་ལ་ཆོས་མང་དུ་གསན།འོལ་ཁ་ཆོས་ལུང༌།རྒྱ་སོག་ཕུ་དང༌།རྗེ་སྡིང་སོགས་རྗེ་ཙོང་ཁ་པའི་སྒྲུབ་གནསརྣམས་སུ་ལོ་བཞི་བཅུའི་རིང་སྒྲུབ་པ་རྩེ་གཅིག་ཏུ་མཛད་ནས་རིམ་ལྔ་དང༌།སྦྱོར་དྲུག་སོགས་བླ་མེད་ཀྱི་ལམ་རིམ་གཉིས་ལ་མྱོང་བ་ཕུལ་ཕྱིན་དུ་གྱུར།འཇམ་མགོན་བླ་མའི་མན་ངག་ལ་བརྟེན་ནས་ཟུང་འཇུག་སྒྲུབ་སྟེ་མཐར་དགུང་ལོ་གོ་གཅིག་ཆུ་བྱ་1513 ལ་གཤེགས།གསུང་འབུམ་པོད་གསུམ་བཞུགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn