སྐུ་ཕྲེང་བརྫུན་མ་བཟོས་ན་བླ་མ་དེར་ཕན་པ་ལས་གནོད་པ་ཆེ།
ཡོང་ཁུངས། ངེད་དགེ་ལུགས་དྲ་བ། སྤེལ་དུས། 2026-05-05 06:58:21
རྩོམ་པ་པོ། ཤེས་རབ་བསྟན་དར། ཀློག་ཐེངས།
སྤྲུལ་སྐུ་ནི་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡིན། དེས་བོད་ཀྱི་ཆོས་སྲིད་རིག་གནས་གང་ལའང་དངོས་དང་བརྒྱུད་པའི་སྒོ་ནས་ཕན་པ་རྒྱ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།
སྤྲུལ་སྐུ་ངོས་འཛིན་གྱི་བསྟན་པ་དང་འགྲོ་བའི་དོན་དུ་ཡིན། དེ་བས་ང་ཚོས་སྤྲུལ་སྐུ་ངོས་འཛིན་ལ་ལྟ་སྟངས་ཡང་དག་པ་ཞིག་འཛིན་དགོས་ལ། སྤྲུལ་སྐུ་རྣམས་ཀྱིས་ཀྱང་ད་ལྟ་ཡང་དག་པ་ཞིག་འཛིན་དགོས།
ད་ལྟ་སྤྲུལ་སྐུ་དག་ལའང་དཀའ་ངལ་ཆེན་པོ་ཞིག་འབྱུང་བཞིན་ཡོད། དེ་དག་ལས་ཆེས་ཆེ་བའི་དཀའ་ངལ་ནི་སྤྲུལ་སྐུ་སྐྱོང་བའི་དཀའ་ངལ་རེད། སྤྲུལ་སྐུ་ལེགས་པོ་མ་བསྐྱངས་ན་སྤྲུལ་སྐུ་དེ་ཉིད་ཀྱིས་བསྟན་པ་དང་འགྲོ་བའི་དོན་ཕར་ཞོག རང་གི་མི་ཚེའང་ལེགས་པོ་ཞིག་མི་འཁྱོང་།
ད་ལྟ་སྤྲུལ་སྐུ་ཚོར་གནད་དོན་ཆེན་པོ་ཞིག་ཡོད་པ་ནི་སྐུ་ཕྲེང་བརྫུན་མ་བཟོ་བ་དང་དགོན་བདག་རྩོད་པ། སྐྱེས་ཆེན་དམ་པའི་སྤུལ་སྐུ་ཡིན་པར་རྩོད་པ་བཅས་རེད། དེ་དག་ནི་ཆབ་སྲིད་ཡིན་པ་ལས་ཆོས་མིན་ལ། སྤྲུལ་སྐུ་ཆབ་སྲིད་དུ་བསྒྱུར་བ་དེས་སྤྲུལ་སྐུ་དེར་ཕན་པ་ལས་གནོད་པ་ཆེ་ཞིང་། ལྷག་པར་བསྟན་པ་དང་འགྲོ་བའི་དོན་དུ་ཕན་པ་ལས་གནོད་པ་ཆེ།
དེ་དག་གང་སར་ཡོད་དེ།དགོན་པ་ལ་ལ་ན་དགོན་བདག་སུ་ཡིན་བཤད་མི་རུང་བ་དང་། ཨ་ལགས་ལ་ལར་སྐུ་ཕྲེང་མི་འདྲ་བ་དུ་མ་ཡོད་ཅིང་། སྐུ་ཕྲེང་ཇེ་རིང་དུ་གཏོང་། དེ་ནི་དམ་པ་གོང་མའི་ཞབས་འདྲེན་དུ་གྱུར་པ་ལས་གཞན་གང ་ཡང་མིན།
ངས་སྤྲུལ་སྐུ་དག་གི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་ལ་དཔྱད་པའི་སྐབས་སུ་ལོ་བཅུའི་ནང་དུ་སྤྲུལ་སྐུ་གསུམ་རེའི་མཚན་ཐོ་བཀོད་ཡོད་ལ། སྐུ་ཕྲེང་སྔ་མ་མ་འཁྲུངས་གོང་དུ་ཕྱིས་ན་འགའ་བྱུང་བའི་ཚུལ་ཡང་བཀོད་ཡོད་པ་མཐོང་། ཡང་ཐུགས་ཐག་གཅོད་དུས་སྐུ་ཕྲེང་བཞི་ལྔ་ཙམ་ལས་མེད་མོད། རྗེས་སུ་བཅུ་བཞི་བཅོ་ལྔ་ཙམ་བཀོད་པ་མཐོང་།
ལྷག་པར་དགོན་བདག་ཡིན་པ་ལ་ག་གེ་གོའི་སྤྲུལ་སྐུ་ཡིན་ཞེས་བསྒྱུར་བའང་རེ་གཉིས་མཐོང་། ལ་ལས་སྐུ་ཕྲེང་རིམ་བཞིན་དེ་ངག་རྒྱུན་ཙམ་ལ་བརྟེན་ཞིང་། རྒན་པོ་ཤོབ་རྐྱལ་འགས་གང་འདོད་དུ་བཤད་པ་ལས་ལོ་རྒྱུས་རྣམ་ཐར་ལ་བསྟུན་ཐབས་མེད་པ་མང་།
ལོ་རྒྱུས་འབྲི་མཁན་དག་གིས་ཀྱང་དཔྱད་པ་ཅི་ཡང་མི་བྱེད་པར་ཆུ་སྣ་གར་ཁྲིད་དང་བླུན་པོའི་ངག་རྒྱུན་དང་ཆབ་སྲིད་ཀྱི་གཡོ་ཐབས་སྣ་ཚོགས་འབྲི་བཞིན་ཡོད་དེ། དེ་དག་ནི་ལོ་རྒྱུས་སྨྲ་བའི་གད་སྙིགས་ཡིན་ཞིང་། ལྷག་པར་ཉེས་པ་ཆེ་བ་ནི་དེ་དག་གིས་སྤྲུལ་སྐུའི་རྩོད་པ་གསར་བ་ཞིག་སློང་བའི་དཔུང་རྒྱབ་བྱེད་པ་རེད།
དེ་དག་ཕན་མི་ཐོགས་པའི་ཁར་སྤྲུལ་རང་དང་མི་རིགས་བཅས་རང་གཞན་ཀུན་ལ་གནོད་པའི་བྱ་སྤྱོད་ཅིག་རེད།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།