རྗེ་དཔལ་ལྡན་རྒྱ་མཚོའི་འཇིགས་བྱེད་དཔའ་བོ་གཅིག་པའི་སྨིན་བྱེད་དབང་གི་སྔོན་འགྲོའི་གསུང་བཤད་ཟིན་བྲིས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-08-09 21:00:49     རྩོམ་པ་པོ།   བན་ཤུལ་བྱམས་པ་རྒྱ་མཚོས་ཟིན་བྲི    ཀློག་ཐེངས།  

འཇིགས་བྱེད་དཔའ་བོ་གཅིག་པའི་སྨིན་བྱེད་དབང་གི་སྔོན་འགྲོའི་གསུང་བཤད་ཟིན་བྲིས།

༄༅༎འོ་ལགས་སོ།།འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས།ལན་གཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།།ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས།།ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ།།རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།།ཞེས་གསུངས་པ་ལྟར།རང་ཅག་རྣམས་ལ་ད་རེས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་ཆོས་བཅོ་བརྒྱད་དེ་རང་ཉིད་གཅིག་པུ་ལ་ཚང་བ་ཡིན་པ་དང་།དེ་ལྟ་བུའི་རང་ཉིད་གཅིག་པུ་ལ་ཚང་བ་དེ་ཉིདལ་དགའ་བ་སྒོམ་དགོས་པ་ཡིན།དལ་བ་བརྒྱད་པོ་དེ་ཉིད།མགོན་པོ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས།ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང།། ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་།། རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ།། ཀླ་ཀློར་སྐྱེ་བ་གླེན་ཞིང་ལྐུགས་པ་ཉིད།། ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི།། སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ།། དེ་དག་དང་བྲལ་ཁོམ་པ་རྙེ་ནས་ནི།། སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད།། ཅེས་གསུངས་པ་དེ་འདྲ་རེད། དེའི་རྒྱུ་མཚན་གྱིས་མི་མ་ཡིན་པའི་མི་ཁོམ་པ་བཞི་དང་། དེ་ལྟ་བུའི་དལ་བ་བརྒྱད་པོ་རང་ལ་ཚང་བ་ཡིན་པ་དང་། དེ་ལྟ་བུཚང་བ་བྱེད་ན་རང་གི་བྱ་བ་ལས་རྒྱུ་ཐམས་ཅད་ལ་བསམ་ན།འོ་སྐོལ་གྱིས་ཚེ་འདིས་བྱ་བ་བསྒྲུབས་ཏེ། དགའ་དགའ་སྤྲོ་སྐྱིད།མཚན་སྙན་གྲགས། སོགས་ཀྱི་ཆེད་དུ་སོང་སྟེ་མི་ཚེ་བདའ་བ་བྱས་པ་རེད། དེ་ཐམས་ཅད་ལ་ཆོས་སྒྲུབ་པ་ཡིན་ཞེས་དེ་འདྲའི་ཆོས་ཀྱི་དོན་དུ་ལས་ཀ་བྱས་པ་མ་བོ་ཡོད་མོད་ཀྱི་ཆོས་རྣམ་པར་དག་པ་མ་ཡིན་པ་དང་།ཡང་འབྱོར་བ་བཅུ་བོ་འདི་ཉིད་གང་རེད་ཞེ་ན།འཕགས་པ་ཐོགས་མེད་ཀྱིས།མི་ཉིད་དབུས་སྐྱེས་དབང་བོ་ཚང་།།ལས་མཐའ་མ་ལོག་གནས་ལ་དད།།ཅེས་གསུངས།འབྱོར་བ་བཅུ་བོ་ལ་སོགས་པ་འཕགས་པ་ཐོགས་མེད་ཀྱི་ཉན་ས་ལས་གསུངས་པ་ཡིན་པས་དེ་ཡང་རང་ལ་ཚང་འདུག་པ་འདི་ངོ་ཤེས་པར་གྱིས།དེས་ན་འདིས་དོན་གསུངས་སྐབས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལམ་རིམ་ཆེན་མོ་ལས།དལ་བའི་རྟེན་ལ་སྙིང་བོ་བླང་བའི་ཕྱིར་དུ་བསྐུལ་བ་དང་།སྙིང་བོ་ཇི་ལྟར་ལེན་པའི་ཚུལ་ལོ།།དང་པོ་ལ་གསུམ།དལ་འབྱོར་ངོས་བཟུང་བ་དང་།དེ་དོན་ཆེ་བ་བསམ་པ་དང་།རྙེད་དཀའ་བ་བསམ་པའོ།།ཞེས་གསུངས་སོ།།དེ་ཡང་འོ་སྐོལ་གྱིས་ཧ་གོ་དགོས།དལ་འབྱོར་ངོས་བཟུང་ནས་ཅི་ལྟར་བྱེད་དགོས་ཟེར་ན།དལ་འབྱོར་རང་ཉིད་ལ་ཚང་བ་ངོ་ཤེས་ཏེ་དགའ་བ་སྒོམ་དགོས། ཚེ་འདིདལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པ་འདི་ཉིད་ཐོབ་པ་ན་ཅི་ཞིག་གི་དོན་དུ་བཀོལ་དགོས་པ་རེད་ཟེར་ན། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་གི་བྱ་བའི་དོན་དུ་བཀོལ་ན་ཆུད་ཟོས་སུ་སོང་སྟེ་ཙན་དན་སོལ་བར་བྱས་པ་རེད། དེས་སྟབས་ཀྱིས་དལ་འབྱོར་ངོས་བཟུང་བ་རེད། འཕྲོ་ཕྱིན་ཆད་ཧ་ཅང་རྙེད་དཀའ་བ་རེད། རྙེད་ན་དོན་ཆེ་བ་རེད། ཅེས་རྙེད་དཀའ་ཚུལ་དང་དོན་ཆེ་ཚུལ་གསུངས་སོ།། དེ་གསུངས་དུས་རྙེད་དཀའ་བའི་རྒྱུ་མཚན་ལ་སོགས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་རང་ཅག་སྟན་པ་བཞིན་དུ།ལན་གཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།།ཞེས་གསུངས་ཏེ་ལན་གཅིག་མ་གཏོགསད་རེས་མ་གཏོགས་རྙེད་རྒྱུ་མ་རེད་ཅེས་གསུངས།ད་རེས་རྙེད་པ་འདི་ཆུད་ཟོས་སུ་མ་གཏོང་།རྒྱུ་ངོ་བོ་དཔེ་གསུམ་གྱི་སྒོ་ནས་རྙེད་དཀའ་ཚུལ་ལ་སོགས་པ་གསུངས་པ་དཔེ་སྒོ་ནས་རྙེད་དཀའ་ཚུལ་དེ་ལན་གཅིག་ཅེས་པ་ཧ་གོ་དགོས།མདོ་ལས་གསུངས་པ་ལྟར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གདམས་ཟབ་མོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཡི་གེར་བཀོད་པ་ལས།རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གིབུ་གར་རུས་སྦལ་མགྲིན་ཆུད་ལྟར།།མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས།།འདས་པ་ལ་འདང་རྒྱག་དགོས།འདས་པ་ལ་འདང་རྒྱབ་ན་སྔོན་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་རིན་པོ་ཆེ་འདི་མ་ཐོབ་པ་ངན་སོང་ནས་བསྡད་པ་རེད།རང་གི་ཡུལ་ངོ་མ་ངན་སོང་ཡིན་ནི་རེད།དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་གྱི་ནང་ནས་མ་ཐར་བས་ལན་གཅིག་ད་རེས་ཙམ་ལ་མི་ལུས་ཐོབ་པ་འདི་ངོ་ཤེས་དགོས།དཔེ་སྒོ་ནས་བཤད་དུས་རུས་སྦལ་ལོང་བ་མིག་ཞར་ཞིག་རྒྱ་མཚོའི་གཏིང་དུ་བྱིངས་ནས་ཕྱིར་རྒྱ་མཚོའི་ཁར་ཡོང་རྒྱུ་མེད་པའི་ལས་བསགས་པ་ལདེ་ནས་ལོ་བརྒྱའི་མཚམས་སུ་རྒྱ་མཚོའི་ཁལན་གཅིག་ཡོང་རྒྱུ་རེད།རྒྱ་མཚོའི་ཁར་ཡོང་དུས་གསེར་གྱི་གཉའ་ཤིང་བུ་ག་གཅིག་པ་ཞིག་རྒྱ་མཚོའི་ཁ་ནས་རླུང་གིས་ངེས་མེད་དུ་བསྐྱོད་དེ་དེས་བུ་གའི་ནང་དུ་མགྲིན་པ་ཚུད་པ་དེ་སྲིད་མཐའ་ཙམ་རེད།འོ་སྐོལ་ལ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་རིན་པོ་ཆེ་འདི་ལན་གཅིག་ཐོབ་པ་དེ་དང་མཚུངས་པ་རེད་གསུངས།ལན་གཅིག་རྙེད་པའི་དལ་བའི་རྟེན་བཟང་འདིནམ་ཡིན་ན་ལག་ཏུ་ཡོང་རྒྱུ་རེད་ཟེར་ན་ཡོང་ནི་མ་རེད།ཡང་ངོ་བོའི་སྒོ་ནས་རྙེད་དཀའ་ཚུལ་དང་གྲངས་ཀྱི་སྒོ་ནས་རྙེད་དཀའ་ཚུལ་མང་ཉུང་ལ་བལྟས་ན་ཧ་གོ་རྒྱུ་ཅན་པོ་རེད།དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་རིན་པོ་ཆེ་འདི་མང་ཉུང་གི་བལྟས་ན་དབྱར་ཐོག་ལྟ་བུའི་དབང་དུ་བཏང་ནས་འདང་རྒྱབ་ན།ནམ་མཁའི་ཆ་ཐམས་ཅད་འབུ་སྲིན་གྱིསང་ནས་བསྡད།དེའི་ནང་ན་མི་དེ་ཉིད་ཕྲ་བཏབ་པ་ལྟ་བུ་ཞིག་རེད།རྙེད་དཀའ་ཚུལ་མདོ་མྱང་འདས་ལས་གསུངས་དུས།ངོ་བོ་སྒོ་ནས་རྙེད་དཀའ་ཚུལ་ཅི་འདྲ་རེད་གསུངས་ན།ངན་སོང་དུ་སྐྱེས་པ་ན་ས་ཆེན་པོའི་རྡུལ་དང་།མངོན་མཐོ་ལྷ་མིའི་རྟེན་བཟང་གི་གོ་འཕང་ཐོབ་པ་དེ་ཕྱག་སེན་གྱི་རྩེ་མོར་བཞེས་པའི་རྡུལ་དང་འདྲའོ།།ཞེས་གསུངས་པ་དེ་འདྲ་རེད།ཡང་དེར་མ་ཟད་དཔེ་ལེན་པའི་ཚེ།གྱང་ངོར་སྲན་མ་གཏོར་བ་ལྟ་བུའི་དཔེ་བཞག་པ།ཧ་ཅང་གི་གྱང་འཇམ་པོ་ཞིག་གི་ངོས་ལ་སྲན་མ་གཏོར་ན་ས་ལ་ལྷུང་བ་ན་ངན་སོང་དུ་སྐྱེ་བ་དང་འདྲ།དེའི་ངོས་ན་འདུག་པ་ཧ་ཅང་གི་དཀའ་བའི་ཚོད་དུ་སླེབས་པ་རེད་ཅེས་མདོ་མྱང་འདས་ལས་གསུངས།དེའི་ངོས་ལ་སྲན་མ་གཅིག་གཉིས་རེ་འདུག་པ་དེ་རང་ཅག་ལ་མངོན་མཐོ་ལྷ་མིའི་རྟེན་བཟང་ཐོབ་པ་དང་འདྲ་བ་དེ་འདྲ་ཞིག་རེད།དཔེ་སྒོ་ནས་རྙེད་དཀའ་ཚུལ་ལ་སོགས་པ་ཐུགས་འདང་གནང་ན་དེ་འདྲ་རེད།རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་ཐུགས་འདང་གནང་དུསམ་འོངས་པར་ཐུགས་འདང་གནང་དགོས།རྒྱུ་སྒྲུབ་ཀྱིན་མི་འདུགརྒྱུའི་སྒོ་ནས་རྙེད་དཀའ་བ་ནི་ཅི་ཞིག་རེད་ཅེ་ན།མི་ལུས་ཙམ་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་།སྦྱིན་པ་ལ་སོགས་པ་གྲོགས་བྱས།སྨོན་ལམ་དྲི་མ་མེད་པ་མཚམས་སྦྱར་བ་ལ་བརྟེན་ནས་མི་ལུས་ཙམ་ཐོབ་དགོས།དེའིམ་ཚད་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་རིན་པོ་ཆེ་འདི་ཉིད་ཐོབ།དེ་ཐོབ་པར་མ་ཟད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ།ཐེག་པ་ཆེན་པོའི་མགོ་དགེ་བའི་བཤེས་གཉེན་གྱི་རྗེས་སུ་བཟུང་།འདི་འདྲའི་མཐུན་རྐྱེན་ཚང་བ་ཞིག་ཡོང་རྒྱུ་དཀའ་བའི་ཚོད་དུ་སླེབས་པ་ཡིན་པས་འདིའི་རྒྱུ་སྒྲུབ་ན།མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།།ཅེས་གསུངས།དེ་དག་གི་བཤད་བྱ་རྩ་བའི་མདོར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དྲངས་ནས།ཁྲིམས་ཀྱིས་དུད་འགྲོ་འགྲོ་བ་དུ་མའི་ངོ་བོ་དང་།།མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད།།ཅེས་པའི་མི་ཁོམ་པ་བརྒྱད་སྤོང་བའི་ཚུལ་ཁྲིམས་ཀྱི་བྱེད་ལས་དེ་ཡ་མཚན་པ་རེད།མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།།ཅེས་གསུངས་པ་འོ་སྐོལ་གྱི་ཚུལ་ཁྲིམས་སྲུང་གི་ཨེ་ཡོད།རང་གིས་རང་ལ་འདྲི་དགོས།དེའི་ནང་ནས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་ལ་ཐུགས་འདང་གནང་སྟེ་སྲོག་གཅོད་པ་སྲུང་གི་ཨེ་ཡོད།ལོག་གཡེམ་སྲུང་གི་ཨེ་ཡོད།མ་བྱིན་པར་ལེན་པ་སྤོང་གི་ཨེ་ཡོད།རྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ་བཞི་བོ་སྲུང་གི་ཨེ་ཡོད།བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱ་སེར་གཉིས་ཀ་སྤོང་དགོས།ཆོས་རྒྱལ་སྲོང་བཙན་སྒམ་པོའི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅོས་ནས་རྒན་པ་ལ་བཀུར་བསྟི་བྱེད་རྒྱུ་དང་།ཕ་མ་ལ་བརྩི་འཇོག་བྱེད་རྒྱུ་སོགས་འཇིག་རྟེན་མི་ཆོས་འདི་གལ་ཆེན་ནང་གི་དོན་ཆེན་རེད།དེའི་སྟབས་ཀྱིས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་སྟེང་དུ་དྲུག་བསྣན་ཏེ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བྱས་པ་དང་རྒྱལ་བོའི་བཀའ་ཁྲིམས་ལ་སོགས་པ་སྲུང་ནས་མངོན་མཐོ་ལྷ་མིའི་རྟེན་བཟང་ཐོབ་པའི་རྒྱུ་སྒྲུབ་ཤེས་རྒྱུ་གལ་ཆེན་རེདདེ་རིང་ནངས་ཀ་ལྟ་བུ་ལ་རྫུན་བཤད་མི་ཆོག་གི་མོ། མི་ཆོག་ཀྱང་རྫུན་བཤད་ནས་ཁ་མི་ཉན་གི་མོསུ་ཡིན་ན་རྫུན་བཤད།མགོ་གཡོགལས་ཁུངས་འོག་མ་ཡར་ལ་རྫུན་བཤད་དེ་གོང་འཕེལ་དུ་མ་སོང་བར་སོང་ཞེས་ལབ།ལོ་ལོན་ཚོའི་ཕལ་ཆེར་ཤེས་ནི་རེད།རིག་གནས་གསར་རྗེ་ཆེན་པོ་དང་ང་བརྒྱད་སྐབས་རྫུན་བཤད་ནས་ཞིང་ནང་གི་འབྲུ་རིགས་རྒྱ་མ་ག་ཚོད་ཡོང་གི་ཡོད་ནི་རེད་ཟེར་ན།སྟོང་ཡོང་གི་ཡོད་ནི་ཞེས་ཡར་ལ་བཤད།དེ་ནས་ཐམས་ཅད་པོ་མུ་གེ་བྱུང་།ད་སྐབས་ཀྱང་རྫུན་བཤད་པས་གོང་འཕེལ་ཏུ་མ་སོང་ཁ་འདྲ་འདྲཡང་རི་ལུང་ལ་འགྲོ་དུས་ཁོར་ཡུག་སོགས་་སྲུང་སྐྱོབ་བྱེད་དགོས།རྒྱལ་ཁབ་ཀྱིས་དོང་ཙེ་བྱིན་པ་འདི་དག་ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་བཏང་སྟེ་ལམ་ཁར་ཁང་བ་ཇེ་བཟང་དུ་གཏང་ཡོད་པ་ལྟར་ཆ་ཚང་དེ་འདྲ་ཡིན་ནི་རེད་ཅེས་རྫུན་བཤད།རྒྱལ་ཁབ་ཀྱི་ཁྲིམས་འུ་ཅག་གི་ཁེན་ས་རེད།དཔོན་པོ་རང་ཅག་གི་དཔོན་པོ་རེད།རྒྱལ་བོ་ཡང་རང་ཚོའི་རྒྱལ་བོ་རེད།མང་ཚོགས་འུ་ཚོ་སྐྱོབ་ནོ་རེད་མོདཡར་ལ་དེ་འདྲ་རྫུན་ཏག་ཏག་བཤད་ནས་ངན་ལོབས་སོང་བ་རེད།་ཚོགས་ཀྱིས་ཀྱང་རྫུན་བཤད།ཅིག་ཅིག་མུག་མུག་ཅེས་བཤདདེ་དོང་ཙེ་ལེན་ཐབས་བྱས།དེ་ལྟར་བྱ་བ་སྒྲུབ་ན་མ་འོངས་པར་དཀའ་བའི་ཚོད་དུ་སླེབས་པ་རེད།དེའི་ནང་དུ་ལ་ལ་མཐོང་ཆོས་མྱོང་འགྱུར་གྱི་ལས།ལ་ལ་སྐྱེ་གནས་མྱོང་འགྱུར་གྱི་ལས།ལ་ལ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོད་པས་ལས་ལྕི་ཡང་ཉོན་མོངས་དུག་གསུམ་གྱི་བྱེད་པ་ལ་བརྟེན་ཏེ་གྲུབ་པ་དེ་ལ་ཐུགས་འདང་གནང་གིན་མི་འདུགདེའི་སྟེང་དུ་འོ་སྐོལ་དགེ་ཚུལ་སློང་ཚོ་ལ་སོ་ཐར་གྱི་ལུས་ངག་གི་སྡོམ་པ་མཆོག་དེ་ཡོད།དགེ་ཚུལ་ལྟ་བུ་ལ་བླངས་འདས་སོ་དྲུག་སྲུང་རྒྱུའི་སྡོམ་པ་ཡོད།དགེ་བསྙེན་ལྟ་བུའི་དབང་དུ་བྱས་ན་རྩ་བ་བཞི་དང་ཆང་གི་ཡན་ལག་གཅིག་སྟེ་ལྔ་སྲུང་བའི་སྡོམ་པ་ཡོད།དགེ་ཚུལ་ལྟ་བུ་ལ་རྩ་བ་བཞི་དང་ཡན་ལག་དྲུག་སྟེ་བཅུ་སྲུང་བའི་དགེ་ཚུལ་གྱི་སྡོམ་པ་ཡོད།དགེ་སློང་ལྟ་བུ་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྲུང་རྒྱུ་མཁན་སློབ་ཀྱི་དྲུང་དུ་ཁས་བླངས་པ་རེད།བླ་མ་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་དངོས་ཡིན་པའི་འདུ་ཤེས་བཟུང་ནས་རང་གིས་དེའི་མདུན་དུ་ཁས་བླངས།ཁས་བླངས་ཏེ་ཉིན་འགའ་མི་འགོར་བར་མ་མཐའ་ཕྱི་དྲོ་ཁ་ཟས་ཟ་བ་ཙམ་ཡང་སྲུང་མི་ཐུབ་པ་ལྟ་བུ་རེད།ཉི་མ་འགའ་ལ་དོང་ཙེ་ཡོད་པས་ཡིད་ལ་བཟུང་ནས་སྲུང་ལ་དེ་ནས་རྒྱུད་ཀྱི་དམ་སྡོམ་ལ་ཁ་ཡ་མི་བྱེད་པ་ལྟ་བུ་རེད།རང་གིས་རང་ལ་མགོ་གཡོག་པ་ཡིན་པས་སངས་རྒྱས་ཀྱི་ཁར་ཉན་གྱིན་ཡོད་དམ་མེད།རྒྱུད་ན་ཆོས་ཡོད་དམ་མེད།གང་འདྲ་བ་ཞིག་རེད།སོ་ཐར་གྱི་སྡོམ་པ་གཅིག་པུ་ལ་འདང་རྒྱབ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ལུང་རྣམ་འབྱེད་ལས།ཕམ་པའི་སྡེ།ལྷག་མའི་སྡེ།ལྟུང་བྱེད་ཀྱི་སྡེ།སོར་བཤགས་ཀྱི་སྡེ།ཉེས་བྱས་ཀྱི་སྡེ་ལ་སོགས་པ་གང་འདྲ་བ་བྱས་བཞག་ཡོད་པ་གྲངས་ཀ་ལེན་གྱིན་ཡོད་དམ་མེད།གང་ལ་འགལ་གྱིན་ཡོད་མེདདགག་སྒྲུབ་གནང་གསུམ་གྱི་བཅས་པ་སྲུང་བའི་སྐབས་དགག་པའི་བསླབ་བྱ་འདི་ལ་འགལ་གྱིན་ཡོད་དམ་མེད།ནན་ཏན་བྱེད་ཀྱིན་ཡོད་དམ་མེད།མེད་ན་རྒྱུད་ན་སངས་རྒྱས་ཀྱི་བསྟན་པ་མེད།སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པའི་བཅས་པ་ལ་ཐུགས་འདང་གནང་གིན་མེད།འོ་སྐོལ་གྱི་བཅས་པའི་སྟེང་ནས་འཇོག་དགོས།སྡོམ་པའི་སྒོ་ནས་དགེ་ཚུལ་སློང་འཇོག་དགོས།ཚོད་ཚོད་ལ་གཟན་ཤམ་ཞིག་གྱོན་ཏེ་དམར་ལྷབ་ཞིག་ཡིན་མིན་གྲྭ་བའི་ཚད་བཞག་པ་མ་རེད།དེ་འདྲའི་སྟབས་ཀྱིས་ཚུལ་ཁྲིམས་མ་སྲུང་ན་སངས་རྒྱས་ཀྱི་བསྟན་པ་མེད་སོང་བ་རེད།སངས་རྒྱས་བཅོམ་ལྡན་འདས་ཀྱི་བཅས་པ་འདི་དག་རང་གིས་ནན་ཏན་བྱས་ནས་འདང་རྒྱག་གི་མེདསོང་ན།ལུང་ཞུ་བ་ལས།གང་ན་ལས་ཀྱང་ཡོད་ལ།ནན་ཏ་བྱེད་པའང་ཡོད་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་གནས་པ་ཞེས་བྱའོ།།གང་ན་ལས་ཀྱང་མེད་ནན་ཏ་བྱེད་པ་ཡང་མེད་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ཞིག་པ་ཞེས་བྱའོ།།ཞེས་གསུངས་སོ།།རྒྱུད་ན་ཆོས་མེད་སོང་བ་རེད།ཚུལ་ཁྲིམས་མེད་སོང་དུས་སྐྱེ་བ་རྗེས་མ་མངོན་མཐོ་ལྷ་མིའི་རྟེན་བཟང་ཐོབ་རྒྱུ་མེད་པས།མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།།ཅེས་གསུངས་པ་ལ་ཐུགས་འདང་གནང་ན་ཧ་ཅང་གི་རྒྱུ་ངོ་བོ་དཔེ་གསུམ་གྱི་སྒོ་ནས་རྙེད་དཀའ་ཚུལ་ལ་སོགས་པ་བསམ་དགོས།ཆོས་ཀྱི་ངོ་བོ་འཚེ་བ་སྤོང་བ་པསད་རེས་མི་ལུས་ཐོབ་ནས་ལོ་སུམ་ཅུ་བཞི་བཅུ་ལྔ་བཅུ་འགོར་སོང་ཡང་སྔོན་མ་ཆོས་ཤིག་བསྒྲུབ་པ་མེད།ད་ཕན་ཆད་ནས་བཟུང་སྟེ་ཚེ་མཐའི་ཚདའདི་ཅི་འདྲ་ཞིག་ཡོད་པ་རང་གིས་ངོས་མི་ཟིན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཁ་བླངས་ནས་དོན་ཆེ་བ་ཞིག་བསྒྲུབ་དགོས་བསམ་དགོས།དོན་བསྒྲུབ་ན་ཆོས་དགོས།ཆོས་སྒྲུབ་ཚུལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པའཇམ་མགོན་བླ་མ་ཙོང་ཁ་བས་མཉམ་མེད་ཇོ་བོ་ཡབ་སྲས་ཀྱི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ནང་དུ་བསྡུས་ནས་གྲལ་དག་པ་གནང་སྟེ་གསུངས་ཡོད་པ་འདི་རེད།ཆོས་འདི་ལྟ་བུ་སྒྲུབ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མ་གཏོགས་ཆོས་སྒྲུབ་ཚུལ་གཞན་ཞིག་ཡོད་ནི་མ་རེད།དེའི་ནང་ནས་འུ་ཅག་འཇལ་བ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རེད།མཉམ་མེད་ཇོ་བོ་ཡབ་སྲས་ཀྱི་བསྟན་པ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རེད།འཇམ་མགོན་བླ་མ་ཡབ་སྲས་ཀྱི་བསྟན་པ་འདི་ཉིད་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རེད།དེའི་སྟབས་ཀྱིས་དགོན་པ་འདི་ལྟ་བུ་ལ་མཚོན་ན་སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་པ་ཡིན་པས་སྔགས་ལ་གཙོ་བོར་ཉམས་སུ་ལེན་་ལམ་རིམ་གྱི་གཞི་རྩ་ཟིན་པ་བྱས་ནས་ཐུན་མོང་ལམ་སྦྱངས་སྔོན་དུ་སོང་བའི་སྟེང་དུ་སྔགས་ཉམས་སུ་ལེན་དགོས་པས།སྔགས་ཀྱི་འགྲོ་སྟངས་འདུག་སྟངས།རྗེ་ཐམས་ཅད་མཁྱེན་པའི་ཅི་ལྟར་བྱས་ནས་གསུངས་ཡོད་པ་སྔགས་རིམ་ཆེན་མོ་རུ་ཧ་ཅང་གསལ་བོ་གསུངས་ཡོད་པ་དེ་རེད།བྱ་རྒྱུད་ཀྱི་རྒྱུད་ཉམས་སུ་ལེན་ན་གང་འདྲ་བ་རེད།སྤྱོད་རྒྱུད་ཉམས་སུ་ལེན་ན་གང་འདྲ་བ་རེད།རྣལ་འབྱོར་གྱི་རྒྱུད་ཉམས་སུ་ལེན་ན་གང་བྱས་ཏེ་ཉམས་སུ་ལེན་དགོས་པ་རེད།དེར་མ་ཟད།སྔགས་བླ་མེད་ཀྱི་རྒྱུད་དེ་ལ་ཕ་རྒྱུད་གསང་བ་འདུས་པ།མ་རྒྱུད་བདེ་མཆོག་འཁོར་ལོ་གཙོ་བོ་བྱས་ནསརྒྱུདའདི་ཚོ་ཅི་ཞིག་བྱས་ནས་ཉམས་སུ་ལེན་དགོས།གང་རེད།འཇམ་མགོན་བླ་མ་ཙོང་ཁ་་ཆེན་པོས་ཅི་བྱས་ནས་གསུངས་བཞག་ཡོད།དཔེ་ཆ་གཟིགས།འོ་སྐོལ་དཔེ་ཆ་ལྟ་མཁན་རེད།དགོན་པའི་ནང་དུ་ཡོན་ཏན་སློབ་དགོས།དགོན་པའི་ནང་དུ་དོང་ཙེ་བསོག་རྒྱུ་མ་རེད།དོང་ཙེའི་དོན་དུ་འབད་འབད་དུང་དུང་བྱས་ནས་དེ་འདྲ་བྱེད་རྒྱུ་མ་རེད།དགོན་པའི་ནང་ནས་ཡོན་ཏན་སློབ་སོགས།དེ་ནས་དགེ་ཕྲུག་ཆུང་ཆུང་ནས་བཟུང་སྟེ་འཛིན་རྒྱུདགེ་རྒན་རྣམས་པས་ཚུལ་ཁྲིམས་སྲུང་ཚུལ་ལ་སོགས་པ་བཤད།གཙོ་བོ་ཁྲིམས་སྲུང་རྒྱུ་བཤད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད།འདི་འདྲ་ཡིན་ནི་རེད།དེ་འདྲ་བྱེད་ཉན་ནི་མ་རེད།ཨ་ཁུ་ཞིག་ཡིན་ན་གན་བྱེད་དགོས།འདི་འདྲ་བྱེད་དགོས།གན་བྱེད་ཉན་ནི་མ་རེད་ཅན་པོ་ཁ་་བསླབ་བྱ་གནང་ན་ཧྲ་རྒྱུ་བཟང་རྒྱུ་ཅན་པོ་རེད།དེ་འདྲ་བྱས་ན་དལ་འབྱོར་རྙེད་དཀའ་བ།རྙེད་ན་དོན་ཆེ་བ་ཡིན་པ་རང་གི་ཤེས་རྒྱུ་རེད དེའི་སྟེང་ནས་ངན་སོང་གི་སྐྱེ་སྒོ་ཁེགས་ནས་མངོན་མཐོ་ལྷ་མིའི་རྟེན་བཟང་སྒྲུབ་ན་དོན་ཆེན་པོ་རེད།ཚེ་འདི་ལ་ཡོང་ནས་སྐྱེ་བ་ཕྱི་མའི་ལག་ཏུ་ཐལ་མ་བླུག་པར་རང་གི་མངོན་མཐོ་ལྷ་མིའི་རྟེན་བཟང་ཐོབ་པའི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཅས་པ་དེ་ལ་ཐུགས་འདང་གནང་ན་ནམ་ཡིན་ན་སངས་རྒྱས་རྗེས་སུ་དྲན་རྒྱུ་རེད།འགྲོ་དུས་ཇི་ལྟར་འགྲོ་དགོས།འདུག་དུས་ཅི་འདྲ་བྱས་ནས་འདུག་དགོས།འུ་ཚོའི་འགྲོ་སྟངས་འདུག་སྟངས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཅི་འདྲ་གསུངས་ཡོད།ཁྱིམ་དུ་འགྲོ་ན་ཅི་ཞིག་བྱས་ཏེ་འགྲོ་དགོས།གཟན་ཤམ་གྱོན་དུས་ཅི་འདྲ་བྱས་ནས་གྱོན་དགོས་ཚུལ་སོགས་འདི་དག་སངས་རྒྱས་ཀྱི་གསུང་ལ་ལྟ་དགོས།དེ་ལྟར་བྱེད་ནུས་ན་སངས་རྒྱས་རྗེས་སུ་དྲན་པ་རེད།སངས་རྒྱས་རྗེས་སུ་དྲན་རྒྱུ་གོམས་ཆ་བུད་འགྲོ།གོམས་ཆ་སོང་དུས་ཤི་ཁར་ཐོག་ལ་སྡུག་ཅིག་ཡོང་ན་སངས་རྒྱས་རྗེས་སུ་དྲན་རྒྱུ་ཡིན་ཏེནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས།།ཤི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན།།སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཏེ།།སྡུག་བསྔལ་ཚོར་བས་འཕྲོགས་པར་ཡང་མི་འགྱུར།།ཞེས་མདོ་ཏིང་ངེ་འཛིན་རྒྱལ་བོ་ལས་གསུངས་སོ།།འུ་ཅག་གིས་སངས་རྒྱས་རྗེས་སུ་དྲན་གྱིན་མེད།སངས་རྒྱས་བརྗེད་འདུགདེ་འདྲ་ཞིག་བཤད་དུས།འོ་ལེ་དེ་འདྲ་ཞིག་གསུངས་ཀྱིན་འདུག་ཅེས་པ་ལས་དོ་སྣང་མི་བྱེད།དེང་སང་གི་དུས་ཚོད་འདི་ལ་དེ་འདྲ་ནུས་ནི་མ་རེད་ཟེརཁོང་ཀྱིས་དེ་རིང་ནངས་ཀའི་དུས་ཚོད་ལ་བཅས་པ་མཛད་པ་རེད།ཁོང་རིགས་སྙིགས་མ་ལྔ་བདོའི་དུས་སུ་བྱོན་པ་རེད་མ་གཏོགས་རྫོགས་ལྡན་གྱི་དུས་སུ་བྱོན་པ་མ་རེད།དེས་སྟབས་ཀྱིས་འོ་སྐོལ་ཚོ་བཅས་པ་མཛད་པ་རེད།དེའི་རྗེས་སུ་རྗེ་ཐམས་ཅད་མཁྱེན་པ་བྱོན་ཏེ་རང་ཅག་ལ་ཁ་བརྡ་གནང་ཡོད།མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་སྤྱན་དྲངས་པ་ཁོང་གིས་ཀྱང་འུ་ཚོ་ལ་ཁ་བརྡ་གནང་ཡོད།ལམ་རིམ་གསུངས་ཡོད།འོ་ཚོའི་བླ་མ་རེད།མེ་ཏོག་ཕོགས་པའི་ལྷ་སྐལ་རེད།དེ་བཞིན་དུ་རྗེ་བླ་མ་ཡབ་སྲས་ཀྱིསྐུ་ཚབ་ལ་རང་རང་གི་སྤྲུལ་སྐུ་རེ་ཐུགས་ཐག་ཅིག་བཅད་ཡོད་པ་དེ་དག་ལ་བདག་པོ་རྒྱོགྲལ་དག་བྱོས།དེ་དག་གི་གསུངས་ཁ་བླངས་ན་ཧྲ་གི་མོ།དགོན་པ་འདི་ལྟ་བུ་མཚོན་ན་ཧ་ཅང་གི་བསོད་ནམས་ཆེན་པོ་ལྡན་པ་རེད།དེ་མིན་རྒད་པོ་རེ་མ་གཏོགས་ལག་ཏུ་མི་ཡོང་གིའུ་ཚོ་ལད་སོང་ནི་རེད།བླ་མ་མི་རུ་མཐོང་བ་བསྐལ་བ་བཟང་།དང་པོ་མི་རུ་མཐོང་བ་བཟང་བོ་འདུགབླ་མ་ཁྱི་རུ་མ་མཐོང་པོ་ཡག་པོ་འདུགརང་ཚོ་ཧ་གོ་དགོས་པ་རེད།རང་དགོན་པ་འདི་ལྟ་བུ་ལ་མཚོན་ན་ཤུ་རེ་བྱོས།གསུངས་ཁ་ལོངས།ཅི་གསུངས་བཀའ་བཞིན་དུ་བསྒྲུབས།རང་གི་མེ་ཏོག་ཕོགས་པའི་ལྷ་སྐལ་འདི་ཚོའི་གང་ཡིན་ན་བསོད་ནམས་ལྡན་པ་ཡ་མཚན་པ་རེད་བསམ་སྟེ་ངེས་ཟིན་དགོས་པ་རེད།ཚང་མ་གཅིག་གི་ལྟ་སྟངས་བཟུང་།རང་་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཧ་མི་གོཁར་མི་ཉན།དེ་ས་ན་རྒད་པོ་ཞིག་གིས་བཤད་ན་དགའ་ནི་ཅན་པོ་རེད།དེ་འདྲའི་གནས་ཚུལ་དེང་སང་མང་ནི་རེད།ཐམས་ཅད་ལ་ཁྱད་པར་མེད་པར་བཞག་ན་འགྲིག་རྒྱུ་མ་རེདཁྱད་མེད་ན་དབང་གནང་དུས་དགེ་སློང་རྡོ་རྗེ་འཛིན་པ།དགེ་ཚུལ་རྡོ་རྗེ་འཛིན་པ།ཁྱིམ་པ་རྡོ་རྗེ་འཛིན་པ་གོ་རིམ་ཅི་འདྲ་བྱས་ནས་བཞག་ཡོད།གང་ཡིན་བྱས་ཏེ་བཞག་ཡོད་དམརྒྱུད་ཀྱི་དགོངས་པ་དང་འགལ་བའི་ཁྱད་མེད་པར་བྱས་ན་འགྲིག་གམམི་འགྲིག་གིདེའི་སྟབས་ཀྱིས་རྙེད་ན་དོན་ཆེ་བའི་ལུས་རྟེན་འདི་ལས་ངན་སོང་གི་སྐྱེ་སྒོ་ཁེགས་པ་ཞིག་དང་ཕྱི་མར་ཡང་མི་ལུས་ཤིག་ཐོབ་ཏུ་འཇུག་བསམ་ན་སྒྲུབ་ཐུབ་ཀིན་འདུགདེར་མ་ཟད་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་ལས་དང་ཉོན་མོངས་ཀྱི་དབང་གིས་འཁོར་བའི་གནས་སུ་སྐྱེས་པས་ལས་འབྲས་མི་བསླུ་བ་ཡིན།དེའི་དབང་གིས་གང་དུ་སྐྱེ་བ་ཧ་མི་གོ་བ་ཡིན་པས་ད་ཐེངས་མི་ལུས་ཐོབ་པ་འདི་གཡང་ཁ་ན་ངལ་གསོ་བ་ལྟ་བུ་རེད།གཡང་ཁར་ངལ་གསོས་ཏེ་ཐུར་དུ་ལྷུང་ལ་ཉེ།འོ་སྐོལ་ཚོ་འཁོར་བའི་བདེ་བ་དོན་དུ་གཉེར་ཞིང་བདེ་བ་དེ་འགྱུར་བའི་སྡུག་བསྔལ་ཡིན་པ་ངེས་མ་ཟིན་པར།སྤུ་གྲིའི་སོར་ཆགས་སྦྲང་རྩི་སྟེ།།སྤུ་གྲི་གནོན་པོའི་ཁ་ལ་སྦྲང་རྩི་བྱུག་པ་ལྟ་བུའི་འཁོར་བའི་བདེ་བ་དེ་འདྲ་ཞིག་རེད་ཅེས་གསུངས།ཁྱི་རྒན་ཡ་སོ་ལྐུག་པའི་ནི།།རུས་པའི་ཅི་ལྟར་སྒོམ་སྟེ་ཞེས་རྗེ་བསྟན་པའི་སྒྲོན་མེ་གསུངས་སོ།།ཁྱི་རྒན་ཚོས་རུས་པ་ལྡད་པ་དང་ཁྱད་པར་མེད་པ་འཁོར་བའི་བདེ་བ་དོན་དུ་གཉེར་བ་དེ་དང་མཚུངས།རུས་པ་ལྡད་ལྡད་པའི་སྐབས་ཤིག་ལ་ཁ་ནང་དུ་ཁྲག་བཞུར་བ་ཤེས་ཏེ་རུས་པའི་ཁྲག་རེད་བསམ་སྟེ་དེའི་ཐོག་ཏུ་སོ་བཏབ་པས་རང་གི་སོ་ན་བ་རེད།འོ་སྐོལ་གྱི་འཁོར་བ་དོན་དུ་གཉེར་བ་དེ་དང་འདྲ་བ་རེད།རང་ཅག་ལ་དེ་ཅི་ཞིག་གི་སྟབས་རེད་ཅེ་ན།ཉོན་མོངས་ཀྱི་དབང་གིས་བྱུང་བ་རེད།སྡུག་བསྔལ་མ་གཏོགས་བདེ་བ་གཏན་དུ་ཡོད་པ་མ་རེད།དེ་ལ་ཐུགས་བསམ་གནང་སྟེ་དེ་ལས་ཐར་ན་ཅི་མ་རུང་སྙམ་པའི་ཐར་བའི་གོ་འཕང་ཞིག་སྒྲུབ་ཐུབ་བམངེས་འབྱུང་གི་བསམ་པ་ཟིན་པའི་སྒོ་ནས་ཐར་བའི་གོ་འཕང་ཞིག་སྒྲུབ་བསམ་ན་རྟེན་དེའི་སྟེང་དུ་སྒྲུབ་ཐུབ་པ་ཡིན་པས་ལུས་རྟེན་འདི་ཁྱད་པར་་ཅན་ཡིན།དེར་མ་ཟད་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་ཏུ་འཇུག་བསམ་ན་རྟེན་འདིའི་སྟེང་དུ་སྒྲུབ་ཐུབ་ལ།ལྷག་པར་འཛམ་གླིང་གི་མིམངལ་སྐྱེས།ཕ་ལས་ཐོབ་བའི་ཁམས་གསུམ།མ་ལས་ཐོབ་པའི་ཁམས་གསུམ་སྟེ་ཁམས་དྲུག་ལྡན་གྱི་སྐྱེས་གནས་བླངས་ཡོད་པ་ཡིན་པས་ངེས་འབྱུང་སྐྱེས་པ་ལ་རིན་པོ་ཆེ་ལྟ་བུའི་གདུལ་བྱར་འགྱུར་བྱེད་ཀྱི་མི་ལུས་ཐོབ་ཡོད་པས་འདི་དགོས་དོན་ཆེན་པོ་ཅན་རེད།འདི་ལ་ཐུགས་འདང་གནང་ནས་རྟེནཆེན་པོ་ཅན་ཡིན་པ།རྗེ་བླ་མས།ལན་གཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།།ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས།།ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ།།རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།།ཞེས་གསུངས་པ་ལྟར།དལ་བའི་རྟེན་ལ་སྙིང་བོ་ལེན་དགོས།དེ་ནས་ཆོས་གང་འདྲ་བ་ཞིག་ཅེ་ནསྐྱེས་བུ་གསུམ་གྱི་ཆོས་སྐོར་དེའི་ནང་དུ་ཆུད་དགོས་པ་རེད།བུ་སྐྱེས་ན་དེ་ལ་སྐྱེས་དགོས།འོ་སྐོལ་དེ་གསུམ་གྱི་ནང་དུ་ཆུད་མེད།གང་ཞིག་ཐབས་ནི་གང་དག་གིས།།འཁོར་བའི་བདེ་བ་ཙམ་དག་ལ།།རང་ཉིད་དོན་དུ་གཉེར་བྱེད་པ།།སྐྱེས་བུ་དེ་ནི་ཐ་མར་ཤེས།།ཞེས་གསུངས་པའི་སྐྱེས་བུ་གསུམ་གྱི་ཐ་མ་དེའི་ནང་དུ་ཡང་ཆུད་མེད།དེས་ན་ལམ་སྒྲོན་དངོས་བསྟན་གྱི་སྐྱེས་བུ་ཆུང་ངུ་གང་འདྲ་བ་ཞིག་རེད་ཟེར་ན།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་དེ་ལ་ཚིག་འགྲེལ་བརྒྱབ་སྟེ་ཚེ་འདི་ལ་ཆེས་ཆེར་མི་བྱེད་པར་ཆོས་ཁོ་ན་ཕྱི་མའི་འཁོར་འདས་ཙམ་དོན་དུ་གཉེར་བའི་གང་ཟག་དེ་སྐྱེས་བུ་ཆུང་ངུའི་ཁྱད་པར་ཅན་གྱི་མཚན་ཉིད།ཞེས་དེའི་ངོ་བོ་གསུངས་པ་ལ་ཐུགས་འདང་གནང་རོགས།ཚེ་འདི་ལ་ཆེས་ཆེར་བྱེད་ཀྱིན་ཡོད་དམ་མེད།དེ་ལ་འདང་རྒྱག་དགོས།སང་ཉིན་དབང་བསྐུར་དགོས་པས་དེ་རིང་ཐུན་མོང་ལམ་སྦྱངས་ཀྱི་ལྟ་གོན་ནམ་ལག་ལེན་བྱེད་དགོས།ལྟ་གོན་བྱེད་རྒྱུ་ཡོད་ན་འགྲིག་འདུགལྷ་སར་འགྲོ་ན་ལྟ་གོན་བྱེད་པ་བཞིན་དེ་ལྟར་བྱེད་དགོས།ཐུན་མོང་བའི་ལམ་སྦྱངས་པའི་རིམ་པ་འདི་ལ་ཉམས་ལེན་ཅུང་ཟད་ཅིག་མེད་ན་སྔགས་ཀྱི་ལམ་དུ་ཞུགས་ན་མི་ནུས།མཚན་ཉིད་གནད་གསུམ་སྔོན་དུ་མེད་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱ་དེ་མཚན་ཉིད་ཀྱི་གདུལ་བྱ་ལས་དམན་ཡིན་ཏེ།མཚན་ཉིད་ཀྱི་དེས་འཚང་རྒྱ་ལ་སྔགས་ཀྱིས་དེ་འཚང་མི་རྒྱ་བ་སོ།།ལ་ལའི་རྩ་རླུང་ཐིག་ལེ་སྒོམ་པ་ལ་སོགས་པ་ཐུན་མོང་མ་ཡིན་པ་ཞི་གནས་ཙམ་ཞིག་སྒྲུབ་ནས་ཡོད་པ་རེད།དཔེར་ན།སྔགས་པ་སྦྲུལ་ནག་ཁ་འཛིན་གྱི་ལོ་རྒྱུས་ཆོས་རྗེ་ནོར་བཟང་གི་རྣམ་ཐར་ལས་འབྱུང་བ་ལྟ་བུ་རེད།རྣམ་ཐར་དེ་འདུལ་བ་ལུང་དུ་བཞུགས།འདི་ན་གསུང་རབ་ཡན་ལག་བཅུ་གཉིས་གསུངས་པ་དེའི་ནང་ན་སྐྱེས་རབས་ཀྱི་སྡེ་ཡོད།སྐྱེས་རབས་ཀྱི་སྐབས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྐྱེས་རབས་མང་བོ་གསུངས་འདུགསྔགས་པ་སྦྲུལ་ནག་ཁ་འཛིན་གྱིས་ང་རྒྱལ་བྱས ཁོ་ལྷོ་ཕྱོགས་ཡོན་ཏན་རྒྱལ་བོའི་མཆོད་གནས་བྱས།ཁོས་སྒོམ་བརྒྱབ་སྟེ་བསྡད་བཞག་ཡོད་དུས་ཉ་བ་ཞིག་ཡོང་ནས་རྐེ་ལ་བརྒྱབ་ནས་སྔགས་པ་སྦྲུལ་ནག་ཁ་འཛིནབསད་པ་དེ་འདྲ་རེདརྗེས་མ་མནར་མེད་དུ་སྐྱེས་པའི་ལོ་རྒྱུས་དེ་ལ་གོ་རྒྱུ་ཆེན་པོ་འདུགལམ་གྱི་རིམ་པ་དེ་འདྲ་རེད།དེས་སྟབས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གདམས་ཟབ་མོ་དེ་འདྲ་ཞིག་རེད།མཚན་ཉིད་ཀྱི་རྣམ་གསུམ་སྔོན་དུ་སོང་ནས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱ་རྒྱ་གར་འཕགས་པའི་ཡུལ་ན་གང་འདྲ་བ་ཀླུ་སྒྲུབ་དང་ཟླ་གྲགས་འདྲ་བ་མ་བྱུང་།དེ་འདྲ་མ་གཏོགས་བརྩི་རྒྱུ་མི་འདུགའོ་སྐོལ་ཚོའི་ས་ཆ་ན་གྲུབ་ཆེན་མང་ནི་རེད།དོང་ཙེ་མང་ས་ནས་ལྷག་ཏུ་གྲུབ་ཆེན་མང་།ཁོ་ཚོ་ཅིག་ཅིག་ཡིན།མྱིག་མ་ལུང་ཐུང་ཡིན།ལ་ལའི་སྔོན་གྱི་གྲུབ་ཆེན་གྱི་མིང་གི་བོས་ཏེ་ན་རོ་བའི་སྤྲུལ་སྐུ་ཡིན།ཏེ་ལོ་བའི་སྤྲུལ་སྐུ་ཡིན་ཟེར་བ་སོགས་རྒྱུ་ནོམ་པའི་ཆེད་དུ་ཅི་བཤད་འདི་བཤད་མེད་པ།ཅི་ལས་འདི་ལས་མེད་ནོའུ་ཚོས་ཀྱང་སྟབས་ཁ་འགྲིག་ན་ལས་རྒྱུ་རེད། གཅིག་ར་གཅིག་རེད།དེ་འདྲ་ལས་ནས་ཡར་འཇོག་བྱེད་རྒྱུ་མང་སོང་བས་བར་མཚམས་ཞིག་ལ་ཁ་ལེན་ནི་མང་།བཀུར་བསྟི་བྱེད་ནི་མང་དུས་འེབ་ཁ་བལྟས་ནས་ལབ་བེ་ལོབ་བེ་བཤད་ལེ། ད་དི་མོ་གཟིག་བཅའ་ནི་རེད། འུ་ཚོའི་རྒྱུད་ན་སྡོམ་པ་ཡོད་པས་དེ་འདྲ་བྱེད་མི་ཉནརྫུ་འཕྲུལ་ཐོབ་ཀྱང་མི་ཆོགབླ་མ་བདེན་སྨྲར་གྱི་ལྟུང་བྱེད་འབྱུང་ནི་རེད།གྲུབ་པ་ཆེན་པོ་ཐོབ་ཡོད་ཀྱང་དགོས་མེད་དུ་ཚོད་ཚོད་ལ་གྲུབ་ཆེན་ཡིན་ཞེས་བཤད་མི་ཆོགདེ་ཅི་ཡིན།བླ་མ་མངོན་ཤེས་ཡོད་ནི་ཅན་ཞིག་ཡིན་ན་དེ་ལྟར་བཤད་ན་བླ་མ་བདེན་སྨྲར་ཀྱི་ལྟུང་བ་འབྱུང་གི་གསུངསལྟུང་བྱེད་འབའ་ཞིག་གི་ནང་དུ་ཡོད་ནི་རེད།དགྲ་བཅོམ་པའི་གོ་འཕང་ཐོབ་བསྡད་ཡོད་ནི་ཞིག་ཡིན་ཡང་དགོས་མེད་དུ་བཤད་ན་མི་ཆོགདགྲ་བཅོམ་པ་དེ་ལྟར་བཤད་ན་དགྲ་བཅོམ་བདེན་སྨྲར་ཀྱི་ལྟུང་བྱེད་འབྱུང་གི་གསུངས་པ་རེདའདུལ་བ་འདི་ཡ་མཚན་པ་ཡིན་ནི་རེད།དགོས་མེད་དུ་དེ་འདྲ་འདུལ་བ་བཤད་ཀི་བསྡད་ན་མི་འགྲིག་པ་རེད།འདུལ་བ་བཤད་དུས་འུ་ཚོ་ཕན་ནི་ཏག་ཏག་རེད།འུ་ཚོ་འགྲིག་ནི་ཏག་ཏག་རེད།འཇིག་རྟེན་མི་ཆོས་དང་མཐུན་པའི་བཅོས་པ་མཛད་ནི་ཤ་སྟག་རེད།མི་ཆོས་དང་མི་མཐུན་ནི་ཞིག་མ་རེད།དེ་ཐུགས་འདང་གནང་དགོས་པ་རེད།དེ་ལྟ་བུའི་སྒོ་ནས་ཚུལ་ཁྲིམས་སྲུང་བ་ལ་བརྟེན་ནས་སྡོམ་དམ་ཚིག་འདི་རྩ་བ་བྱས་ནས་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཏུ་འཇུག་བསམ་ན་རྟེན་འདི་ལ་ཐོབ་ཐུབ་པ་ཡིན་པས་དལ་འབྱོར་འདི་ཆུད་ཟོས་སུ་མ་གཏོང་།རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུངས་པ་ལྟར།མི་ཡི་གྲུ་ལ་བརྟེན་ནས་སུ།།སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།།གྲུ་འདི་ཕྱི་ནས་རྙེད་དཀའ་བས།།རྨོངས་པ་དུས་སུ་གཉིད་མ་ལོགགཉིད་ལོག་གི་མ་འདུགའདོད་ཡོན་གྱི་སྨྱོ་ཆུ་འཐུང་བས་དེས་ནང་དུ་སྨྱོས་ནས་བསྡད་མི་འཇོག་པར་སད་ཀི་ཆུགས།སྨྱོ་ཆུ་འཐུང་རྒྱུ་མཚམས་ཤིག་བྱོས།ཐུགས་འདང་རེ་གནང་ནས་རིམ་པ་བཞིན་དུ།ད་རེས་སྐབས་སུ་བབས་པ་དེ་ཉིད་གང་རེད།ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་དགོས།ཐེག་པ་ཆེན་པོའི་ཆོས་དེའི་ནང་ནས་གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ཉམས་སུ་ལེན་དགོས།འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་ནས།འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ།།ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེགརྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས།།ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས།།ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས།།ཅེས་གསུངས་པ་དེ་འདྲ་རེད།རང་ཅག་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་་ད་རེས་སྐབས་སུ་བབས་པ་ཐེག་ཆེན་གྱི་ལམ་ཡིན་པས་དབང་བསྐུར་ན་ལམ་གྱི་ཉམས་ལེནསྔགས་ཀྱི་ལམ་རིམ་བཤད་དགོས།ཁྲིད་འདེབས་དགོས།ཆོག་ག་འདི་དག་གཟུགས་ཅན་བྱསརྣམ་པ་སྣ་ཚོགས་ལས།་བྱས་མར་བྱསཡིན་པ་ལམ་རིམ་ཁྲིད་པ་རེད།སྔགས་ཀྱི་ལམ་རིམ་ཁྲིད་ན་འདི་འདྲ་རེད།བུམ་ཆུ་བླུགརིགས་ལྔ་མནབས།ཡིན་པ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཤ་སྟག་གཟུགས་ཅན་གྱིས་མཚོན་པ་དེ་འདྲ་བྱས་ན་སེམས་ལ་ཤར་བའི་ཆེད་དུ་རེད། དོན་ལ་ལམ་རིམ་བཤད་བཞིན་ཡོད་པ་རེད།ད་རེས་སྐབས་སུ་བབས་པའི་འཇུག་སྒོ་ཐེག་ཆེན་གྱི་ཐེག་པ་ཡིན་ལ།ཐེག་ཆེན་གྱི་ཐེག་པ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ།འབྲས་བུ་གསང་དབང་རྡོ་རྗེ་ཐེག་པ་གཉིས་སམ་འབྲས་བུ་གསང་དབང་རྡོ་རྗེ་ཐེག་པར་འཇུག་པ་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་བཤད་པའི་ཐུན་མོང་བའི་ལམ་ལེགས་ཚོགས་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནས་དལ་འབྱོར་རྙེད་དཀའ་།རྙེད་ན་དོན་ཆེ་བ་སྒོམ་ཚུལ།འཆི་བ་མི་རྟག་པ་སྒོམ་ཚུལ།ངན་འགྲོའི་སྡུག་བསྔལ་སྒོམ་ཚུལ།དེ་བཞིན་དུ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་སྐྱབས་འགྲོ་བྱེད་ཚུལ།དེ་ནས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་སྒོམ་ཚུལ།མི་དགེ་བའི་ལས་ལམ་བྱས་ན་བཤགས་སྡོམ་བྱས་ཚུལ།ལམ་རིམ་ན་ཁ་འཕྲོ་བྱས་ཏེ་གྲལ་དག་བྱས་སྒྲིགས་བཞག་ཡོད།དེ་ལ་ཐུགས་འདང་གནང་དགོས།དེར་མ་ཟད་མངོན་མཐོ་ལྷ་མིའི་རྟེན་བཟང་ངན་འགྲོའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པའི་སྒོ་ནས་མངོན་མཐོ་ལྷ་མིའི་རྟེན་བཟང་ཙམ་ཞིག་ཐོབ་ནའང་ཡིད་རྟོན་རུང་བ་ཅུང་ཟད་ཙམ་ཞིག་མེད་པརང་ཉིད་ལ་མངོན་མཐོ་ལྷ་མིའི་རྟེན་བཟང་ཐོབ་ཀྱང་ངན་སོང་གི་རྒྱུ་སྒྲུབ་སྟེ་ཁར་མི་ཉན།དེར་ཐུགས་འདང་གནང་སྟེ་རིམ་པ་བཞིན་དུ་ཧྲ་ལ་བྱས་ནས་ཐར་བའི་གོ་འཕང་འཐོབ་པ་ལ་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ།ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ།རྟེན་འབྲེལ་ཡན་ལག་བཅུ་གཉིས་བསམ་པའི་སྒོ་ནས་འཁོར་བའི་སྡུག་བསྔལ་་འདང་ཞིག་རྒྱབ་ནདེ་ལས་ཐར་ན་ཅི་མ་རུང་སྙམ་པའི་བསམ་པ་འདི་ལ་ཐུགས་འདང་རྒྱབ་ནས་ཨེ་ནུས་གིངེས་འབྱུང་གི་བསམ་པའི་ཡན་ལག་དེ་འདྲ་རེད།རང་སྡུག་བསྔལ་གྱི་མནར་བའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན།མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པ་ཡིན་པས་འདི་དག་ལ་འདང་རྒྱག་དགོས།ལམ་སྒྲོན་ལས།རང་རྒྱུ་གཏོགས་པའི་སྡུག་བསྔལ་གྱིས།།གང་ཞིག་གཞན་གྱི་སྡུག་བསྔལ་ཀུན།།ཡང་དག་ཟད་པར་ཀུན་ནས་འདོད།།སྐྱེས་བུ་དེ་ནི་མཆོག་ཡིན་ནོ།།སྔོན་མ་གཉིས་ཏེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར།འབྲིང་དང་ཐུན་མོང་བའི་ཆོས་སྐོར་འདི་སྐྱེས་བུ་ཆེན་པོ་ལམ་རིམ་རྒྱུད་ལ་སྐྱེས་པའི་སྔོན་འགྲོ་རེད།ལམ་གྱི་དངོས་གཞི་ཉམས་སུ་ལེན་པ་ལ་བྱང་ཆུབ་སེམས་འབྱུང་གི་གདམས་པ།རྒྱ་ཆེ་བའི་ལམ་རིམའདི་ཉམས་སུ་ལེན་དགོས།འདི་ཉམས་སུ་ལེན་པ་ལ་མཉམ་མེད་ཇོ་བོའི་ཉམས་སུ་ལེན་པ་སྔར་ལྟརརྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་དང་།བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་ཡོད་པ་འདི་མི་ཚེ་གང་བོ་གདམས་པའི་མཐིལ་དུ་བཟུང་ནས་ངེས་ཅན་དུ་བྱེད་དགོས་པས་ཁོང་གི་ཉམས་མགུར་གསུངས།སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ།།རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན།།ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ།།རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར།།ཞེས་གསུངས་པ་དེ་དག་རེ་རེའི་ཐད་ཀ་ན་བཤད་བྱ་རྩ་བའི་མདོ་ཡོད།ཡང་རེ་རེ་སྦྱར་རྒྱུ་ལ་སོགས་པ་ཡོད་པས་ཁོང་རིགས་དེ་ལྟ་བུའི་ཡ་མཚན་པ་ཡིན་ནི་རེད།འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུངས་པས་བསྟན་བཅོས་ཡ་མཚན་པ་ཡིན་ནི་རེད།མདོ་དེ་དག་འུ་ཚོས་གོ་སླ་བ་བྱས་བཞག་ཡོད་པ་རེད།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིདཐེག་ཆེན་ལམ་གྱི་གཞུང་ཤིང་ཡིན་ཏེ།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས།སེམས་བསྐྱེད་ཀྱི་མཚན་ཉིད་འཇོག་དུས་རང་གི་རྒྱུར་གྱུར་བའི་གཞན་དོན་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་རང་གི་གྲོགས་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་ཐེག་ཆེན་ལམ་གྱི་གཞུང་ཤིང་དུ་བསྟན་པའི་ཆ་ནས་བཞག་པའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན།ཞེས་སེམས་བསྐྱེད་ཀྱི་སྐབས་ནས་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་ཡོདརྣམ་རིག་ཁྱད་པར་ཅན་གྱི་དོན་འཇོག་དུས།ཁྱད་པར་ཅན་གྱི་དོནཤར་ཚུལ་ཐེག་ཆེན་ལམ་གྱི་གཞུང་ཤིང་ཡིན་པས་སྒོ་ནས་ཁྱད་པར་ཅན།ཐེག་ཆེན་ལམ་གྱི་ས་བོན་ལྟ་བུ་ཡིན་པས་སྒོ་ནས་ཁྱད་པར་ཅན།ཐེག་ཆེན་ལམ་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་ཀྱི་སྡོམ་ལྟ་བུ་ཡིན་པས་སྒོ་ནས་ཁྱད་པར་ཅན་ཏུ་བཞག་ཡོད་པས་བྱང་ཆུབ་ལམ་རིམ་ཆེན་མོ་རུ་རྒྱ་ཆེན་པོར་གསུངས་ཡོད།ཡ་མཚན་པའི་མདོ་རྒྱུད་ཐམས་ཅད་ཀྱི་སྤྱི་ཁོག་བསྡུས་ཏེ་གསུངས་ཡོད།དེ་འདྲ་ཞིག་གསུངས་ཡོད་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་ལས་མི་འདའ་བའི་སྒོ་ནས་དེ་ལ་ཐུགས་འདང་གནང་དགོས།མཉམ་མེད་ཇོ་བོ་ཆེན་པོ་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་བདག་གཞན་མཉམ་བརྗེ་སྒོ་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་ཉམས་སུ་ལེན་ཚུལ་འདི་རྗེ་བཙུན་འཇམ་པའི་དབྱངས་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ལམ་རིམ་ཉམས་སུ་ལེན་ཚུལ་རེད།རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་འདི་རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ལམ་རིམ་ཉམས་སུ་ལེན་ཚུལ་ཅིག་རེད།དེ་འདྲ་བྱང་ཆུབ་ཀྱི་སེམས་དེ་ལ་མཐོ་དམའ་མེད་ཀྱང་གདམས་པ་སོ་སོ་རེད།ལམ་རིམ་ཆེན་མོའི་ཁྲིད་ཐོབ་དུས་གཉིས་ཀའི་ཁྲིད་ཐོབ་པ་རེད།འདིར་གསུངས་དུས་གཉིས་ཀའི་ཁྲིད་འདེབས་པ་རེད།རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་འདིས་སྔོན་དུ་ངེས་པར་ཏུ་ངེས་འབྱུང་གི་སེམས་པ་སྐྱེས་ནས་དེའི་རྗེས་སུ་གཞན་དོན་དོན་གཉེར་གྱི་བློ་བསྐྱེད་པ་ལམ་རིམ་སོགས་སུ་ས་བཅད་བླངས་ནས་གསུངས་ཡོད།དེ་ལ་ཐུགས་འདང་གནང་དགོས།གཞན་དོན་དོན་དུ་གཉེར་བསམ་ན་འདི་འདྲ་བྱས་ནས་གཞན་དོན་བསྒྲུབ་ན་ཨེ་ནུས་ཀིའུ་ཚོ་སོ་སོ་སྐྱེ་བོ་རེད།འདི་འདྲ་བྱས་ནས་བསྒྲུབ་བསམ་་ཉི་ཚེ་བ་འབའ་ཞིག་རེད།གཞན་དོན་བསྒྲུབ་རྒྱུ་གང་ན་ཡོད།གཞན་དོན་ཞིག་ལས་རྒྱུའི་དབང་དུ་བཏང་ན་དེས་ནང་དུ་ཉེ་རིང་ཆགས་སྡང་ཞིག་ཡོང་བ་རེད།རང་ཉིད་དགའ་ས་འཐད་ས་ཡིན་ན་དོན་དག་སྒྲུབ།མི་དགའ་ས་ཡིན་ན་མི་སྒྲུབ།དགྲ་གཉེན་བར་མ་གསུམ་པོ་དེ་ཐམས་ཅད་ཆ་མཉམ་པོ་ཞིག་བྱེད་རྒྱུ་འུ་ཚོ་བ་གི་ཡོད་ནི་མ་རེད།དེས་སྟབས་ཀྱིས་བདག་གཞན་མཉམ་བརྗེ་སྒོ་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་རྗེ་བཙུན་འཇམ་པའི་དབྱངས་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་བརྒྱུད་དུསའཇིག་རྟེན་བདེ་བ་ཇི་སྙེད་པ།།དེ་ཀུན་གཞན་བདེ་འདོད་ལས་བྱུང་།།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།།དེ་ཀུན་བདག་བདེ་འདོད་ལས་བྱུང་།།མང་དུ་བཤད་ལྟ་ཅི་ཞིག་དགོས།།བྱིས་པ་རང་གི་དོན་བྱེད་དང་།།ཐུབ་པ་གཞན་གྱི་དོན་མཛད་པ།།འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།།ཞེས་གསུངས།སྔོན་སངས་རྒྱས་བཅོམ་ལྡན་འདས་དང་འུ་ཚོ་དང་མཉམ་དུ་དམྱལ་བ་སྐྱེས་ནི་རེདམཉམ་དུ་འཁོར་བར་འཁོར་ནི་རེད།རེད་དེ་ཁོང་རིགས་ཀྱིས་གཞན་དོན་འབའ་ཞིག་མཛད་དེ་སངས་རྒྱས་ཀྱི་གོ་འཕང་ཐོབསྤྲུལ་སྐུ་འཁྲུལ་མེད་ལ་སོགས་པ་བྱོན་ནས་གཞན་དོན་མཛད་པ་ཅིག་ལྟོས་ར་ཁྱོད་ད་རུང་འཁོར་བའི་ནང་དུ་ལུས་འདུགཁ་བརྡ་བྱས་ན་དེ་འདྲ་རེད།དེ་ནས་གཞན་དོན་ལ་འདང་རྒྱག་དགོས།གཞན་དོན་མཛད་པའི་རྒྱུ་མཚན་ཅི་ཡིན།མར་ཤེས།དྲིན་དྲན།དྲན་བཟོ་བ་སོགསའཇིག་རྟེན་ན་མར་མ་གྱུར་བ་མེད་པ་ནི།།སངས་རྒྱས་ཐུགས་རྗེ་ཅན་གྱིས་སྡོང་བོ་བཀོད་པོའི་མདོ་ལས།མར་མ་གྱུར་བའི་སེམས་ཅན་ནི་ངས་འཇིག་རྟེན་ན་མཐོང་བར་དཀའོ།།ཉེ་དུ་མ་གྱུར་བའི་སེམས་ཅན་ནི་ངས་འཇིག་རྟེན་ན་མཐོང་བར་དཀའོ།།རིམ་པ་བཞིན་དུ་གསུངས་པས་རང་གི་ཨ་མའི་ངོ་མ་ཤེས་པ་མ་གཏོགས།ཨ་མ་རེད།ཨ་མ་ཁྲེལ་མེད་བྱེད་མི་ཉན།མངལ་སྐྱེས།སྒོང་སྐྱེས།རྫས་སྐྱེས།དྲོད་བཤེར་སྐྱེས་ལ་སོགས་པ་ཡོད་པས་མངལ་སྐྱེས་ལྟ་བུ་ལ་ཐུགས་འདང་གནང་་རང་གི་ཨ་མ་དྲིན་གྱི་བསྐྱངས་ཡོད་པ་ཚེ་འདིའི་མ་ལ་ཐུགས་འདང་གནང་ན་ཤེས་པས།ཐམས་ཅད་ཀྱི་ཨ་མ་རང་ཉིད་བདག་སྐྱོང་བྱས་པ་ནས་བདེ་བ་བསྐྲུན་ཡོད་པ་རེད།དེ་བས་དྲིན་དྲན་བཞིན་དྲིན་བཟོ་བ་གལ་ཆེན་རེད་བསམ་ནས་དྲིན་བཟོ་དགོས།དྲིན་དྲན་རྒྱུ་མེད་དུས་ཁྲེལ་མེད་ཡིན།འོ་ཚོ་ཁྲེལ་མེད་བྱེད་བཞིན་འདུགལམ་རིམ་ལས།དེ་ལས་ཁྲེལ་ཆུང་བ་མེད་དེ།ཞེས་གསུངས་པས་ཁྲེལ་མེད་རེད་ཅེས་གསུངས།ངོ་ཚ་རྒྱུ་མེད་པའི་འོ་སྐོལ་དེ་འདྲ་རེད་གསུངས།དེ་ནས་སྟབས་ཀྱིས་གཞན་དོན་དོན་དུ་གཉེར་བའི་དྲུག་པ་ལྷག་བསམ་རྒྱུད་ལ་སྐྱེས་པ་གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་ཏེ་བླ་མེད་བྱང་ཆུབ་ཀྱི་གོ་འཕང་འཐོབ་ན་ཅི་མ་རུང་སྙམ་པའི་བསམ་པ་དེ་ལ་བཅོས་མིན་གྱི་མྱོང་བ་ཐོན་པ་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་རྒྱུད་ལ་སྐྱེ་བ་ཞེས་བྱའོ།།དེ་ཉིད་ས་བོན་དུ་བྱས་ནས་རང་རྒྱུད་སྨིན་བྱེད་ཕྱིན་དྲུག་དང་།གཞན་རྒྱུད་སྨིན་བྱེད་བསྡུ་བཞི་སོགས་ལ་སླབ་ནས་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་དང་འབྲེལ་བའི་མཐའ་ལ་ཆོས་གཟུགས་ཀྱི་སྐུ་གྲུབ་རྒྱུ་རེད།ད་དེ་འདྲ་རེད།ཐུན་མོང་བའི་ལམ་སྦྱངས་ན་དེ་འདྲ་རེད།དེ་ལྟ་བུའི་ཐུན་མོང་བའི་ལམ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་ཞི་ལྷག་གི་བར་གྱི་ལམ་གྱི་རིམ་པ་དང་སྤྱི་དང་ལྷག་པར་བསམ་གཏན་གྱི་ཕར་ཕྱིན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ།ཤེས་རབ་ཀྱི་ཕར་ཕྱིན་གྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ།ཡ་མཚན་པ་དེ་འདྲ་རེད།ལྷག་མཐོང་ལ་སློབ་དུས་དབུ་མའི་ལྟ་བ་ལ་སློབ་ཚུལ།དབུ་མའི་ལྟ་བ་དེ་ལ་འོག་མ་འོག་མའི་ལྟ་བའང་གོང་མའི་སྟེགས།།ཞེས་གསུངས་པ་ལྟར།ཉན་ཐོས་སྡེ་གཉིས་ཀྱི་ལྟ་བ་ཇི་འདྲ་ཡིན་པ།བདག་མེད་རྟོགས་པའི་ལྟ་བ་གང་འདྲ་བ་རེད།དེ་བཞིན་དུ་སེམས་ཙམ་པའི་དབུ་མའི་ལྟ་བ་གང་འདྲ་བ་རེད།དེ་ནས་རང་རྒྱུད་པའི་དབུ་མའི་ལྟ་བ་གང་འདྲ་བ་རེད།དེ་ནས་ཐལ་འགྱུར་བའི་དབུ་མའི་ལྟ་བ་གང་འདྲ་བ་རེད།རྗེ་ཐམས་ཅད་མཁྱེན་པས།ལྷག་མཐོང་གི་སྐབས་སུ་ཟླ་བསྐྱངས་གཉིས་ཀྱི་དགོངས་པ།མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ།དཔལ་ལྡན་ཟླ་བ་གྲགས་པ་དང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་དང་བསྟུན་ནས་འགྲེལ་བ་མཛད་པ་དེ་ལ་ནོར་བ་དང་འཆུག་པ་མེད།ཞི་གནས་ཉམས་སུ་ལེན་ཚུལ་ལ་སོགས་པའི་སྐབས་སྒོམ་རྒྱབ་སྟེ་ཅི་ཡང་ཡིད་ལ་ཤར་མི་ཉན་ཞེས།བོད་སྔ་མ་བཤད་པ་སོགས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མ་བྱོན་བར་དུ་དེ་འདྲ་ལྡ་རེ་ལྡིར་རེ་བྱས་ནས་བསྡད་པ་རེད།ཁོང་རིགས་ཀྱིས་ཡ་མཚན་པའི་སྒོ་ནས།རྗེ་བཙུན་བྱམས་པ་མགོན་པོའི་དབུས་མཐའ་དང་།ཆོས་ཉིད་རྣམ་འབྱེད།མདོ་སྡེ་རྒྱན་གྱི་དགོངས་པ་ཅི་ལྟ་བ་བཞིན་དུ་གཏན་ལ་ཕབ།མདོ་སྡེ་རྒྱན་གྱི་གདམས་ངག་རྗེས་སུ་བསྟན་པའི་ལེའུ་བཅོ་ལྔ་བར་གསུངས།དབུས་མཐའི་སྐབས་སུ་རྒྱ་ཆེན་པོ་འདི་དག་ཞི་གནས་གྲུབ་རྗེས་སུ་སེམས་གནས་དགུའི་སྒོ་ནས་སྒྲུབ་བྱེད།ཡིད་བྱེད་ཀྱི་འགྲུབ་ལུགས།སྟོབས་དྲུག་གི་འགྲུབ་ལུགས་ལ་སོགས་པ་ཞི་གནས་གྲུབ་ཚུལ་གསུངས།འཕགས་པ་ཐོགས་མེད་ཀྱི་ཉན་སའི་དགོངས་པ་ཇི་ལྟ་བ་བཞིན་རེད།ཞེས་འུ་་ཚོ་ལ་གྲ་དག་བྱས་ཡོད།འུ་ཚོས་དཔེ་ཆ་བལྟ་རྒྱུ་དང་དཔྱད་པ་བྱེད་རྒྱུ་ཕར་ཟད།དཔེ་ཆའི་ཁ་ཕྱེ་རྒྱུ་དཀའ།ལམ་རིམ་ཆེན་མོ་ཁ་ཕྱེ་ནས་ཉིན་རེ་ཤོག་རྒྱུན་ཞིག་བཟུང་སྟེ་བཏོན་ན་ཧྲ་ནི་རེད།ཤོག་བུ་འགའ་རེ་བཏོན་ན་ཡང་མི་འདྲ་བ་རེད།སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཡིན་པས་ཐབས་དེ་ལྟ་བུ་ལས་གཞན་མེད།ས་དགེ་རྙིང་གསུམ་མཐུན་པ་རེད།འཇམ་མགོན་བླ་མ་ཙོང་ཁ་་ཆེན་པོ་གསུངས་པ་ལྟར་འདིས་ཕར་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་ལམ་ཡོད་ནི་མ་རེད།ལམ་ཡིག་ཡོད་ནི་མ་རེད།སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་སྒྲུབ་ཐབས་ཡོད་ནི་མ་རེད།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་བྱུང་བའི་ཉུང་ཁུ་ཡིན་པསསྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས།།ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང་།།ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང་།།རྒྱལ་བའི་མཛད་པ་རིང་དུ་སྐྱོང་ཞེས་འུ་ཚོ་ལ་ཞལ་གདམས་གནང་།སྨོན་ལམ་བཏབདེ་ལྟར་བྱས་བཞག་ཡོད་པ་ཐུགས་ལ་བཟུང་ནས་ཐུན་མོང་བའི་ལམ་སྦྱང་་ལ་འདང་རྒྱག་དགོས།དེའི་འོག་ཏུ་གང་བྱེད་དགོས་ནི་རེད་ཅེ་ན།ཐུན་མོང་བའི་ལམ་སྦྱངས་པའི་དེས་སྟེང་དུ་ཐུན་མོང་མ་ཡིན་པ་སྔགས་ལ་འཇུག་དགོས་གསུངས།སྔགས་ལ་འཇུག་དགོས་ན།ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་བ་ན།།ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེགསྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར།།བདེ་བླག་ཉིད་དུ་འཇུག་ཅེས་གསུངས་པ་ལྟར།མཚན་ཉིད་ཀྱི་གནད་གསུམ།ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་པོདེའི་ནང་དུ་སྐྱེས་བུ་གསུམ་གྱི་ལམ་རིམ་བསྡུས་བཞག་ཡོད་ནི་རེད།ངེས་འབྱུང་གི་བསམ་པའི་ནང་དུ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ་དང་འབྲིང་དང་ཐུན་མོང་བའི་ཆོས་སྐོར་བསྡུས།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་ཐེག་ཆེན་གྱི་ལམ་རེད།འུ་ཚོས་གདམས་པའི་མཐིལ་དུ་འཛིན་དགོས།དེའི་ནང་ལ་སྐྱེས་བུ་ཆེན་པོའི་ཆོས་སྐོར་བསྡུས།སྟོང་ཉིད་ཀྱི་ལྟ་བ་དེ་གཉིས་ཀྱི་གྲོགས་སུ་འགྲོ་དགོས།དེའི་མིང་ལ་མཚན་ཉིད་ཀྱི་གནད་གསུམ་ཟེརསྟོང་ཉིད་ཀྱི་ལྟ་བ་འདི་ཀླུ་སྒྲུབ་ཡབ་སྲས་ཀྱིས་རིགས་ཚོགས་དྲུག་གི་སྐབས་སུ་གསུངས་་དེ་འདྲ་གཞན་ན་ཡོད་དམ་མེད་ཅེ་ན།ཡོད་ནི་མ་རེད།སྔགས་ཀྱི་སྐབས་སུའང་སྟོང་ཉིད་ཀྱི་ལྟ་བ་མདོ་ལས་གསུངས་པ་དེ་མ་གཏོགས་དེ་ལས་ལྷག་པ་གཞན་མེད་ཅེས།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་གྲུབ་མཐའ་རྩ་བ་ལས།མདོ་སྔགས་གཉིས་ཀས་ཉོན་སྒྲིབ་ཀུན་ཟད་ནུས།།ཡུལ་མཆོག་བསྟན་ཀྱང་ཡུལ་ཅན་མཆོག་སྦས་བཞིན།།དྲི་གཙོ་བསྟན་ཀྱང་གཉེན་པོ་མཆོག་སྦས་ཕྱིར།།ཤེས་སྒྲིབ་ཆུང་ཕྲ་སྔགས་ལས་མདོས་མི་ནུས།།ཞེས་གྲུབ་མཐའ་རྩ་བ་ན་དེ་འདྲི་ཚིགས་བཅད་ཉུང་ངུ་ཞིག་གི་ནང་དུ་མདོ་སྔགས་གཉིས་ཀ་བསྡུས་ཏེ་གྲལ་དག་པ་གསུངས་པ་དེ་འདྲ་ཡ་མཚན་པ་རེད།དེ་ལྟ་བུའི་སྒོ་ནས་ད་རེས་སྐབས་སུ་བབས་པ་ཐུན་མོང་ལམ་གྱི་སྦྱངས་པ་སྔོན་དུ་སོང་སྟེ་རྒྱུ་སྣོད་རུང་དུ་བཅས།དེ་ནས་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་མདུན་དུ་དབང་ལེགས་པར་ཐོབ་པ་སྣོད་རུང་གཉིས་པ་སྟེརྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལག་ཏུ་མི་ཡོང་།ང་འདྲ་བ་དབང་བསྐུར་བ་ཡིན།དེ་འདྲ་ལས་མེད་སོང་བ་རེད།དུས་ངན་སྙིགས་མ།སངས་རྒྱས་ཀྱི་བསྟན་པ་ནུབ་ལ་ཉེ་བས།ལྔ་བརྒྱ་ཐ་མའི་དུས་སུ་ཡིན་པས།ཚུལ་ཁྲིམས་ཀྱི་ལེའུ་མཇུག་རྫོགས་བཞིན་ཡོད་ནི་རེདཧ་ཅང་གི་སྡོམ་དམ་ཚིག་སྟེ་ཚུལ་ཁྲིམས་སྲུང་ནི་ཞིག་གིས་དབང་བསྐུར་ན་ཧྲ་ནི་རེད།བཟང་ནི་རེད།སྡོམ་དམ་ཚིག་གཙོ་བོ་བྱས་ཏེ་ཡ་མཚན་པའི་སྒོ་ནས་ནན་ཏན་བྱེད་དགོས།ང་དེ་འདྲ་ཞིག་ཡིན་མིན་ཐམས་ཅད་ཀྱི་མཁྱེན་བཞིན་པ་རེད།ཡིན་ཡང་འདང་རྒྱག་རྒྱུ་ཞིག་ཡོད་པ་ནི་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གསུང་གི་མནན་ནས་ཡར་མར་འགྲོ་དགོས།མ་སོང་ན་མི་ནུས།ཁྱོད་ཕེབས་ཟེར་མཁན་མང་གི་ཟེར་གསུངསཡང་འདི་ཚོ་ལས་འབྲེལ་ཡོད་ནི་གཅིག་གཉིས་རེ་ཡོད་རྒྱུ་རེད།ནང་སྒོས་སུ་ཨ་ལགས་མཛོད་དགེ་ཚང་གིས་ཡང་དང་བསྐྱར་དུ་བཤད་པཁོང་ཚང་བླ་མ་བསམ་གྱིས་མི་ཁྱབ་པ་རེད།བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁེན་ས་བསྟེན་ས་ཡིན་པ་དེ་འདྲའི་བཀའ་བཞིན་དུ་ངོ་བཟློག་མ་ཐུབ་པ་ཡིན།དམ་ཚིག་གི་བསྲེས་ལྷད་མེད་པ་ཡིན།ད་རེས་ཡོང་བ་འདི་འཆི་ཁའི་ཁ་ཆེམས་ཡིན།ཤེས་ཚོད་ཐུབ་ཚོད་ཀྱིས་ཕྱག་ལེན་གྲལ་དག་པོ་བྱས་ཁུལ་ཡིན།འཇམ་པའི་དབྱངས་ཁོང་རང་ཉིད་ཀྱིས་སྔོན་མ་དབང་མང་བོ་མི་ཏྲ་བརྒྱ་རྩ།རྡོ་རྗེ་ཕྲེང་བ།རྗེས་སུ་ཁོང་རིགས་ཀྱིས་བཀའ་བརྒྱ་མ་ཡང་མང་བོ་གནང་ཞེས་ཐུགས་འདང་ཡོད་ནོ། བཤད་ཀི་སྡོད་ར་འདོན་གི་འདུག  བ་ནི་རེད། མང་བོ་མ་ཡོང་ན་ཧྲ་གི་འུ་གཉིས་ཀྱིས་འདོན་གི་འདུག་ར་ཆོག་གི་ཞེས་གསུངས།ང་ལྟ་བུ་ལ་བཏོན་མ་བཏོན་མེད་ནི་ཅན་པོ་ཡིན་ནི་རེད། དེ་ལྟ་བུའི་ཚུལ་གྱིས་དབང་ལེགས་པར་ཐོབ་པའི་སྣོད་རུང་གཉིས་པ་སོང་ ད་ནི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཅི་ལྟ་བུ་ཞིག་དགོས་ཞེ་ན། དེ་ལ་ཡང་སྔགས་བླ་མེད་ཀྱི་རྡོ་རྗེ་སློབ་དཔོན་དང་རྒྱུད་སྡེ་འོག་མ་གསུམ་གྱི་རྡོ་རྗེ་སློབ་དཔོན་གཉིས་ཡོད་པས་རྒྱུད་སྡེ་འོག་མ་གསུམ་གྱི་རྡོ་རྗེ་སློབ་དཔོན་ནི།ཕྱིའི་དེ་ཉིད་བཅུ་ཚང་བས་ཆོགསྔགས་བླ་མེད་ཀྱི་རྡོ་རྗེ་སློབ་དཔོན་ཡིན་ན་ནང་གི་དེ་ཉིད་བཅུ་དང་ཉི་ཤུ་བོ་ངེས་ཅན་དུ་ཚང་དགོས་པས་དཀའ་བའི་ཚོད་དུ་སླེབས་པ་རེད།ཕྱིའི་བཅུ་དང་ནང་གི་བཅུ་ལ་སོགས་པ་སྔགས་བླ་མེད་ཀྱི་རྡོ་རྗེ་སྙིང་བོའི་རྒྱན་གྱི་རྒྱུད་ན་སྡོམ་ཚིག་ཏུ་བྱས་ཏེ་གསུངས་ཡོད།རྡོ་རྗེ་སྙིང་བོའི་རྒྱན་གྱི་རྒྱུད་དེ་སྔགས་བླ་མེད་ཀྱི་ཆ་མཐུན་གྱི་རྒྱུད་དུ་སྡོམ་ཚིག་ཏུ་བྱས་ནས་དྲངས་བཞག་ཡོད།དེ་འདྲ་ཚང་རྒྱུ་དཀའ་བའི་ཚོད་དུ་སླེབས་པ་རེད།དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བའི་སྣོད་རུང་གསུམ་པ་དེ་སློབ་མའི་ངོས་ནས་ཚང་དགོས་པས་ཧུར་ཐག་གི་འབད་པ་བྱོས།སྔགས་ཀྱི་སྡོམ་པ་ཡོད་ནི་རེད།བྱང་སེམས་ཀྱི་སྡོམ་པ་རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་ཞེ་དྲུག་སྲུང་བའི་སྡོམ་པ་ཡོད་ནི་རེད། སྦོམ་པོ་བརྒྱད་དང་བཅུ་ལ་སོགས་པ་ཁས་ལེན་རྒྱུ་མང་ནི་རེད། བསྲུང་རྒྱུ་མི་དགའ།ཁས་ལེན་རྒྱུ་དགའ། འུཚོ་དེ་འདྲ་ཞིག་རེད།དེ་འདྲ་བྱས་ན་གང་འདྲ་བྱེད་རྒྱུ་རེད།རྒྱལ་བ་རྡོ་རྗེ་འཆང་ལ་མགོ་གཡོགརྡོ་རྗེ་སློབ་དཔོན་ལ་མགོ་སྐོར།རང་གི་དངོས་བརྒྱུད་དྲིན་ཆེན་རྩ་བའི་བླ་མ་རྣམས་ལ་མགོ་གཡོགདེ་ལྟར་བྱས་ན་རྗེས་ཕྱོགས་ལས་རྒྱུ་འབྲས་ལ་འདང་རྒྱག་རྒྱུ་གལ་ཆེ།རང་གིས་རང་ལ་ཁ་བརྡ་བཤད་དགོས།མ་འགྲིག་བསམ་ཏེ་འགྱོད་སེམས་ཤིག་ཡོད་ན་ཕུན་སུམ་ཚོགས་པ་ཡིན་མོད།དེ་ལྟར་མ་བྱས་པརདྲགས་ནི་རེད།དེང་སང་ནངས་ཀའི་དུས་ཚོད་དེ་འདྲ་རེད་བསམ་ནས་རང་གིས་རང་ལ་གནང་བ་བྱིན།ཅི་སྐྱོན་ཅི་སྐྱོན་རང་བྱས་ན།།འདི་སྐྱོན་དམྱལ་བ་ནས་བསྟན་ཡོང་།།ཞེས་པ་འུ་ཅག་ཚོའི་ཐོག་ཏུ་ཐོན་རྒྱུ་རེད།ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བའི་སྣོད་རུང་གསུམ་པ་སྟེ།དབང་བསྐུར་ན་དེ་འདྲ་ཞིག་ལ་བསྐུར་དགོས།དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པ་རང་ཅག་རྣམས་གསང་སྔགས་རྡོ་རྗེ་ཐེག་པའི་གདུལ་བྱར་འགྱུར་དགོས་པ་ཡིན།གོང་གི་སྣོད་རུང་དུ་གྱུར་བའི་ཁྱད་ཆོས་མ་ཚང་ན་སྔགས་ཀྱི་གདུལ་བྱར་མི་འགྱུར་བར་མ་ཟད་འདི་ནས་ཤི་མ་ཐག་ཏུ་དམྱལ་བ་ཆེན་པོར་འགྲོ་དགོས་པ་ཡིན་ཏེ།བྱ་རྒྱུད་རྡོ་རྗེ་ཕྲེང་བ་ལས།ཐོག་མར་སློབ་མ་གང་གི་ཚེ།།བློ་ལྡན་ཡང་དག་དབང་བསྐུར་ན།།རྫོགས་པའི་རིམ་པའི་རྣལ་འབྱོར་ལ།།དེ་ཡི་ཚེ་ན་སྣོད་དུ་འགྱུར།།ཡང་དག་དབང་བསྐུར་གྱིས་དབེན་ན།།སྒྲུབ་པས་རྒྱུད་ཀྱི་དོན་ཤེས་ཀྱང་།།སློབ་དཔོན་སློབ་མཚུངས་པར་ནི།།མི་བཟད་དམྱལ་བ་ཆེན་པོར་འགྲོ།།ཞེས་རྒྱལ་བ་རྡོ་རྗེ་འཆང་གིགསུངས་པ་ལྟར་ཡིནདེར་མ་ཟད་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་སྣོད་རུང་མ་ཡིན་པ་ལ་རྒྱུད་བསྟན་ན།མ་སྨིན་པ་ལ་གསང་བ་སྒྲག་པའི་རྩ་ལྟུང་འབྱུང་བ་ཡིན་པ་དང་།སློབ་དཔོན་རང་ཉིད་ཀྱི་དངོས་གྲུབ་རྣམས་ཀྱང་ཉམས་པར་འགྱུར་ཏེ།བྱ་རྒྱུད་རྡོ་རྗེ་ཕྲེང་བ་ལས།ཇི་ལྟར་སེང་གེའི་འོ་མ་ནི།།ས་ཡི་སྣོད་དུ་གཞག་མི་བྱ།།དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུ།།སྣོད་མིན་དག་ལ་སྦྱིན་མི་བྱ།།སློབ་མ་སྐད་ཅིག་དེ་ལ་འཆི།།འདི་དང་ཕ་རོལ་ཏུ་ནི་ཕུང་།།སྣོད་མིན་མན་ངག་རབ་བཤད་ན།།ཞེས་གསུངས་པ་དེ་འདྲ་རེད།བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་།ཆོས་ཟབ་པའི་མི་ཆོག་ཀུན་སློང་ཟབ་དགོས།ཅེས་གསུངས་པ་ལྟར་རང་ཅག་བླ་སློབ་གཉིས་ཀྱི་ངོས་ནས་བསམ་པ་རྒྱ་ཆེན་པོ་བྱེད་དགོས་པ་ཡིན།དེ་ཡང་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་དང་།ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཅི་ནས་ཀྱང་བྱ་དགོས་ལ།དེ་ལྟ་བུའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་བླ་མ་ཡི་དམ་ཆོས་སྐྱོང་ལམ་གྱི་གྲོགས་ཐམས་ཅད་རང་གི་འཐོབ་བྱའིལམ་གྱི་གྲོས་དང་མཐུན་པ་ངེས་པར་བསྟེན་དགོས་ཞིང་སྤྱིར་སྔགས་བླ་མེད་ཀྱི་དཀྱིལ་འཁོར་རེ་རེ་ཀྱང་མངལ་སྐྱེས་ཁམས་དྲུག་ལྡན་གྱི་སོ་སོ་སྐྱེས་བོ།ཆིང་བ་ལྔ་ལྡནཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་ཐབས་རྣམ་དག་ཐོབ་་བླ་མ་ཁོ་ནའི་ཁྱད་ཆོས་ཡིན་མོད།དེ་ལྟ་ནའང་སྔགས་བླ་མེད་ལ་བསྟེན་པའི་ནང་ནས་ཀྱང་ཆེས་ཤིན་ཏུ་མྱུར་བ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་འདོད་ན་གསང་འདུས་འཇིགས་གསུམ་ཡ་མ་བྲལ་བར་ངེས་པར་བསྟེན་དགོས་ལ།དེ་ལྟ་བུའི་བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ལམ་འདི་རྒྱུད་ལ་སྐྱེ་པ་ལ་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་བྱེད་དགོས་ཤིང་དེའི་ང་རྒྱལ་དང་མཐུན་པའི་རྣལ་འབྱོར་ལ་མོས་ན་འགལ་རྐྱེན་བར་ཆད་ཐམས་ཅད་བྲལ་ཞིང་དེའི་རོགས་ལ་འཁོར་ཆེན་འདི་ཡང་ཁྱད་མེད།ཁོང་རིགས་ལ་ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་ཚང་བ་དེ་འདྲའི་ཡ་མཚན་པ་རེད།འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་ཏུ་ཐོབ་པར་འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་མང་བོ་ནས་གསུངས་པ་ཡིན་ལ།དེ་ན་གཤིན་རྗེ་གཤེད་སྐོར་ཀྱི་རྒྱུད་རྣམས་སྟོན་པས་ཇི་ལྟར་གསུངས་ཚུལ་ལ།བླ་མ་བྷ་རོ་བ་ནས་བརྒྱུད་པའི་གཏམ་རྒྱུད་ཅིག་འདུག་ཀྱང་སྔོན་གྱི་མཁས་པ་བུ་སྟོན་རིན་པོ་ཆེ་དང་མཁས་གྲུབ་རིན་པོ་ཆེ་སོགས་ཀྱིས་ཚད་མར་མི་བཞེད་པ་འདིར་མ་བྲིས།མི་བཞེད་ནའང་ཧ་ཅང་གི་ཡ་མཚན་པ་ཡིན་ནི་རེད། བླ་མ་བྷ་རོ་བ་ར་ལོ་ཙ་བའི་བླ་མ་རེད། སྟོན་པས་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གྱི་རྒྱུད་གསུངས་པའི་ཚེ་བླ་མེད་ཀྱི་རྒྱུད་གཞན་རྣམས་ཀྱང་གསུངས་པར་དུས་འཁོར་རྩ་རྒྱུད་ནས་གསུངས།

ཞེས་མདོ་སྨད་ཀྱི་ཆོས་གྲྭ་ཆེན་མོ་ཀླུ་ཚང་དགོན་དུ་ཁོམ་སྐབས་དང་བསྟུན་འཇིགས་བྱེད་དཔའ་བོ་གཅིག་པའི་སྨིན་བྱེད་དབང་གི་སྔོན་འགྲོའི་གསུང་བཤད་སྒྲར་ཕབ་པ།དམ་པ་གང་གི་སློབ་མའི་མིང་ཙམ་འཛིན་པ་བན་ཤུལ་བྱམས་པ་རྒྱ་མཚོས་༢༠༢༥ལོའི་ས་ག་ཟླ་བའི་ཚེས་བརྒྱད་ཉིན་རང་ཤག་དཔེ་མང་སྤུངས་པའི་དགའ་ཚལ་དུ་སྦྱར་བ་ལགས་སོ།།དམ་པ་ཁོང་གིས་མཚོན་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་ཚེ་བརྟན་ཅིང་རླབས་ཆེན་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་གྱུར་ཅིགདགེ་ལེགས་འཕེལ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།