རྗེས་དྲན་མཆོད་པའི་ལྷ་དར།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-08-28 09:35:44
རྩོམ་པ་པོ། དམུ་དགེ་རྨད་བྱུང་རྒྱ་མཚོ ཀློག་ཐེངས།
ན་མོ་གུ་རུ་པྲཛྙཱ་ས་རཱ་ཡ།
ཨོཾ་ཨཱཿ གུ་རུ་བཛྲ་དྷ་ར་པྲཛྙཱ་ས་ར་ཤྲཱི་བྷདྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ།
དམ་ཆོས་མང་ཐོས་ཆུ་འཛིན་རབ་ཏུ་དཀྲིགས།།
འཆད་པ་རྔ་གསང་སྟོང་གི་སྒྲ་བརྒྱ་ལྡིར།།
སྡེབ་སྦྱོར་ལེགས་པའི་འཛུམ་མདངས་ཀུན་ནས་རྒྱས།།
མཚུངས་མེད་དཔལ་ལྡན་བླ་མ་གཙུག་ན་རྒྱལ།།
མཚན་དཔེའི་མེ་ཏོག་གསེར་དེའུ་སྤང་ནས་བཞད།།
ཐ་སྙད་གཙུག་ལག་ཁ་བའི་ལྗོངས་ནས་བསླབ།།
མཁས་པའི་གྲགས་པ་ཕྱོགས་བཞིའི་གླིང་ལ་ཁྱབ།།
རླབས་ཆེན་མཛད་རྗེས་གཙུག་ལག་ཁྲོད་དུ་བཞག།
གང་སྐུའི་ཞལ་གྱི་བུམ་བཟང་ལས།།
ལེགས་བཤད་བདུད་རྩིའི་ཉིང་ཁུ་ཆེ།།
རྣམ་དཔྱོད་ཧུབ་ཀྱིས་ལེཊ་བརྔུབས་པས།།
ཐོན་མི་གཉིས་པའི་ཁུར་ཆེན་བཞེས།།
རྟག་ངུས་ཆོས་འཕགས་བསྟེན་པ་ལྟར།།
ལུས་ངག་ཡིད་གསུམ་བླ་མའི་བྲན།།
དད་འདུན་གཙང་མས་ལེགས་ཕུལ་ནས།།
བཀའ་བཞིན་མཆོད་པས་མཉེས་པར་མཛད།།
བརྩོན་པ་ས་འཛིན་རི་བོའི་སྤོར།།
སྟངས་སྟབས་གར་གྱི་རོལ་བ་ཡིས།།
འཇིགས་མཛད་རྡོ་རྗེའི་སྐུར་བཞེངས་ནས།།
རྣལ་འབྱོར་བསྐྱངས་པའི་སེམས་དཔར་འདུད།།
ཆེར་སྙིགས་བསྟན་འགྲོའི་ཕན་བདེའི་ཆེད།།
རྡོ་རྗེ་ཐེག་པའི་ལམ་ཞུགས་ནས།
གཡོ་མེད་ཏིང་འཛིན་རླབས་ཆེན་གྱིས།།
བསྟན་འགྲོའི་ཆུ་བོ་བསྐྱངས་ལ་དད།།
སྲིད་འབྱོར་འཇའ་ཚོན་མཁའ་ལ་འཕྱོ།།
ཟང་ཟིང་སྒྱུ་མའི་གཡོ་ཁྲམ་ཁྲོད།།
ཐོས་བརྩོན་ལས་ལ་རབ་གཞོལ་བ།།
དམ་པ་ཁྱེད་ཉིད་ལྟ་བུ་དཀོན།།
བཅུ་ཕྲག་རིག་གནས་ཀུན་གྱི་མཆོག།
མཐའ་མེད་གཞུང་ལ་འཇུག་པའི་སྒོ།།
བརྡ་སྐད་ཚུལ་ལུགས་འཆད་པ་ལ།།
མཁྱེན་པའི་ཤེས་རབ་མཁའ་ལ་གཡོ།།
སྒྲ་རིག་བསྟན་འཛིན་རྒྱུ་སྐར་ཁྲོད།།
ཟླ་གཞོན་སྟོང་གི་དགེ་མཚན་ཅན།།
འོད་བརྒྱའི་སྣང་བ་ཆེས་གསལ་བ།།
ཀུན་གསལ་མཁའ་ལ་ཤིན་ཏུ་ཉུང་།།
སྡེབ་སྦྱོར་རིག་པའི་གཞུང་ལུགས་ཆེ།།
སཱ་ལའི་ལྗོངས་འདིར་འགྲེམས་པ་ལ།།
མཁས་མང་ས་འཛིན་རི་བོའི་དབུས།།
ཟླ་ལྟར་གསལ་ལ་བརྗིད་ཅིང་ཆགས།།
གཟབ་གཤར་ཡིག་གཟུགས་བྲི་བ་ལ།།
པིར་ཐོགས་དབང་བོའི་མཚན་ཐོབ་པ།།
རས་ཆུང་པྲཛྙཱ་ས་མུདྲའི།།
སྙན་པའི་གྲགས་པ་དགུང་ལ་སྙེགས།།
ལྷག་པར་ལན་ཝར་འབྲི་བ་ལ།།
གངས་ཅན་ལྗོངས་འདིར་ཁྱེད་དང་འདྲ།།
ཁྱེད་ཉིད་ཁྱེད་དང་འདྲ་བ་ལས།།
མཚུངས་པ་འཇིག་རྟེན་ཁྱོན་འདིར་དབེན།།
བསྙེན་མཚམས་རྟེན་བཞེངས་རྩོམ་སྒྱུར་དང་།།
ཤན་སྦྱར་སྐུང་ཡིག་ལ་སོགས་པའི།།
རླབས་ཆེན་མཛད་པ་མཐའ་ཡས་པས།།
རྫོགས་པར་རྗོད་པ་སུ་ཡིས་སྤོབས།
དབང་ལུང་མན་ངག་ཆུ་བོའི་རྒྱུན།།
བརྩོན་པ་ཁེམ་གྱིས་ལེགས་དྲངས་ནས།།
སྐལ་བཟང་འཛིན་མའི་ཞིང་ས་རུར།།
ཐུགས་རྗེ་བརྩེ་བས་འགྲེམས་ལ་གུས།།
འདྲེན་མཆོག་ཉི་ཟླའི་སྣང་བ་ཆེ།།
སློབ་བུ་ཁྲི་མ་འབུམ་གྱི་ཚོགས།།
མིག་ལོང་མུན་པར་བསྐྱུར་ནས་ནི།།
བཞུད་པ་བརྩེ་བས་བཟོད་ལགས་སམ།།
ཐུབ་བསྟན་མར་མེ་ཆེས་ཕྲ་ཞིང་།།
འགལ་རྐྱེན་འཚུབས་མས་གཡོ་བ་ལ།།
ཐབས་འཕྲུལ་ཡོལ་བ་ཞན་པའི་སྐབས།།
ཐུགས་རྗེས་ཐབས་མཁས་མི་གཟིགས་སམ།།
མཁའ་མེའི་ས་འཛིན་འཕྲེང་བ་ལ།།
རྒྱ་མཚོའི་མེ་ཏོག་འཛུམ་པའི་གཞིར།།
མན་ངག་ཆར་ཆུ་དབེན་པའི་དུས།།
ལྷག་བསམ་ཆུ་འཛིན་མི་འཁྲིགས་སམ།།
ཆོས་ལས་སྲིད་གཉེར་བསྟན་བདག་མཛད།།
འཆད་རྩོད་རྩོམ་ལ་དམའ་འབེབས་ཤིང་།།
ཆོས་དོན་གཉེར་ལ་སྡང་བའི་དུས།།
ཐུགས་རྗེ་གཟིགས་པ་མི་མཛད་དམ།།
ཤེས་རིག་འབྲས་བུ་དབེན་པའི་ལྗོན།།
གྲིབ་བསིལ་དགོན་པས་སྐམ་ཡང་རུང་།།
ཐབས་འཕྲུལ་དཔལ་ཡོན་ཕྲ་བའི་སྐབས།།
ཐུགས་རྗེ་གྲུ་ཆར་མི་འབེབས་སམ།།
ཤེས་མེད་འཁོར་འབངས་ཤིན་ཏུ་ཆགས།།
མཛངས་མིན་མཛངས་ལས་བྱེད་པའི་དུས།།
བསྟན་ལ་གཅིག་ཏུ་རབ་བརྩོན་པའི།།
བཤེས་གཉེན་བཟང་བོ་ཅིས་མི་དྲན།།
ཡུམ་མཆོག་ཤེར་ཕྱིན་བརྒྱད་སྟོང་བ།།
རིན་ཆེན་གསེར་གྱི་ཐིགས་པ་ཡིས།།
སུམ་བིད་བྱས་ནས་འབྲི་བ་དེ།།
མཇུག་མཐར་མ་ཕྱིན་གང་དུ་ཕེབས།།
རིན་ཆེན་གསེར་གྱི་གང་བུ་དེ།།
སྒྲོ་སྐུར་ཚིག་གིས་བསླད་པ་དང་།།
ཚིག་སྦྱོར་གོས་ཧྲུལ་ངན་པ་ཡིས།།
གསལ་མི་ནུས་པས་གསལ་བར་བྱས།།
རླབས་ཆེན་མཛད་བཟང་ཤུལ་བཞག་པས།།
ཞིང་ཁམས་གང་དུ་ཕེབས་ཀྱང་རུང་།།
བདག་ཅག་སློབ་བུ་ཡོངས་ཀྱི་མགོན།།
རིང་མིན་མྱུར་དུ་འབྱོན་པའི་རྟགས།།
བསླུ་མེད་སྐྱབས་གནས་དམ་པའི་དཔལ།།
འདྲེན་མཆོག་དཔལ་ལྡན་བླ་མ་མཆོག།
ཐུགས་རྗེ་ཆུ་འཛིན་གུར་ཁང་ནས།།
བྱིན་རླབས་སྦྲང་ཆར་སྩོལ་ཅིག་གུ།།
སརྦ་མངྒ་ལཾ། །དགེའོ།། །།
དམ་པ་གང་གི་ཞབས་རྡུལ་ཡུན་རིང་བསྟེན་པའི་གྱི་ན་བ་དམུ་དགེ་རྨད་བྱུང་རྒྱ་མཚོས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
ཨོཾ་ཨཱཿ གུ་རུ་བཛྲ་དྷ་ར་པྲཛྙཱ་ས་ར་ཤྲཱི་བྷདྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ།
དམ་ཆོས་མང་ཐོས་ཆུ་འཛིན་རབ་ཏུ་དཀྲིགས།།
འཆད་པ་རྔ་གསང་སྟོང་གི་སྒྲ་བརྒྱ་ལྡིར།།
སྡེབ་སྦྱོར་ལེགས་པའི་འཛུམ་མདངས་ཀུན་ནས་རྒྱས།།
མཚུངས་མེད་དཔལ་ལྡན་བླ་མ་གཙུག་ན་རྒྱལ།།
མཚན་དཔེའི་མེ་ཏོག་གསེར་དེའུ་སྤང་ནས་བཞད།།
ཐ་སྙད་གཙུག་ལག་ཁ་བའི་ལྗོངས་ནས་བསླབ།།
མཁས་པའི་གྲགས་པ་ཕྱོགས་བཞིའི་གླིང་ལ་ཁྱབ།།
རླབས་ཆེན་མཛད་རྗེས་གཙུག་ལག་ཁྲོད་དུ་བཞག།
གང་སྐུའི་ཞལ་གྱི་བུམ་བཟང་ལས།།
ལེགས་བཤད་བདུད་རྩིའི་ཉིང་ཁུ་ཆེ།།
རྣམ་དཔྱོད་ཧུབ་ཀྱིས་ལེཊ་བརྔུབས་པས།།
ཐོན་མི་གཉིས་པའི་ཁུར་ཆེན་བཞེས།།
རྟག་ངུས་ཆོས་འཕགས་བསྟེན་པ་ལྟར།།
ལུས་ངག་ཡིད་གསུམ་བླ་མའི་བྲན།།
དད་འདུན་གཙང་མས་ལེགས་ཕུལ་ནས།།
བཀའ་བཞིན་མཆོད་པས་མཉེས་པར་མཛད།།
བརྩོན་པ་ས་འཛིན་རི་བོའི་སྤོར།།
སྟངས་སྟབས་གར་གྱི་རོལ་བ་ཡིས།།
འཇིགས་མཛད་རྡོ་རྗེའི་སྐུར་བཞེངས་ནས།།
རྣལ་འབྱོར་བསྐྱངས་པའི་སེམས་དཔར་འདུད།།
ཆེར་སྙིགས་བསྟན་འགྲོའི་ཕན་བདེའི་ཆེད།།
རྡོ་རྗེ་ཐེག་པའི་ལམ་ཞུགས་ནས།
གཡོ་མེད་ཏིང་འཛིན་རླབས་ཆེན་གྱིས།།
བསྟན་འགྲོའི་ཆུ་བོ་བསྐྱངས་ལ་དད།།
སྲིད་འབྱོར་འཇའ་ཚོན་མཁའ་ལ་འཕྱོ།།
ཟང་ཟིང་སྒྱུ་མའི་གཡོ་ཁྲམ་ཁྲོད།།
ཐོས་བརྩོན་ལས་ལ་རབ་གཞོལ་བ།།
དམ་པ་ཁྱེད་ཉིད་ལྟ་བུ་དཀོན།།
བཅུ་ཕྲག་རིག་གནས་ཀུན་གྱི་མཆོག།
མཐའ་མེད་གཞུང་ལ་འཇུག་པའི་སྒོ།།
བརྡ་སྐད་ཚུལ་ལུགས་འཆད་པ་ལ།།
མཁྱེན་པའི་ཤེས་རབ་མཁའ་ལ་གཡོ།།
སྒྲ་རིག་བསྟན་འཛིན་རྒྱུ་སྐར་ཁྲོད།།
ཟླ་གཞོན་སྟོང་གི་དགེ་མཚན་ཅན།།
འོད་བརྒྱའི་སྣང་བ་ཆེས་གསལ་བ།།
ཀུན་གསལ་མཁའ་ལ་ཤིན་ཏུ་ཉུང་།།
སྡེབ་སྦྱོར་རིག་པའི་གཞུང་ལུགས་ཆེ།།
སཱ་ལའི་ལྗོངས་འདིར་འགྲེམས་པ་ལ།།
མཁས་མང་ས་འཛིན་རི་བོའི་དབུས།།
ཟླ་ལྟར་གསལ་ལ་བརྗིད་ཅིང་ཆགས།།
གཟབ་གཤར་ཡིག་གཟུགས་བྲི་བ་ལ།།
པིར་ཐོགས་དབང་བོའི་མཚན་ཐོབ་པ།།
རས་ཆུང་པྲཛྙཱ་ས་མུདྲའི།།
སྙན་པའི་གྲགས་པ་དགུང་ལ་སྙེགས།།
ལྷག་པར་ལན་ཝར་འབྲི་བ་ལ།།
གངས་ཅན་ལྗོངས་འདིར་ཁྱེད་དང་འདྲ།།
ཁྱེད་ཉིད་ཁྱེད་དང་འདྲ་བ་ལས།།
མཚུངས་པ་འཇིག་རྟེན་ཁྱོན་འདིར་དབེན།།
བསྙེན་མཚམས་རྟེན་བཞེངས་རྩོམ་སྒྱུར་དང་།།
ཤན་སྦྱར་སྐུང་ཡིག་ལ་སོགས་པའི།།
རླབས་ཆེན་མཛད་པ་མཐའ་ཡས་པས།།
རྫོགས་པར་རྗོད་པ་སུ་ཡིས་སྤོབས།
དབང་ལུང་མན་ངག་ཆུ་བོའི་རྒྱུན།།
བརྩོན་པ་ཁེམ་གྱིས་ལེགས་དྲངས་ནས།།
སྐལ་བཟང་འཛིན་མའི་ཞིང་ས་རུར།།
ཐུགས་རྗེ་བརྩེ་བས་འགྲེམས་ལ་གུས།།
འདྲེན་མཆོག་ཉི་ཟླའི་སྣང་བ་ཆེ།།
སློབ་བུ་ཁྲི་མ་འབུམ་གྱི་ཚོགས།།
མིག་ལོང་མུན་པར་བསྐྱུར་ནས་ནི།།
བཞུད་པ་བརྩེ་བས་བཟོད་ལགས་སམ།།
ཐུབ་བསྟན་མར་མེ་ཆེས་ཕྲ་ཞིང་།།
འགལ་རྐྱེན་འཚུབས་མས་གཡོ་བ་ལ།།
ཐབས་འཕྲུལ་ཡོལ་བ་ཞན་པའི་སྐབས།།
ཐུགས་རྗེས་ཐབས་མཁས་མི་གཟིགས་སམ།།
མཁའ་མེའི་ས་འཛིན་འཕྲེང་བ་ལ།།
རྒྱ་མཚོའི་མེ་ཏོག་འཛུམ་པའི་གཞིར།།
མན་ངག་ཆར་ཆུ་དབེན་པའི་དུས།།
ལྷག་བསམ་ཆུ་འཛིན་མི་འཁྲིགས་སམ།།
ཆོས་ལས་སྲིད་གཉེར་བསྟན་བདག་མཛད།།
འཆད་རྩོད་རྩོམ་ལ་དམའ་འབེབས་ཤིང་།།
ཆོས་དོན་གཉེར་ལ་སྡང་བའི་དུས།།
ཐུགས་རྗེ་གཟིགས་པ་མི་མཛད་དམ།།
ཤེས་རིག་འབྲས་བུ་དབེན་པའི་ལྗོན།།
གྲིབ་བསིལ་དགོན་པས་སྐམ་ཡང་རུང་།།
ཐབས་འཕྲུལ་དཔལ་ཡོན་ཕྲ་བའི་སྐབས།།
ཐུགས་རྗེ་གྲུ་ཆར་མི་འབེབས་སམ།།
ཤེས་མེད་འཁོར་འབངས་ཤིན་ཏུ་ཆགས།།
མཛངས་མིན་མཛངས་ལས་བྱེད་པའི་དུས།།
བསྟན་ལ་གཅིག་ཏུ་རབ་བརྩོན་པའི།།
བཤེས་གཉེན་བཟང་བོ་ཅིས་མི་དྲན།།
ཡུམ་མཆོག་ཤེར་ཕྱིན་བརྒྱད་སྟོང་བ།།
རིན་ཆེན་གསེར་གྱི་ཐིགས་པ་ཡིས།།
སུམ་བིད་བྱས་ནས་འབྲི་བ་དེ།།
མཇུག་མཐར་མ་ཕྱིན་གང་དུ་ཕེབས།།
རིན་ཆེན་གསེར་གྱི་གང་བུ་དེ།།
སྒྲོ་སྐུར་ཚིག་གིས་བསླད་པ་དང་།།
ཚིག་སྦྱོར་གོས་ཧྲུལ་ངན་པ་ཡིས།།
གསལ་མི་ནུས་པས་གསལ་བར་བྱས།།
རླབས་ཆེན་མཛད་བཟང་ཤུལ་བཞག་པས།།
ཞིང་ཁམས་གང་དུ་ཕེབས་ཀྱང་རུང་།།
བདག་ཅག་སློབ་བུ་ཡོངས་ཀྱི་མགོན།།
རིང་མིན་མྱུར་དུ་འབྱོན་པའི་རྟགས།།
བསླུ་མེད་སྐྱབས་གནས་དམ་པའི་དཔལ།།
འདྲེན་མཆོག་དཔལ་ལྡན་བླ་མ་མཆོག།
ཐུགས་རྗེ་ཆུ་འཛིན་གུར་ཁང་ནས།།
བྱིན་རླབས་སྦྲང་ཆར་སྩོལ་ཅིག་གུ།།
སརྦ་མངྒ་ལཾ། །དགེའོ།། །།
དམ་པ་གང་གི་ཞབས་རྡུལ་ཡུན་རིང་བསྟེན་པའི་གྱི་ན་བ་དམུ་དགེ་རྨད་བྱུང་རྒྱ་མཚོས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།
